རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 30 June 2021

ཕ་རྒོད་ཆེད། །མ་མཆོག་སྐུལ། །

དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར།


ཀ་བསྟོད་ཀྱི། །ཁ་འདོན་ཞིག །
ག་ཤལ་ལྟར། །ང་ཡིས་བསྒྲིགས། །

Sunday, 27 June 2021

སྒྲོན་མེ་སེར་པོ་ཁྱེད་ལ་སྒུག

ནུབ་རི་བ་པདྨ་མཚོ་མོ། ཤུག་གསེབ་དགོན།


བདག་སེམས་ཀྱི་སྒྲོན་མེ་སེར་པོ།
ཁྱེད་ནམ་ཞིག་ངེད་ཀྱི་འཇིག་རྟེན་ན་འོད་སྣང་སྦྱིན་ནམ།
ངས་ཁྱེད་ཉིད་དྲན་གྱིས།
ཁྱེད་མེད་པས། ངའི་མི་ཚེར་བྱམས་བརྩེ་ཡི་དྲོད་འཁོལ་མེད་ལ།
ཁྱེད་མེད་པས། ངའི་ཡོད་ཚད་ནས་ཡོད་ཚད་མུན་ནག་ཞིག་ལས།
མཛེས་སྡུག་གི་འོད་སྣང་ག་ལ་ཡོད།

Saturday, 26 June 2021

ངེས་དོན་གྱི་རྒྱལ་སྲས་ཆེན་པོ།

སྡེ་དགེ་སྐལ་བཟང་། 


རིགས་གསུམ་སྒྱུ་འཕྲུལ་གར་གྱིས་བསླུ་མཛད་པ།།
ངེས་དོན་བསྟན་པའི་གཙུག་གི་མེས་དབོན་ཁྱེད།།
སྐབས་བབས་ས་གསུམ་གཡོ་བའི་བ་དན་གྱི།།
སྐུ་གསུམ་ལྷུན་གྱིས་བལྟམས་པའི་འཁྲུངས་སྐར་བསུ།།

Thursday, 24 June 2021

འཛམ་གླིང་སྤྱི་བསང་།

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ། སྔ་འགྱུར་མཐོ་སློབ་ཆེན་མོ།


སྐྱབས་འགྲོའི་ཤིང་སྣ་སྨན་སྣ་རི་ལྟར་སྤུངས།།
བྱང་ཆུབ་སེམས་ཀྱི་ཕུད་སྐྱེམས་མཚོ་ལྟར་བཤམ།།
ཡང་དག་ལྟ་བའི་མེ་ལྕེ་ཆེར་འབར་ནས།།
འགྲོ་ཀུན་རྒྱུད་ཀྱི་མི་གཙང་དག་གྱུར་ཅིག།

Tuesday, 22 June 2021

དྲན་པ་ལྟེབ་རྩེག་མ།

དགའ་དགའ། ཐཱའི་ཝན།
                 

བདག་པོ་བོར་བའི་བདག་མེད་འཁྱམ་པོ་ཞིག །
སྙིང་ལ་ལྡེབ་ཚེ་གཡར་པོའི་བུ་ལོན་འདྲ།།
དུང་སེམས་མེ་ལྕེ་དྲོན་མོའི་བར་གསེང་ནས།།
བརྩེ་བའི་གཏམ་རྒྱུད་རིང་པོ་སུས་ཤེས་སོ།།

Sunday, 20 June 2021

གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ། [སྨད་ཆ།]

༈ དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཟིམས་པར་ཚུལ་བསྟན་པའི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ། མགོན་པོ་གང་གི་རྗེས་དྲན་དུ་ཕུལ་བའི་སྙན་ངག་འགའ་ཆེད་སྒྲིགས་ཞུས་པ་གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ།

༡. བཟོད་མེད་སྐྱོ་བའི་མིག་ཆུ།
མི་ཕམ་རྣམ་རྒྱལ། སྔ་འགྱུར་མཐོ་སློབ་ཆེན་མོ།


མཁན་རིན་པོ་ཆེ་ལགས། དགོངས་དག 
ང་ཚོ་བསོད་ནམས་ཀྱི་ལས་སྐལ་རྫོགས་པས། 
ཁྱེད་ཕེབས་པ་སྔ་སོང་།

Saturday, 19 June 2021

བདག་གིས་དངོས་སུ་མཇལ་བའི་རྗེ་བཙུན་ཆེན་པོ།

སློབ་དཔོན་ཀརྨ་དབང་རྒྱལ། ཧྥ་རན་སི།


࿑ ན་མོ་གུ་རུ་བཛྲ་ས་ཏྭ་ཡེ།

མ་བཅོས་རིག་པ་ཆོས་སྐུའི་མཁའ་དབྱིངས་སུ།།
ཚད་མེད་སྙིང་རྗེའི་ཆུ་འཛིན་རབ་ཏུ་འཁྲིགས།།
གང་འདུལ་སྦྲང་ཆར་སིལ་མ་ཕྱོགས་ཀུན་འབབ།།
ངེས་དོན་དགེ་སློང་རྡོ་རྗེ་འཛིན་པ་ཁྱེད།།

