རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 31 January 2021

ཇ་ཐུན་གཅིག

ཐོད་རྒལ། སྔ་འགྱུར་མཐོ་སློབ་ཆེན་མོ།


ལོ་ཟླའི་འཚུབ་ཆ་རྒོད་པས། །
ག་འགྲོའི་ལུང་ཐག་ཆད་སོང་།།
སྟོང་ཆའི་ཆ་ཤས་མང་བས། །
ཤེས་བྱའི་འཇུག་སྒོ་དེ་ལྟར། །

པད་འབྱུང་ཁྱེད་རང་མཁྱེན་ནོ།།

སློབ་དཔོན་ཨོ་རྒྱན་ཆོས་འཕེལ།


འཁོར་འདས་དབྱེར་མེད་དབྱིངས་རིག་སྟོང་པའི་ངང་ལས།།
ཐུགས་རྗེ་མ་འགགས་རྟག་ཁྱབ་ལྷུན་གྲུབ་རིག་མདངས།།
ཞི་རྒྱས་དབང་དྲག་རོལ་པའི་དཀྱིལ་འཁོར་འཆར་པ།།
རྩ་གསུམ་ཀུན་འདུས་ངོ་བོ་ཁྱེད་རང་མཁྱེན་ནོ།།

ང་ཡི་མེས་པོ་གངས་རིའི་བཞུགས་གནས་ཅན།

གངས་སེང་དཀར་མོ། རྣམ་གྲོལ་གླིང་།


ལྷ་མི་གཉིས་ཀྱི་འདུ་ལོང་འཁྲིགས་པའི་དབུས།།
ང་ཡི་མེས་པོ་གངས་རིའི་བཞུགས་གནས་ཅན།།
དབེན་པའི་གནས་ཀྱིས་ཉམས་རྟོགས་འུར་བ་ཡི།།
མཁའ་འགྲོའི་ཞལ་མཆིད་ཐོལ་གླུ་སེང་སེང་འཐེན།།

Friday, 29 January 2021

༄༅། །གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ནང་ཚན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་མཆོག་གི་དགོངས་རྫོགས་དུས་ཆེན་དུ་སྒྲུབ་པའི་མཆོད་སྤྲིན་སྤྲོ་བ་བཞུགས་སོ།།

དགེ་བཤེས་ངག་གི་དབང་ཕྱུག


ན་མོ་བུདྡྷ་བཛྲ་དྷ་ར་ཡ།།
ས་སྐྱ་པཎ་ཆེན་ཀུན་མཁྱེན་ཀློང་ཆེན་པ།།
འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ།།
གངས་ཅན་ལྗོངས་ཀྱི་འཇམ་དབྱངས་རྣམ་གསུམ་ཞབས།།
ནམ་ཡང་གུས་པས་ཕྱག་འཚལ་སྐྱབས་སུ་མཆི།།

བླ་མ་བསྟན་ནོར་ཅུང་ཟད་གླེང་བ།

ཚེ་རིང་བླ་མ།

དོལ་པོའི་རི་མོ་བ་གྲགས་ཅན་བླ་མ་བསྟན་འཛིན་ནོར་བུ།

རྣམ་དཔྱོད་ལྷན་སྐྱེས་སུ་བཀྲ་བའི་སྐུ་ཉིད་ཀྱི་རང་ཤིས།།
རང་རྒྱུད་ལྷན་སྐྱེས་སུ་བཟང་བའི་སྐུ་ཉིད་ཀྱི་བརྩེ་སེམས།།
ལྷག་བསམ་ཟོལ་མེད་དུ་ཕྱུག་པའི་སྐུ་ཉིད་ཀྱི་མཛད་རྗེས།།
བན་ཚང་རྨོངས་པ་སེལ་བའི་ཉི་འོད་ལ་བསྟོད་དོ།།

