དགེ་བཤེས་ཡར་ལོངས།
༄༅། །ཆབ་སྐོལ་ཚ་པོ་བཞེས་པ་དེས་ཁྱེད་རང་གི་མིད་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཏོག་དབྱིབས་གཉན་སྲིན་ནི་ཁྱེད་རང་གི་སྣ་རུས་ཀྱི་རྒྱབ་ཏུ་ཉིན་བཞི་ནས་ལྔ་བར་གབ་ནས་སྡོད་ཀྱི་ཡོད་སྟབས། ཆབ་སྐོལ་ཚ་པོ་བཞེས་པ་དེ་གནས་དེར་སླེབས་ཐུབ་ཀྱི་མེད། ཏོག་དབྱིབས་གཉན་སྲིན་སྣ་རུས་ཀྱི་རྒྱབ་ཏུ་ཉིན་བཞི་ནས་ལྔའི་བར་གབ་ནས་བསྡད་རྗེས་གློ་བའི་ནང་སླེབ་ཀྱི་ཡོད། དེས་དབུགས་འབྱིན་རྔུབ་བྱེད་པར་འགོག་རྐྱེན་བཟོ་ཡི་ཡོད། དེར་བརྟེན་རླངས་པ་རྔུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། རླངས་པ་དེ་ཁྱེད་རང་གི་སྣ་རུས་ཀྱི་རྒྱབ་ཏུ་ཡང་སླེབ་ཐུབ་ཀྱི་ཡོད།
གལ་ཏེ་ཁྱེད་རང་གིས་ཏོག་དབྱིབས་གཉན་སྲིན་རྩ་མེད་གཏོང་འདོད་ཡོད་ན། ཁྱེད་ཀྱིས་རླངས་པ་རྔུབ་རྒྱུ་འགོ་འཛུགས་དགོས། འདིས་སྣ་རུས་རྒྱབ་ཏུ་གབ་པའི་ཏོག་དབྱིབས་གཉན་སྲིན་གསོད་ཐུབ། ཆུའི་ཚ་ཚད་ 50'C ཡིས་ཏོག་དབྱིབས་གཉན་སྲིན་གྱི་ནུས་པ་བཅོམས་ཏེ་གཟའ་རོ་ལྟ་བུ་བཟོ་ཐུབ་ཀྱི་ཡོད། ཆུའི་ཚ་ཚད་60'c ཡིས་ཏོག་དབྱིབས་གཉན་སྲིན་ནུས་པ་ཧ་ཅང་ཞན་པོར་གཏོང་ཐུབ་ཀྱི་ཡོད་སྟབས། མི་ཡོད་ཚད་ཀྱི་ནད་འགོག་མ་ལག་གིས་ཁ་གཏད་གཅོག་ཐུབ་ཀྱི་ཡོད། ཆུའི་ཚ་ཚད་ 70'C ཡིས་ཏོག་དབྱིབས་གཉན་སྲིན་རྩ་མེད་གཏོང་ཐུབ་ཀྱི་ཡོད། འདི་ནི་རླངས་གདུག་གི་དགེ་མཚན་རེད།
མི་མང་འཕྲོད་བསྟེན་ལྷན་ཁང་ཕལ་མོ་ཆེས་གནས་ལུགས་འདི་ཤེས་ཀྱི་ཡོད། མི་ཚང་མས་ནད་ཡམས་ལས་གྲོལ་བའི་ཁེ་ཕན་ཐོབ་འདོད་ཡོད་ཀྱང་། མི་མང་འཕྲོད་བསྟེན་ལྷན་ཁང་དེ་དག་གིས་གནས་ལུགས་འདི་ཚང་མར་ཤེས་སུ་འཇུག་གི་མེད། སུ་རུང་ཁྱིམ་དུ་དལ་སྡོད་བྱེད་ཀྱི་ཡོད་ན་ཉིན་རེར་རླངས་གདུག་ཐེངས་རེ་གནང་དགོས། གལ་སྲིད་ཁྱེད་རང་ཁྲོམ་ལ་བཟའ་བཅའ་དང་ཚལ་སོགས་ཉོ་བར་ཕེབས་དགོས་ཀྱི་ཡོད་ན། ཉིན་རེར་རླངས་པ་གདུག་ཐེངས་གཉིས་རེ་བྱོས། སུ་རུང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་ལ་མ་ཕེབས་ཐུ་མེད་གྱུར་ཚེ། ངེས་པར་དུ་ཉིན་རེར་རླངས་པ་ཐེངས་གསུམ་རེ་རྔུབ་དགོས།