Friday, 18 June 2021

གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ། [བར་ཆ།]

༈ དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས། མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག དགོངས་པ་ཆོས་ཀྱི་དབྱིངས་སུ་གཟིམས་པར་ཚུལ་བསྟན་པའི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ། མགོན་པོ་གང་གི་རྗེས་དྲན་དུ་ཕུལ་བའི་སྙན་ངག་འགའ་ཆེད་སྒྲིགས་ཞུས་པ། གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ།

༡. མྱ་ངན་ཞུ།
ཕུར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།


ནམ་མཁའི་ཐོག་ནས་བབ་པའི་ཤོག་སྒྲིལ་ཞིག་ཏུ།།
གོང་མ་ལྷ་ཡིས་མངག་པའི་སེམས་དཔའ་མིན་ཀྱང་།།
རྒན་གཞོན་བྱིས་ཆུང་ཀུན་ལ་རིས་སུ་མེད་པར།།
བྱམས་པའི་ཕྱག་གིས་སྐྱོང་མཁས་སྐྱེས་ཆེན་དམ་པ།།

Thursday, 17 June 2021

གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ། [སྟོད་ཆ།]

༈ དཔལ་སྔ་འགྱུར་བའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་དང་པོའི་གྲས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་མཆོག དགོངས་པ་ཆོས་ཀྱི་དབྱིངས་སུ་གཟིམས་པར་ཚུལ་བསྟན་པའི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ། མགོན་པོ་གང་གི་རྗེས་དྲན་དུ་ཕུལ་བའི་སྙན་ངག་འགའ་ཆེད་སྒྲིགས་ཞུས་པ། གསང་གསུམ་རྗེས་དྲན་དད་རླབས་བཞུར་རྒྱུན་མ།

༡༽ རྗེས་དྲན་གནས་ལུགས་ངོ་སྤྲོད་མི་བརྟན་སྒྱུ་མའི་ཟློས་གར་བྱའོ།།
སློབ་དཔོན་ཀརྨ་དབང་རྒྱལ། ཧྥ་རན་སི།


ཀྱེ་མ་ཀྱེ་ཧུད་རྗེ་བཙུན་པདྨ་མཁྱེན།།
སྙིགས་ལྔའི་རླུང་འཚུབ་ཆེ་ཆེར་ལྷགས་འགྱུར་ཞིང་།།
བསྟན་པའི་སྒྲོན་མེ་རབ་དང་རིམ་པ་འདས།།
ཉམ་ཆུང་འགྲོ་བ་སྐྱབས་མེད་མགོན་མེད་ལུས།།

Tuesday, 15 June 2021

སྤྲུལ་སྐུ་རིན་པོ་ཆེ་ནམ་སྙིང་ཚང་མཇལ་བ།

སྤྲུལ་སྐུ་བསྟན་པ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


ངའི་དེ་སྔོན་ནས་རྒྱུས་མངའ་ཅན་ཚོའི་ངག་ལས་སྐྱེས་ཆེན་ཞིག་གི་མཚན་ཡང་ཡང་གོ་མྱོང་བ་སྟེ།   དེ་ཡང་ཁོ་ཚོས་ཟེར་ན་སྐྱེས་ཆེན་དེ་ནི་མངོན་མཁྱེན་ལ་འགྲན་ཟླ་བྲལ་བ་དང་།  ཉེ་དུས་ཀྱི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་ཞིང་ཕེབ་མཁན་པོ་ཨ་ཁྱུག་ཚང་གི་ཐུགས་སྲས་སྙིང་གི་ཐིག་ལེ་དེ་ཡིན་པ་དང་།  ད་ལྟ་གོ་ལའི་ཡང་ཐོག་གི་གྲུབ་པའི་བསྟི་གནས་ཆེ་ཤོས་ཡ་ཆེན་ཆོས་སྒར་ཆེན་པོའི་དབུ་འཛིན་ཡིན་པ་མ་ཟད། ཁོང་ནི་སྤྲུལ་སྐུ་ཞིག་ཀྱང་ཡིན་པར་བཤད་སོང་། 

Monday, 14 June 2021

དུས་རབས་གསར་པའི་ངོ་གདོང་།

འོད་གསལ་ཀུན་བཟང་ཆོས་འཕེལ།
འབྲུག་གི་རྫོང་སློབ་གྲྭའི་དགེ་རྒན།


ཕོ་ཡིས་སྐྱེ་བ་བཟང་རབ་ངར་ངར་སྒྲོག།
བུ་མོས་ཐོབ་ཐངས་འདྲ་མཉམ་དགོས་རབ་ལྡིར།།
ང་བཟང་ཁྱོད་ངན་གཏམ་གྱིས་འཛམ་གླིང་ཁེངས།།
རྩོད་རྙོག་ལྕི་བ་ཕོ་མོའི་ངོ་གདོང་རེད།།