སེམས་ཤུགས་ཀྱིས་མི་ཚེའི་རྒྱལ་ཕམ་ཐག་གཅོད་བྱེད་ངེས།

རྩོམ་པ་པོ། ཀྲང་ཀྲིན། སྒྱུར་བ་པོ། ཕྱག་རྡོར་སྐྱབས།


ཨ་མེ་རི་ཁའི་རླབས་ཆེན་གྱི་ཚན་རིག་པ་གྲགས་ཅན་ཨའེ་ཏེ་ཧྲིན་གྱིས་སྐད་ཆ་འདི་འདྲ་ཞིག་གསུངས་ཡོད་དེ། “རླབས་ཆེན་གྱི་མི་སྣ་དག་ལ་ཆེས་མངོན་གསལ་གྱི་རྟགས་མཚན་ཞིག་ཡོད་པ་ནི་བློ་རྩ་བརྟན་པོའི་སེམས་ཤུགས་ཤིག་མངའ་བ་དེ་ཡིན།” སྟོབས་ཤུགས་དང་སེམས་ཤུགས། སྙིང་སྟོབས་སོགས་གང་ལ་མཚོན་ན། སེམས་ཤུགས་ནི་མི་སྒེར་དང་ཚོགས་སྤྱི་གང་དེས་ཕུགས་བསམ་དང་འདུན་མ་མངོན་འགྱུར་འབྱུང་བའི་ལྷད་མེད་ཀྱི་བརྩོན་འགྲུས་དང་རྒྱལ་ཁ་ཡིན། ཞེས་བརྗོད་ན་ཡང་ཆོག་གོ །དེ་ནི་སེམས་ཀྱི་སྟོབས་ཤུགས་གསོན་པོར་འགྱུར་ནས་བག་འཁུམ་གྱི་བློ་ནི་ནམ་ཡང་འབྱུང་མི་སྲིད་དོ།།

Thursday, 28 January 2021

ནོར་བུ།

གླིང་ཚང་ཕྲིན་ལས་མཐར་ཕྱིན། རྣམ་གྲོལ་གླིང་།


བྲེལ་འཚུབ་ངང་ནས་རྒྱུག་ཅིང་འདུར་བ་ཡི།།
དྲི་བཞོན་རླུང་གི་སྐད་གསང་མཐོན་པོ་ཡིས།།
འཇིག་རྟེན་འདི་ན་ནོར་བུས་ཁེངས་སོ་ཞེས།།
ཚལ་གྱི་མཛེས་པ་མཐའ་དག་བསྒུལ་བར་བྱས།།

སྐུ་གདུང་མཆོད་རྟེན་ཆེན་མོ་དང་། དེའི་བྱིན་རླབས།

རྨ་འབྲོག་འཁྱམས། སྔ་འགྱུར་མཐོ་སློབ་ཆེན་མོ།


དད་པའི་ལུང་དང་ཡུ་བ།།
གཟུང་ས་འཇུ་ས་ཡོད་ན།།
བླ་མ་དམ་པའི་གམ་དུ།།
ད་ལྟ་ཉིད་རང་ཡོད་རེད།།

Wednesday, 27 January 2021

མི་ཚེ།

རྡོ་རྗེ་ཚེ་དབང་དོལ་པོ། བལ་ཡུལ་ཀཱ་ཋ་མཱཾ་ཌུ།


ཐལ་ཚུབ་འདྲེས་མའི་དུས་ཚིགས་སྐྱ་བོ་འདི་ཡིས།།
ས་གཞི་མཛེས་བ་ཡོད་ཚད་ཧྲུལ་བོར་བྱས་ཤིང་།།
མུན་པ་ནག་པོས་གཡོགས་པའི་མཚན་ལྗོངས་མོག་པོ།།
ཁྱི་ཅང་ངུ་ཟུག་བྲེལ་བའི་འཇིག་རྟེན་ཨེ་རེད།།

ཐུགས་རྗེ་རྒྱུད་བསྐུལ།

བླ་མ་ནུ་རུ་ཤར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།
 

ཀྱེ་མ། བདག་ལ་བཟང་ངན་ལས་ཀྱི་འབྲེལ་བ་ཀུན།།
ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་བྱས་ནས།།
སླར་ཡང་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ།།
སྤྲུལ་པའི་ཚུལ་གྱིས་འགྲོ་མང་འདྲེན་པར་ཤོག།

