རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Showing posts with label རི་མོ།. Show all posts
Showing posts with label རི་མོ།. Show all posts

Thursday, 22 July 2021

ཆོས་དབྱིངས་ནུབ་རིས་མཁན་ཆེན་བཀྲ་ཤིས་ཚེ་རིང་མཆོག་གི་རྗེས་དྲན་དུ་ཆེད་བྲིས་བརྩམས་ཆོས་རི་མོ།

དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ། ཐེག་མཆོག་རྣམ་གྲོལ་གླིང་བཤད་སྒྲུབ་དར་རྒྱས་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་ཐོག་དང་པོ་ལྔའི་གྲས། བལ་ཡུལ་ཧི་མཱ་ལ་ཡའི་མི་རིགས་ཀྱི་མཁན་ཐོག་དང་པོ། བཀའ་དྲིན་མཚུངས་མེད་བཀུར་འོས་ནུབ་རི་མཁན་ཆེན་བཀྲ་ཤིས་ཚེ་རིང་མཆོག་ཞི་བར་གཤེགས་པའི་རྗེས་དྲན་གྱི་རྟེན་དུ་ཆོས་དབྱིངས་ནུབ་རི་ནས།

Saturday, 12 June 2021

སློབ་དཔོན་ཕུར་པ་ནོར་བུ་ཤར་པ་ལགས་ཀྱི་རི་མོའི་བརྩམས་ཆོས།


ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཕུར་པ་ནོར་བུ་ཤར་པ་ལགས་ནི། བལ་ཡུལ་ཤར་ཁུམ་བུར་འཁྲུངས་པ་དང་། རྒྱ་གར་ལྷོ་ཕྱོགས་མཻ་སོར་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་འཛུལ་ཞུགས་གནང་སྟེ། དེ་གའི་གཞི་རིམ་སློབ་གྲྭ་དང་མཐོ་སློབ་སོགས་རིམ་བཞིན་བསླབ་པ་མཐར་ཕྱིན་ཏེ། ད་ལྟ་ཕྱོགས་མཐའ་ཁག་ཏུ་དགེ་རྒན་གྱི་ལས་ཁུར་ཞུ་བཞིན་ཡོད་པ་རེད། ཁོང་གིས་སློབ་གཉེར་བྱེད་ཞོར་དུ་རི་མོར་སྦྱངས་པ་བྱས་ཤིང་། ད་ཆའང་ལས་ཀའི་ཞར་ཞོར་དུ་རི་མོ་འབྲི་བཞིན་པ་དང་། འདི་ལོའི་ལོ་མགོར་ཁོང་ཉིད་སྤྱི་ཚོགས་དྲྭ་ལམ་བརྒྱུད་རྒྱལ་སྤྱིའི་རི་མོའི་འགྲན་སྡུར་བའི་ནང་ཞུགས་ཏེ། འགྲན་ཞུགས་པ་མི་རྒུ་ཉིས་སྟོང་དབུས་ནས་གསེར་གྱི་རྟགས་མ་ཐོབ་འདུག

Wednesday, 17 June 2020

སློབ་དཔོན་སྲིད་ཐར་དོལ་པོ་ལགས་ཀྱི་རི་མོ་དང་སྙན་རྩོམ།

“༄།། བརྒྱུད་གསུམ་དམ་པའི་ཆུ་བོ་ཀུན་འདུས་པ།།

རང་རིག་ཆོས་སྐུར་སྤྲོད་པའི་ལམ་མཁན་མཆོག།
ཁྱབ་བདག་བདུད་འཇོམས་ཡེ་ཤེས་རྡོ་རྗེ་ལ།།
སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།”

ཅེས་པ་འདི་ནི་༧ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གང་ཉིད་ནས་ཕྱག་བྲིས་ཐམ་ག་དང་བཅས་པ་བདག་གི་ཕ་རྒན་གྱི་བསྐུལ་ངོར་གནང་བ་མ་ཟད་གདུང་སྲས་ཕྲིན་ལས་ནོར་བུར་ལོགས་སུ་དཔེ་བཤུས་བྱས་ནས་ཞོག་ཅེས་གསུངས་པ་ཕྱིས་གསུང་འབུམ་དུའང་བཀོད་ཡོད། 15/06/2020

Saturday, 25 April 2020

བལ་ཡུལ་ཧི་མཱ་ལ་ཡའི་རི་མོའི་སྒྱུ་རྩལ་བ་འགའ་དང་ཁོང་ཅག་གི་རི་མོ།

བསྟན་འཛིན་ནོར་བུ། ཝང་བླ་མ། ཚེ་རིང་བསམ་འགྲུབ། སྲིད་ཐར། ང་ཚོ་ནི་རི་མོ་ལ་དགའ། ང་ཚོ་ནི་སྒྱུ་རྩལ་ལ་གདུང་། ང་ཚོའི་ལས་དབང་པིར་རྩེ་ནས་ཤར། ང་ཚོའི་ཚོར་བ་ཚོན་མདོག་ནས་གཞུར། ང་ཚོས་ཅི་ཡང་རི་མོས་སྔོག་འདོད། སྔར་མེད་ཀྱི་ཟབ་སར་བསྙེག་འདོད།

༡. དོལ་པོའི་རི་མོ་བ་གྲགས་ཅན་བླ་མ་བསྟན་འཛིན་ནོར་བུ།