«ཡང་བསྐྱར།»
ཨ་མ་ལགས།དེ་རིང་བུ་ང་།མཆོད་རྟེན་མཇལ་སྐོར་སོང་བའི་ལམ་ཟུར་ན།ཨ་མ་རྒས་མོ།དཔྲལ་བར་གཉེར་མས་གང་བ།ཕྱག་གཡས་མ་ཎི་ལག་འཁོར་ཐོགས་པ།ཕྱག་གཡོན་ཤེལ་གྱི་ཕྲེང་བ་འཛིན་པ།དགྱེས་ཞལ་འཛུམ་གྱིས་ཁེངས་པ་ཞིག་གིས།ང་ལ། འཛུམ་མུལ་མུལ་ངང་།ཨ་མ་ལགས།དེ་རིང་མོའི་གུས་ཞབས།
འཛུམ་བག ཤེལ་ཕྲེང་། ལག་འཁོར། གཉེར་རིས་དག་གིས།བུ་ང་ལ། ཨ་མ་ཁྱེད་རང་ཡང་བསྐྱར་དྲན་དུ་བཅུག་སོང་།དེ་རིང་གི་རྒས་མོ་ནི། མིག་ལ་མཛེས་པ། སེམས་ལ་བབས་པ།ཁྱེད་དང་འདྲ་བའི་ཁྱད་ཆོས་མང་བ།བུ་ངས་ཇི་ལྟར་བལྟས་ཀྱང་། ཇི་ལྟར་དཔྱད་ཀྱང་།ཁྱེད་གཉིས། ཐུན་མོང་ནས་ཧ་ཅང་འདྲ་ལ།ཁྱེད་གཉིས། ཐུན་མོང་ནས་ཧ་ཅང་མཛེས་བྱུང་།ཨ་མ་ལགས།དོ་ནུབ་ཀྱི་མཚན་མོའི་ལྷིང་ལྗགས་འདི་ན།སྤྲིན་མེད་ཀྱི་མཁའ་དབྱིངས་དྭངས་པ་ལ།བཅོ་ལྔའི་ཟླ་བའི་འོད་སྣང་ཁྲོད།སྒྱུ་སྐར་གྱི་ཕྲེང་བ་མངོན་པར་བཀྲ་བའི་འོགགཡས་གཡོན་ནས་ལྷོ་རླུང་ལྡང་སར།ལེ་དབར་སྟོང་གིས་ཆོད་པའི་ཨ་མ་ཁྱེད།དེ་རིང་ཡང་བསྐྱར། ཡིད་ལ་ལྷང་ལྷང་དྲན་བྱུང་།ཨ་མ་ལགས།བུ་ངའི་ཡིད་སེམས་ཁྱེད་ལ་འཁོར་ཞིང་།དོ་ནུབ་ཀྱི་དུས་ཚོད་སྙན་ངག་ལ་ཕུལ་བས།སྙན་ངག་གི་ཤོག་དཀར་ངོས།ང་ཡི་སོར་རྩེ་དང་། སྙན་ངག་ཀྱི་སྨྱུག་རྩེ་ལས།ཁྱེད་ཀྱི་སྣང་བརྙན་ལྷང་ལ་བུད་བྱུང་། དྲན་དུ་བཅུག་སོང་།༠༡།༠༣།༢༠༢༡
«རོལ་དབྱངས་ཁྲོད་ཀྱི་སྙན་ངག་ཚིག་གསུམ།»
དཔྱིད་ཀར་མེ་ཏོག་བཞད་དུས།མེ་ཏོག་ཁྲོད་ནས།བུང་བས། སྦྲང་རྩི་རྙེད་པ་བཞིན།རོལ་དབྱངས་སྙན་མོ་འདི།རྣ་བར་ལྷུང་དུས།རོལ་དབྱངས་དེའི་ཁྲོད་ནས།བུ་ངས། ཨ་མ་དང་། དེའི་བརྩེ་བ།རང་བྱུང་ཁམསདང་། དེའི་མཛེས་སྡུགངའི་སེམས་དང་། དེ་ལ་བདེ་བ་ཞིག་ཀྱང་རྙེད་འོང་།ཡང། སེམས་ཀྱི་ཟུར་ཞིག་ནས། རོལ་དབྱངས་དེའི་ཁྲོད་ན།ཀུན་གཞིའི་གཏིང་དུ་ལྷུང་བའི།དྲན་གདུང་གིས་མནར་བའི་སེམས་ཤིག་དང་།དེའི་ན་ཟུག