༢༠༢༡།༠༡།༡༧ ཉིན་མོའི་སེམས་ཚོར་ཞིག

ལྷག་བསམ་སྒྲོལ་མ། བཙུན་དགོན་མཚོ་རྒྱལ་བཤད་གྲྭ།
 

དེ་རིང་ཞོགས་པ་སྐད་འཕྲིན་སྒོ་ཕྱེ་སྟེ་བལྟས་པ་ཡིནརང་རེ་སྡེ་པ་གཅིག་པའི་ཚོགས་པ་ཞིག་ལ་དམར་རྟགས་ཤིག་འདུག དེ་མ་ཐག་ཏུ་གནས་ཚུལ་གསར་བ་ཅི་ཞིག་ཡོད་ན་སྙམ་སྟེ་བལྟ་བའི་སྐབས་སུབསྟི་ལིང་གི་བླ་མ་སྲི་ཐར་སྐུ་གཤེགས་ཏེ་ཐུགས་དམ་བཞུགས་འདུག ཚང་མས་ཤུལ་ལུས་གཉེན་འཁོར་རྣམཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེ་བྱེད་རོགསཟེར་བའི་ཡིག་ཐུང་ཞིག་འདུག

Sunday, 24 January 2021

ནད་ལ་སོགས་པ་ལམ་དུ་འཁྱེར་ཚུལ།

མཛད་པ་པོ། རྒྱལ་སྲས་ཐོགས་མེད་བཟང་པོ།


ན་མོ་གུ་རུ། 
བདག་གཞན་སྒྱུ་ལུས་ཀྱི་ཕུང་པོ་འདི།།
ན་ན་ན་སྟེ་ན་བས་དགའ།།
སྔར་བསགས་ཀྱི་ལས་ངན་འཛད་པ་ཡིན།།
ཆོས་སྤྱོད་ཀྱི་བྱ་བ་སྣ་ཚོགས་ཀྱང་།།
སྒྲིབ་གཉིས་སྦྱང་བའི་ཆེད་དུ་ཡིན།།

དཔྱིད་ཀྱི་དཔལ་ཡོན།

[ལོ་ངོ་ལྔའི་གོང་གི་འཛིན་གྲྭ་ལྔ་པའི་སྐབས་སུ་བྲིས་པ།] 🙂

དོལ་པོ་ཉི་བསམ། སེར་བྱེས་སློབ་གྲྭ།


དཔྱིད་ཀ་ལགས། ཁྱེད་ཀྱི་དུས་ཚིགས་འདིར་གནམ་གཤིས་ཧ་ཅང་དྲོད་འཇམ་ལྡན་ཞིང་ཉི་འོད་ས་གཞིར་འཕྲོས། དཔྱིད་ཀ་སླེབས་དུས་དཔྱིད་རླུང་རྣམས་དལ་བ་དལ་བུར་ལྡང་ཞིང་བྱ་ཁུ་བྱུག་རྣམས་ཀྱིས་གསུང་སྙན་ལྷང་ལྷང་དུ་སྒྲོག། རྩི་ཤིང་གི་ལྗང་མྱུག་རྣམས་ཀྱང་འབུས་ཏེ་དཔྱིད་ཀ་ཁྱེད་ཀྱི་དཔལ་ཡོན་ལ་རབ་ཏུ་བཞད།

Saturday, 23 January 2021

ལ་མགོའི་ཉི་འོད་དང་འདྲ་བའི་ཐུབ་བསྟན།

ཚེ་རིང་བླ་མ། དེ་རཱ་དཱུན།


ངུར་སྨྲིག་གོས་འདི་ཀླུབ་མཁན་མང་ན་ཡང་།།
བསྟན་པ་ངོ་མ་གར་སོང་མི་ཤེས་པས།།
ཤིན་ཏུ་རྒུད་པའི་དུས་ངན་ཤར་མཚམས་འདིས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

Wednesday, 20 January 2021

གང་སྦྱངས་པ་ཐམས་ཅད་རྒྱ་ཆ་ ༩༠ ཐམ་པ་དྲན་གསོ་བྱེད་ཐུབ་པའི་ཐབས་ཤེས་ཀྱི་ཁག་ཐེག

[བལ་ཡུལ་གྱི་སློབ་གསོ་བ་གྲགས་ཅན་མཁས་དབང་ཡོ་གི་ཝིཀཱཤ་ཨཱནནྡ་མཆོག་གི་ཁྱེད་བརྙན་ནམ་བརྙན་སྦུག་ནང་གི་བལ་སྐད་གསུང་བཤད་ལས་བསྒྱུར་ཏེ་ཕབ།]