སྨན་པའི་ལམ་སྟོན་ལྟར་ན། ཁ་སྣ་གཉིས་བརྒྱུད་དེ་རླངས་པ་རྡུབ་པ་ཡིན་ན་ཏོག་དབྱིབས་གཉན་སྲིན་རྩ་མེད་གཏོང་ཐུབ་ཟེར། གཟའ་འཁོར་གཅིག་རིང་མི་ཚང་མས་དུས་མཉམ་དུ་རླངས་གདུག་བྱེད་ཐུབ་པ་ཡིན་ན། རིང་པོར་མ་ཐོགས་པར་ཏོག་དབྱིབས་གཉན་སྲིན་རྩ་མེད་གཏོང་ཐུབ། བསམ་ཚུལ་ཞུ་རྒྱུ་ཞིག་ལ་ང་ཚོ་ཚང་མས་གཟའ་འཁོར་གཅིག་རིང་སྔ་དགོང་གཉིས་ལ་སྐར་མ་ལྔ་རེ་རླངས་གདུག་བྱ་རྒྱུ་ལག་ལེན་ལ་འགེལ་ཐུབ་ན། ཏོག་དབྱིབས་གཉན་སྲིན་རྩ་མེད་གཏོང་ཐུབ་ལ་འདིར་ཞོགས་སྐྱོན་ནམ་ཟུར་ཕོག་རྩ་བ་ནས་མེད་པ་མ་ཟད་འགྲོ་སོང་གཏོང་དགོས་ཀྱི་མེད།
གནས་ཚུལ་འདི་རང་གི་དགའ་ཉེ་སྤུན་མཆེད་དང་། གྲོགས་པོ་གྲོགས་མཆེད། ཁྱིམ་མཚེས་སོགས་ཚང་མ་ལ་རྒྱ་གང་ཆེར་འགྲེམ་སྤེལ་གནང་རོགས། དེ་ལྟར་བྱུང་ན་འཛམ་གླིང་འདིའི་སྟེང་ནས་ཏོག་དབྱིབས་གཉན་སྲིན་རྩ་མེད་གཏོང་ཐུབ་པ་མ་ཟད། སླར་ཡང་འཛམ་གླིང་འདི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་ལ་སླར་གསོ་བྱེད་ཐུབ།
སྨན་པ་ཨན་ཨན་ཀ་ནབ་པ་ཡིས་རྒྱ་གར་གྱི་གྲོང་ཁྱེར་བཅོམ་བརླག་གམ་མ་ཐུ་རའེ་ནས། །དགེ་བཤེས་ཡར་ལོངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༡༨ ལ་ཕབ་སྒྱུར་ཞུས་པ་འདིས་འགྲོ་ལ་ཕན་པའི་རྒྱུར་གྱུར་ཅིག།
ཏོག་དབྱིབས་གཉན་སྲིན་དང་འཐབ་འདོད་ན།
ཆུ་འཁོལ་མང་ཙམ་བཞེས་ལ།
སྨན་སྦྱོར་བྱས་པའི་ཆུ་འཁོལ་གྱི་རླངས་པ་མུ་མཐུད་རྔུབས།
དེ་བཞིན་སྔ་དགོང་རྒྱུན་དུ་ཉི་མར་ལྡེ་རྒྱུའང་གལ་ཆེ།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-རླངས་པ་རྔུབ་ན་ཁྱེད་རང་ཏོག་དབྱིབས་གཉན་སྲིན་ལས་སྐྱོབ་ཐུབ་བམ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།