![]() |
| དོལ་པོ་སྤྲུལ་སྐུ་ཤེས་རབ་བཟང་པོའམ་ཨོ་རྒྱན་ཆོས་དབྱིངས་ཡེ་ཤེས། |
༧. མ་ཧཱ་གུ་རུའི་འགྲེལ་པ་མཚོ་རྒྱལ་ཨ་མའི་ཐུགས་ཐིག སྒྲ་ཆ་ཚང་།
༨. བར་དོ་དྲུག་གི་ངོ་སྤྲོད་ཀློང་ཆེན་ཐུགས་ཀྱི་ཐིག་ལེ། སྒྲ་ཆ་ཚང་།
༨. བར་དོ་དྲུག་གི་ངོ་སྤྲོད་ཀློང་ཆེན་ཐུགས་ཀྱི་ཐིག་ལེ། སྒྲ་ཆ་ཚང་།
༈
དོལ་པོ་སྐུ་རིན་པོ་ཆེའི་ངོ་སྤྲོད་མདོར་བསྡུས།
དོལ་པོ་སྤྲུལ་སྐུ་རིན་པོ་ཆེ་ཨྱོན་ཆོས་དབྱིངས་ཡེ་ཤེས་ཁོང་ནི།
སྤྱི་ལོ་ ༡༩༨༢ ལོར་སྐུ་བལྟམས། ༡༩༩༠
ལོར་ལོ་བརྒྱད་དང་ཟླ་བ་བཅུ་ཙམ་ལ་ཁྱིམ་ནས་གྲོས་ཏེ་བལ་ཡུལ་དུ་ཕེབས།
སྔ་འགྱུར་བསྟན་པའི་དབུ་འཛིན་གཉིས་པ་༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་ཉིན་ཆུང་སྐུ་འཕྲེང་གཉིས་པ་ཨོ་རྒྱན་ཆོས་བཟང་གི་ཡང་སྲིད་དུ་ངོས་འཛིན་མཛད།
དེ་རྗེས་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དུ་སྔ་འགྱུར་བསྟན་པའི་དབུ་འཛིན་གསུམ་པ་༧སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་གཙོ་བོར་བསྟེན།
གཞན་ཡང་དགེ་བའི་བཤེས་གཉེན་དུ་མ་ལས་ལོ་བཅུ་དྲུག་རིང་གསན་བསམ་གོམ་པ་རིམ་འཛེག་གིས་ཕྱག་བཞེས་འཕྲིན་སྒྲུབ་ཀྱི་རིགས་དང་།
འདུལ་བ། མངོན་པ། ཚད་མ། ཤེར་ཕྱིན།
དབུ་མ་སྟེ་གཞུང་བཀའ་པོད་ལྔ་གཙོ་བོར་གྱུར་བའི་མདོ་ཕྱོགས་ཀྱི་གཞུང་དང་།
སྔ་འགྱུར་ཡོ་ག་གསུམ་གཙོ་བོར་གྱུར་པའི་གསང་སྔགས་ཀྱི་གཞུང་བཅས་མདོ་སྔགས་གཞུང་ལུགས་རབ་འབྱམས་མཐའ་དག་ལ་གསན་བསམ་མཐར་ཕྱིན་པར་མཛད།
ལྷག་པར་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ནས་གནམ་ཆོས་རྫོགས་ཆེན་གྱི་སྙན་བརྒྱུད་ཀྱི་དམ་པ་གསན་བཞེས་མཛད་ནས་དུས་མཚམས་སུ་ཉམས་བཞེས་མཛད། གདན་སར་ཆེན་པོ་དེར་བཞུགས་སྐབས་གྲྭ་ཚང་དུ་རྡོ་རྗེ་སློབ་དཔོན་མཛད་པ་དང་།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གི་འཛིན་གྲྭ་གོང་འོག་མང་པོར་ཆོས་ཁྲིད་ཀྱི་དགེ་རྒན་གནང་དང་རྒྱལ་ཁབ་གང་སར་ཆོས་དང་ཚན་རིག