སྒྱུར་བ་པོ། དོལ་ཚེ་དགའ།

མཁས་དབང་ཡོ་གི་ཝིཀཱཤ་ཨཱནནྡ་མཆོག

མཚམས་སྦྱོར།

    ཨ་མི་རི་ཀའི་རྒྱལ་ཡོངས་སློབ་ཆེན་ (National Training Laboratories Institute | NTL Institute - 1947) ཞིག་གིས། མི་རྣམས་ཀྱིས་སློབ་སྦྱོང་ཇི་ཙམ་གྱི་མགྱོགས་ནས་མྱུར་དུ་ཤེས་ཐུབ་མིན་སྐོར། འགྲོ་གྲོན་མང་པོ་བཏང་ཞིང་མི་ལོ་དུ་མ་བརྒྱུད་ནས་ཞིབ་འཇུག་བྱས་པའི་མཐར། ལོ་རེ་བཞིན་དུ་ཀུན་གྱིས་དགའ་ཞེན་ཆེ་བའི་ངང་ཁོང་ཅག་གི་གྲུབ་འབྲས་གཟེངས་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་པ་བྱུང་། ནམ་ཞིག་གི་ཚེ་ཁོང་ཚོས་«སློབ་སྦྱོང་སྦྱོང་བའི་ཐབས་ལམ་གསལ་བྱེད་ཟུར་གསུམ་རེའུ་མིག་»(Learning Pyramid)ཅེས་པ་ཞིག་ཀྱང་གསར་བཏོད་ཀྱིས་བཟོས་པ་རེད།

Monday, 18 January 2021

སྔ་འགྱུར་བསྟན་པ་རྒྱས་པའི་ཕ་ས་ནས། །ཀུན་གསལ་ཉི་མའི་མགོན་པོ་གཤེགས་འདི་སྐྱོ།།

ཚེ་དགའ་དབང་རྒྱལརྣམ་གྲོལ་གླིང་

 

དུས་ཀྱི་ལོ་ཟླ་ནག་པོ་མཁའ་ནས་འཆར།།
ཉམ་ཐག་སེམས་ཅན་བསོད་ནམས་མཐའ་ལ་ལྷུང་།།
ལས་དང་སྐལ་བ་རྫོགས་པའི་འཇིག་རྟེན་ནས།།
འགྲོ་བའི་མགོན་པོ་གཅིག་གཤེགས་གཉིས་གཤེགས་རེད།།

ཞོགས་པའི་རོལ་དབྱངས།

ནམ་སྟོད་ཤེས་རབ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ།)


མ་ཉལ་མ་ཉལ་ཡར་ལ་ལོངས་ཤོག།
ཞོགས་པའི་ལྗོངས་སུ་འཆམ་འཆམ་ཆས་འགྲོ།།
ཙན་དན་དྲི་ངད་ཐུལ་ཐུལ་བྲོ་སའི།།
ལྷོ་ཕྱོགས་ནགས་མའི་ཚལ་ལ་ཆས་འགྲོ།།

Sunday, 17 January 2021

འཕུར་ན་འདོད།

ས་ལྡང་པདྨ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ།)
ཨ་སྔོན་དབྱིངས་ཀྱི་ཐང་དཀར་རྒོད་པོ་ཁྱོད།།
གཤོག་རྩལ་གཞན་ལ་མ་ངོམས་ང་ལ་གཡོར།།
རིང་པོར་མི་འགྲོ་གངས་ཅན་བོད་དུ་ཙམ།།
རྩ་བའི་བླ་མ་མཇལ་ནས་ལོག་ལ་ཡོང་།།