དེའི་སྐྱོ་བ། དེའི་སྡུག་བསྔལ།དེའི་བརྩེ་བ་གསོན་པོ་སོགས་ཀྱང་ཚོར་འོང་།མདོར་ན། རོལ་དབྱངས་འདི་དང་ལག་གདང་སྦྲེལ་ཏེ།སེམས་པས་གར་གྱི་ལྷ་མོའི་སྐུ་རུ་བཞེངས་དུས།བུ་ངས། བར་སྣང་ལ་འཕུར་ཐུབ་ལ། ས་ལ་འཛུལ་ཐུབ།བུ་ངས། རོལ་དབྱངས་འདིའི་ལམ་ནས།འཇིག་རྟེན་གྱི་ཡོད་ཚད་མཐོང་ཐུབ་ལ།འཇིག་རྟེན་གྱི་ཡོད་ཚད་མྱོང་ཐུབ།རོལ་དབྱངས་ཀྱི་ལམ་ནས། བུ་ངས།འཇིག་རྟེན་གཞན་ཞིག་ཏུ་བགྲོད་ནུས་པ་ནི།བདག་ཉིད་གཅིག་པུས་ཤེས་པ་ལས།གཞན་ལ་འགྲེལ་བརྗོད་དཀའ་སོང་།འགྲེལ་བརྗོད་དཀའ་སོང་།།༡༨།༠༢།༢༠༢༡
«འཇིགས་སྣང་ཡལ། སྤོབས་པ་སྐྱེས།»
ཀོ་རོ་ན་ཡི་འཇིགས་སྣང་སེམས་ལ་བཞུགས་པ་ནས།མི་འདོད་བཞིན།རང་ཤག་གྲུ་བཞི་ནང་།ཨུ་ཚུགས་ཀྱིས།ཨོང་དོ་ས་ལ་ཕབ།ལག་གཉིས་ཐལ་མོ་སྦྱར་ཏེ།བླ་མ་དཀོན་མཆོག་བོས་པ་ནི་ལན་གཅིག་ག་ལ་ཡིན།ནད་ཡམས་དེའི་འཇིགས་སྐུལ་འོགཉི་མ་རེ་རེར།སེམས་ནང་ཞེད་སྣང་གིཡལ་ག་རྒྱས་དུས།ཁ་ནས་གཟུངས་སྔགས་འདོན།སེམས་ནས་བླ་མ་བསྒོམས།ལྷ་བོས། ཀླུ་བོས་སོགས།ཡོད་དགུ་ལ་གསོལ་བ་བཏབ་སྟེ།ལོ་དང་ཟླ་བ་རིམ་བཞིན་འདས།ལོ་དང་ཟླ་བ་རྫོགས་རྗེས།རང་ཉིད་ལ།ནད་ཡམས་དེས།གནོད་པ་དང་། འཚེ་བ་མ་བྱུང་བས།སེམས་ནང་གི་ཞེད་སྣང་དེའང་།ལག་ཐིལ་སྟེང་གི་ཁ་བ་ལྟར།རིམ་བཞིན་ཡལ།འཇིགས་སྣང་ཡལ། སྤོབས་པ་སྐྱེས།འཆར་གཞི་མེད་པར།ཟང་ཟིང་གི་གྲོང་ཁྱེར་ནས།ཀྱག་ཀྱོག་གི་ལམ་བུ་དེད་དེ།ང་རང་། དེ་རིང་། ཁེར་རྐྱང་ངང་།མཐའ་མེད་ཀྱི་རྒྱ་མཚོའི་མཐའ་ལ་འབྱོར་ཡོད།མིག་ཆུང་གི་མིག་གི་རྒྱལ་མོས།རྒྱ་མཚོ་ཆེན་མོ་རླུང་བུ་ཡིས།གཡོ་སྒུལ་བཏང་སྟེ།རྦ་རླབས་དཀར་པོ།ལྡོག་མེད་དུ།མཚོ་མཐར་སྐྱོམ་པ་མཐོང་དུས།མཚོའི་མཐར། རླང་བུ་ལྡང་སར།སེམས་པ་རླུང་དང་འདྲེས།ཡུན་རིང་ནས།སེམས་ནང་འཁྱིལ་བའི་སུན་སྣང་གིམཚོ་མོ་དེའང་། མཚོའི་རླབས་བཞིན།ལྷན་ཅིག་ཏུ། རླུང་བུ་དེས།འདེད་ན་བསམ།རེ་བ་བྱེད། རེ་བ་བྱེད།༡༡།༠༢།༢༠༢༡
_______________
རྩོམ་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།



No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།