སྨན་པ་དང་རིག་གཞུང་སོགས་ཀྱི་མཁས་པའི་བགྲོ་གླེང་མང་པོར་གཙོ་སྐྱོང་པ་དང་གླེང་སློང་པ་གཏམ་བཤད་པ་སོགས་གནང་།
སྤྱི་ལོ་ ༢༠༠༧ ནས་རྒྱལ་ཁབ་འདྲ་མིན་ལ་ཕེབས་ནས་ཆོས་དང་ལྷག་པར་ནུབ་ཕྱོགས་མཐོ་སློབ་རྣམས་སུ་བགྲོ་གླེང་དང་ཚོགས་བཤད་གནང་བ་སོགས་འཕྲིན་ལས་རྒྱས་པའི་སྒང་ཡིན།
མ་ཟད་རང་ཡུལ་དུ་ ༡ འཕྲོད་བསྟེན་ཡར་སྐྱེད། ༢ ཁོར་ཡུག་སྲུང་སྐྱོབ། ༣
གནའ་དེང་ཟུང་འབྲེལ་ཤེས་ཡོན་གྱི་ལས་གཞི་ཆེན་པོ་གསུམ་གྱི་ཆེད་དུ་དམིགས་ཏེ། དོལ་པོ་མཁན་རིན་པོ་པདྨ་རྡོ་རྗེ་མཆོག་དང་ལྷན་དུ་དོལ་སྤྲུལ་དགེ་རྩ་ཚོགས་པ་བཙུགས་ནས་བྱ་བ་ལས་ཀྱི་འཁོར་ལོས་མཛད་པའང་སྐྱོང་བཞིན་པ་དང་དེ་དག་གི་ཆེ་དུ་འཇོར་མན།
སུ་སི་ལན། སིང་གྷ་པུར། མ་ལེ་ཤ་རྣམས་སུ་ཐེབས་རྩ་ཚོགས་པ་བཙུགས་གནང་ཡོད། ཁོང་གི་གསུང་རྩོམ་ལ་འཛམ་གླིང་ཤར་ནུབ་འགྲིམ་པའི་གསུང་བཤད།
ཉིན་རེ་མི་ཚེའི་ནང་གི་ནང་ཆོས་ཀྱི་བསླབ་བྱ་སྙིང་དོན་དང་།
གཞུང་ལུགས་ཀྱི་སྐོར་ལ་མི་ཕམ་རྒྱ་མཚོའི་ཆུ་ཐིགས་བཅས་དེབ་ཕྲེང་གསུམ་ཡོད།
ཉིན་རེ་མི་ཚེའི་ནང་གི་ནང་ཆོས་ཀྱི་བསླབ་བྱ་སྙིང་དོན་ཞེས་པ་དེ་འཇོར་མན་སྐད་ཡིག་ཐོག་འགྲེལ་སྤེལ་གནང་ཡོད།
གསུང་རྩོམ་དེ་ཡང་ཨ་མ་ཛོན་ནང་དུ་སྐབས་གཅིག་ལ་འཇར་མན་ནང་གི་ཤར་ཕྱོགས་ཆོས་ལུགས་ཀྱི་དེབ་ཨང་གཉིས་པའི་གྲས་སུ་སླེབ་ཡོད།
གཞན་ཡང་ ༢༠༡༠
ལོར་དོལ་པོ་སྤྲུལ་སྐུ་ཞེས་པའི་གནས་ཚུལ་གློག་བརྙན་དེ་འཇར་མན་དང་ཕ་རན་སི་གཉིས་སུ་ཡོངས་གྲགས་བྱུང་བ་དང་གནས་ཚུལ་གློག་བརྙན་གྱི་གཟེངས་རྟགས་མི་འདྲ་བ་བཅུ་ཐོབ་ཡོད།
ངོ་སྤྲོད་འདི་སྔ་འགྱུར་རྙིང་མའི་ཞབས་ཞུ་ཚན་ཆུང་གི་འཕྲིན་སྟེགས་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།