སྐྱོ་བ་ཁོག་ཏུ་སྦས་མེད། །གདུང་བ་སེམས་སུ་ཉར་མེད།།

ཆོས་དབྱིངས་བསྟན་པ། འབོ་དཀར་བཤད་གྲྭ།

ཀ་བ་མེད་པའི་རྡོ་ཁང་གོག་པོ་ན།།
ཁ་ཐབས་སྐྱོ་བའི་མལ་ཆས་ཧྲལ་ཧྲུལ་གསེབ།།
ག་སར་གོ་ཆོད་མེད་པའི་གྱི་ན་བ།།
ང་རོའི་སྨྲེང་གླུ་མུར་གྱིན་ལོ་ཟླ་སྲུང་།།

Saturday, 16 January 2021

ཁ་བ་དང་ཕ་ཡུལ།

དོལ་སྨྱོན། ཧྥ་རན་སི།
 
ཁ་བ་མར་མར་འབབ་དུས། 
ངས་སྐད་ཅ་སྙན་པོ་སྙན་པོ་དེ་ཚོར་ཉན་འདོད་མི་འདུག
རྣམ་འགྱུར་མཛེས་པོ་མཛེས་པོ་དེ་ཚོ་ལའང་ལྟ་འདོད་མི་འདུག

སེམས་པ་སེམས་ཀྱིས་བླན་ཏེ་ཁ་བ་ལ་ལྷོད་ཀྱིས་བལྟས་ན།
ངས་ཕ་ཡུལ་མཐོང་ཐུབ། ཕ་ཡུལ་གྱི་རི་མགོ་དང་རི་མགོའི་ལབ་རྩེ་མཐོང་ཐུབ།

རང་ཁ་རང་སྐོར།🤔

དོལ་པོ་ཕུར་པ། (སྔ་འགྱུར་མཐོ་སློབ་ཆེན་མོ།)

གཟི་འོད་འཕྲོ་བའི་སེར་ཕིབས་འོག།
རང་སེམས་ཆོས་ལ་མ་བཀོལ་བར།།
ཟ་འདུག་ཉལ་གྱིས་བགྲོད་པ་འདིས།།
ཕུགས་ཀྱི་འདུན་མ་ཟིན་ལགས་སམ།།

Friday, 15 January 2021

༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེས་ཉིད་ཀྱིས་བཞེངས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་ཤིང་པར་དུ་ཇི་ལྟར་བཏབ་པ་དང་བཏབ་པའི་དགེ་མཚན་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ།


༈ དཔལ་ཡུལ་པར་ཤིང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་ངོ་སྤྲོད་མདོར་བསྡུས་ནི། འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ཐེག་པ་རིམ་པ་དགུ་ཡོད། དེ་ཡིན་དུས་རྒྱལ་བ་སྐུ་གསུམ་གྱི་སྟོན་པས་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་དང་ཟབ་པའི་ནང་ན་ཡང་ཐེག་པ་རིམ་དགུ་ཚང་ཞིང་ཚང་བ་ཡོད་རེད། རྒྱ་ཆེ་བའི་ཆོས་སྐོར་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་དང་ཐུན་མོང་གི་རྒྱུད་སྡེ་མང་པོ་རྣམས་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ་པ་སོགས་སྤྲུལ་ནས་གསུངས་པའི་གསུང་རབ་དག་སྡེ་དགེ་པར་ཁང་དུ་བཞུགས་ཡོད་རེད། ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཆོས་ཐེག་པ་རིམ་དགུའི་ཆོས་ཚུལ་དེ་བཀའ་མ་རེད། 

༄༅། །དཔལ་ལྡན་བླ་མ་དམ་པ་༸སྐྱབས་རྗེ་དཔལ་སྤྲུལ་ཐུབ་བཟང་རིན་པོ་ཆེའི་ཡང་སྤྲུལ་མྱུར་འབྱོན་གསོལ་འདེབས་ཁག་ཕྱོགས་གཅིག་ཏུ་བཏུས་པ་བཞུགས་སོ།།


ཐུབ་བསྟན་སྤྱི་དང་ནང་རྒྱུད་སྡེ་གསུམ་གྱི།།
བཤད་སྒྲུབ་ཆོས་ཀྱི་དཔལ་ལ་མངའ་དབང་བསྒྱུར།།
སྐལ་བཟང་སྐྱེ་དགུ་ཡོངས་ཀྱི་མགོན་གཅིག་པུ།།
ངེས་དོན་བསྟན་པའི་གསལ་བྱེད་ཁྱེད་ལ་འདུད།།

དཔལ་ལྡན་བླ་མ་དམ་པ་ཞི་བར་གཤེགས་པའི་རྗེས་དྲན་གདུང་དབྱངས།

༈ དཔལ་གསང་ཆེན་སྔ་འགྱུར་རྙིང་མ་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་ཆེན་པོ་༸སྐྱབས་རྗེ་གྱང་ཁང་ཐུབ་བསྟན་དཔལ་བཟང་རིན་པོ་ཆེ་མཆོག་སྐུ་མྱ་ངན་ལས་འདས་པའི་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་རྗེས་དྲན་སྙན་ངག་ཕྱོགས་བསྒྲིགས།
_______________________
སྐྱོ་གླུ་མིག་ཆུའི་ཕྲེང་བ། 
གནས་ངེས་མེད།
གཞི་དབྱིངས་སྤྲོས་པ་བྲལ་བའི་གནས་ལུགས་ཀྱི་ཕོ་བྲང་།།
ཟང་ཐལ་གདོད་མའི་ངང་ནས་གནས་ལུགས་ཀྱི་རང་གདངས།།
རང་བྱུང་རིག་པའི་ཆོས་ཉིད་གནས་ལུགས་ཀྱི་ཡེ་གྲོལ།།
བླ་མའི་ཐུགས་དང་དབྱེར་མེད་ཀུན་བཟང་དེ་མཁྱེན་ནོ།།

Tuesday, 12 January 2021

༈ ༸སྐྱབས་རྗེ་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་ཁྲོམ་རའི་རིག་པ་ཞེས་པའི་བརྗོད་གཞིའི་ཐོག་ལ་བསྩལ་པའི་བཀའ་སློབ།

ཉེ་ཆར་ཐེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཚོང་དོན་རིག་པའམ་ཁྲོམ་རའི་རིག་པའི་ཟབ་སྦྱོང་འཚོགས་སྐབས་སུ། ༸སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་གཙོ་བོར་གདན་དྲངས་ཤིང་། ཇི་ལྟར་གསོལ་བ་བཏབ་པའི་ངོར་ཁྲོམ་རའི་རིག་པ་ཞེས་པའི་བརྗོད་གཞིའི་ཐོག་ལ་བསྩལ་བའི་བཀའ་སློབ།

དྲྭ་རྒྱ་བརྒྱུད་ནས་གསན་གཟིགས་མཛད་མཁན་རྣམ་པ་དང་། འདི་ན་མཆིས་པའི་ཕྱག་བྱ་བའི་ཡུལ་དུ་གྱུར་པ་ཐམས་ཅད་ལ་ཐོག་མར་གུས་ཕྱག་སྔོན་དུ་བཏང་ནས། དེ་རིང་སྐད་ཆ་བཤད་རྒྱུའི་བརྗོད་གཞི་ནི། དབྱིན་ཇིའི་སྐད་ཐོག་ལ་མར་ཀེ་ཏྲིང་(Marketing)ཟེར། བོད་སྐད་དུ་གང་འདྲ་ཞིག་ཏུ་བསྒྱུར་དགོས་ཀྱི་ཡོད་མེད་ད་ལྟ་གཏན་ཁེལ་མ་སོང་། ང་ཚོས་འདིའི་སྐོར་ལ་སྐད་ཆ་བཤད་བཞིན་པའི་སྒང་ཡིན། མར་ཀེ་ཏྲིང་(Marketing)ཞེས་ཁྲོམ་རའི་རིག་པའམ་ཚོང་དོན་རིག་པ་འདིའི་ཟབ་སྦྱོང་འདི་གོ་སྒྲིག་དང་མཐུན་རྐྱེན་སྦྱོར་གནང་མཁན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ལྷན་ཁང་ལ་ཐོག་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

Sunday, 10 January 2021

དེང་གི་སྤྱི་ཚོགས།

རྩོམ་པ་པོ། མཁན་པོ་པདྨ་དབང་ཆེན།

གངས་རིའི་ཞིང་ཁམས་འདྲེ་ཡིས་འཇོང་།།
ལ་དང་ལུང་པ་བེམ་རོས་བཀང་།།
མེས་པོའི་རུས་རྐང་དོང་དུ་ལྷུང།།
ཁ་བའི་མཛེས་སྡུག་སྨག་གིས་གཡོག།

མ་མཇལ་ཐབས་མེད་ཀྱི་རྣམ་ཐར་ཞིག

རྫོང་སར་མཁྱེན་བརྩེའི་རང་རྣམ་«མཁན་པ་སྐྱེས་»བཀླགས་པའི་ཟིན་ཐོ།

རྩོམ་པ་པོ། ཨ་འདུས་པ། (སྐལ་བཟང་རྒྱ་མཚོ།)

ད་ལོ་ཏོག་ནད་ཀྱིས་རྐྱེན་པས་བདག་ལྟ་བུའི་རྒྱལ་ཁམས་པ་དག་ཀྱང་གློ་རྡེག་ཏུ་ཁག་ཆུང་གྲུ་བཞིའི་ནང་བཟང་བཙོན་ལྟ་བུར་སྡོད་དགོས་བྱུང་བ་ན། ནམ་རྒྱུན་འཛད་མཐའ་མེད་པའི་གཉིད་ཀྱང་རིམ་གྱིས་རྫོགས་ཤིང་། ལོ་ཤས་རྣམ་གཡེང་གིས་བརྗེད་ལ་ཉེ་བའི་དཔེ་ཀློག་གི་ལེའུ་དེ་ཡང་བསྐྱར་དུ་འགོ་མི་འཛུགས་ཀ་མེད་གྱུར། དེ་ནི་བརྩོན་འགྲུས་ཀྱིས་བསྐུལ་བས་མ་ཡིན་པར། དཀའ་སྡུག་གི་ལོ་ཟླ་འདིའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་སླད་དམིགས་པ་ཞིག་རེད།  

Saturday, 9 January 2021

ལྷོ་གོ་ཆའམ་ཀུན་བཟང་ཉི་མའི་ཆེད་འགོད་སྙན་ངག་གསུམ།

ལོ་ནག་དང་ཁ་གཡང་།
ནད་ཡམས་ཀྱིས་བཙིར་བའི་ཉིས་སྟོང་ཉི་ཤུ་ལགས།
ད་ནས་ཁྱོད་ལ་བདེ་མོ་འཇོག
མི་ཡུལ་ལ་ཁྱོད་ཀྱིས་བཞག་པའི་རྨ་ཤུལ་དག
གཤག་བཅོས་ཐེངས་གཅིག་གི་སྐྱ་ཐིག་ཡིན་སྲིད་མོད།

[གཏམ་གྱི་འགོ་མ།] «ཕྱི་ལོ་ ༢༠༢༠ འདི་ང་ལ་མཚོན་ན་གཟི་བརྗིད་དང་ལྡན་པ་ཡིན།»

རྩོམ་པ་པོ། སྡེ་དགེ་སྐལ་བཟང་། (ཆུ་ཁ་ཚང་།)
ཕྱི་ལོ་ ༢༠༢༠ འདི་འགའ་ཤས་ཀྱིས་ཟེར་ན་ལོ་ངན་ཞིག་རེད་ཟེར། ཡང་འགའ་ཤས་ཀྱིས་ཟེར་ན་ལོ་བཟང་ཡིན་ཟེར། གང་ལྟར་མི་རེ་རེ་ལ་རྒྱུ་མཚན་དང་གནས་ལུགས་རེ་རེ་འདུག་པས། ཚང་མ་ལ་བདེན་ཁ་འདུག་ཟེར་ནས་ཞུ་རྒྱུ་ཡིན། རྒྱུ་མཚན་དེ་དག་ལས་གང་རྟོགས་སོང་ཟེར་ན། མི་སོ་སོའི་བསམ་བློ་གཏོང་སྟངས་དང་ལས་ཀ་ལས་སྟངས། མདོར་ན་བལྟ་བ་ལངས་ཕྱོགས། ཆ་ཚང་གཅིག་པ་མ་ཡིན་པ་ཞིག་དང་། ཆ་ཚང་གཅིག་པ་མི་ཡོང་བ་ཞིག་ར་སྤྲོད་གསལ་པོ་བྱུང་སོང་བས། དེ་ཡང་ཕྱི་ལོ་ ༢༠༢༠ ཡིས་ང་ལ་གནང་བའི་བློ་བསྐྱེད་ཅིག་ཡིན་བསམ།

Thursday, 7 January 2021

«བཞི་ཤད།» [ ། ། ། ། ]

རྩོམ་པ་པོ། བསྟན་འཛིན་ཆོས་འཕེལ།

སྟོང་ལོ་ཉི་ཤུའི་གྲིབ་མའི་ཕ་རོལ་ན།།
མུན་པ་ཟས་སུ་ཟ་བའི་འོ་དོད་དེ།།
དོ་དགོང་གཉིད་པའི་རྨི་ལམ་བསྐྱུར་བ་ན།།
སྣང་བ་ལྷང་ལ་ཕུད་པའི་དགོད་ཅིག་འཛུམ།།

Wednesday, 6 January 2021

རྐྱེན་ངན་གྲོགས་ཤར་གྱི་ལོ།

རྩོམ་པ་པོ། ཨ་ཁུ་སྟོན་པ།
࿑ བྱམས་བརྩེའི་བདག་ཉིད་སྟོན་མཆོག་ཐུབ་པའི་དབང་།། 
འགྲན་གྱི་ཟླ་མེད་ཨོ་རྒྱན་སྤྲུལ་པའི་སྐུ།།
བསྟན་འགྲོའི་དཔལ་མགོན་རྒྱ་བོད་མཁས་སྒྲུབ་རྣམས།།
དབྱེར་མེད་རྗེ་བཙུན་བླ་མས་དགེ་ལེགས་སྩོལ།།

ཕྱི་ལོ་ ༢༠༢༠ འདི་ནི་ང་མཚོན་ན་བཀྲ་ཤིས་པའི་ལོ། དོན་གྲུབ་པའི་ལོ། བློ་ཆོས་དང་མཐུན་པའི་ལོ་ཡིན། 

Friday, 1 January 2021

༸སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་ལྔ་པ།


མི་འགྱུར་བདེ་བ་ཆེན་པོའི་དབྱིངས་ཉིད་ལས།།
སྒྱུ་འཕྲུལ་རྡོ་རྗེའི་གར་ལ་དབང་མཛད་ཅིང་།།
ཆེ་དགུ་ཟིལ་གྱིས་གནོན་པའི་གཟི་བྱིན་ཅན།།
མི་ཤིགས་རྡོ་རྗེའི་ཁམས་སུ་རྟག་བརྟན་གསོལ།།
------› སློབ་དཔོན་ཚུལ་ཁྲིམས་ཟླ་བ།

༸སྐྱབས་རྗེ་གྲུབ་དབང་པད་མ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་བཞི་པ།

[༡]

«ཉི་གཞོན་དབང་པོའི་འཁྲུངས་སྐར་བསུ།»
-------› ནུབ་རི་མི་ཕམ་རྣམ་རྒྱལ།

ཡང་སྤྲུལ་ཡིད་བཞིན་ནོར་བུ།།
སཱ་ལའི་ལྗོངས་སུ་ཕེབས་ཏེ།།
འཁྲུངས་པའི་གཏམ་བཟང་ཉིན་མོ།།
གང་དུ་སོང་ཡང་མི་བརྗེད།།

༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དགུ་རུ་ལོན་པའི་བསྟོད་རྩོམ་སྙན་ངག་ཆེད་བཀོད། སྡེ་ཚན་གསུམ་པ།


[༡]

རྣམ་དག་སྒྲིབ་གཉིས་བྲལ་བའི་མཁའ་ཀློང་ནས།།
སྙིང་རྗེའི་འོད་ཀྱིས་རྒྱན་པའི་བསིལ་ཟེར་ཅན།།
བོད་ཡུལ་ཁ་བ་ཅན་གྱི་རྩེ་མོ་ནས།།
མགོན་དུ་ཕེབས་པའི་ཉིན་མོར་དགའ་བསུ་ཞུ།།