བླ་མའི་ཐུགས་རྗེ།

དྷྭ་ཛཱ་དོལ་པོ། རྣམ་གྲོལ་གླིང་།


ནད་སྡུག་ངན་པའི་ཁ་རླངས་མ་འཕྱུར་གོང་།།
མ་འོངས་མངོན་གཟིགས་ཡབ་གཅིག་༸གྲུབ་དབང་གིས།།
དད་ལྡན་བུ་སློབ་མ་ལུས་སྐྱོང་བའི་ཕྱིར།།
མ་འབད་ས་ནས་སྨན་པའི་ཕོ་ཉ་གནང་།།

Sunday, 13 June 2021

ཆོས་བདག་སྤྲུལ་པའི་སྐུ་ལ་བསྟོད་པ།

སྤྲུལ་སྐུ་བསྟན་པ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།


མདོ་ཁམས་ས་ཡི་ཐིག་ལེ་ཨ་ཛི་རོང་།།
པདྨ་བདུད་འདུལ་ལ་སོགས་གྲུབ་བརྒྱ་ཡི།།
ཚང་ཚང་རབ་རྡོལ་དགེ་ལེགས་སྤུང་པའི་སར།།
ཁྱེད་སྐུ་པདྨོ་མངོན་པར་བཞད་ལ་བསྟོད།།

Saturday, 12 June 2021

སློབ་དཔོན་ཕུར་པ་ནོར་བུ་ཤར་པ་ལགས་ཀྱི་རི་མོའི་བརྩམས་ཆོས།


ངོ་སྤྲོད་མདོར་བསྡུས།
སློབ་དཔོན་ཕུར་པ་ནོར་བུ་ཤར་པ་ལགས་ནི། བལ་ཡུལ་ཤར་ཁུམ་བུར་འཁྲུངས་པ་དང་། རྒྱ་གར་ལྷོ་ཕྱོགས་མཻ་སོར་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་འཛུལ་ཞུགས་གནང་སྟེ། དེ་གའི་གཞི་རིམ་སློབ་གྲྭ་དང་མཐོ་སློབ་སོགས་རིམ་བཞིན་བསླབ་པ་མཐར་ཕྱིན་ཏེ། ད་ལྟ་ཕྱོགས་མཐའ་ཁག་ཏུ་དགེ་རྒན་གྱི་ལས་ཁུར་ཞུ་བཞིན་ཡོད་པ་རེད། ཁོང་གིས་སློབ་གཉེར་བྱེད་ཞོར་དུ་རི་མོར་སྦྱངས་པ་བྱས་ཤིང་། ད་ཆའང་ལས་ཀའི་ཞར་ཞོར་དུ་རི་མོ་འབྲི་བཞིན་པ་དང་། འདི་ལོའི་ལོ་མགོར་ཁོང་ཉིད་སྤྱི་ཚོགས་དྲྭ་ལམ་བརྒྱུད་རྒྱལ་སྤྱིའི་རི་མོའི་འགྲན་སྡུར་བའི་ནང་ཞུགས་ཏེ། འགྲན་ཞུགས་པ་མི་རྒུ་ཉིས་སྟོང་དབུས་ནས་གསེར་གྱི་རྟགས་མ་ཐོབ་འདུག

Friday, 11 June 2021

སྨན་ཞབས་བུ་མོ་རྣམས་ལ་བདེ་བར་སྨོན་པ་དྲང་སྲོང་རྒན་པོའི་ཐ་ཚིག

ཀརྨ་དབང་རྒྱལ། ཧྥ་རན་སི།


བཟང་ངན་སྣ་ཚོགས་སྣང་བའི་འཇིག་རྟེན་འདིར།།
བསླུ་བ་མེད་པའི་རྟེན་འབྲེལ་རྨད་དུ་བྱུང་།།
བདག་ལ་བཟང་ངན་ལས་ཀྱིས་འབྲེལ་ཐོགས་ཀུན།།
རྟག་ཏུ་ནད་མེད་གནོད་འཚེ་སྤོང་བར་ཤོག།

Thursday, 10 June 2021

༄༅། །འཇུ་མི་ཕམ་པའི་ལྟ་གྲུབ་ཀྱི་ཁ་ཕྱོགས།

རྨིས་པ། (བོད།)



ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི། སྟོན་པ་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ། དང་ཐོག་བཀའ་བསྡུ་མཛད་པ་དང་། བར་དུ་ཐེག་པ་ཆེན་པོ་གསར་དུ་དར་བའི་གནས་བབས་དེ་གཉིས་ཀྱིས་གཙོས་པའི་རྐྱེན་བྱས་ཏེ། རྩོད་ཉོག་སྣ་མང་གི་འཕེལ་ཁ་རྒྱུན་ཆད་མ་མྱོང་བའི་ཆོས་ལུགས་ཤིག་ཡིན་ཏེ། དཔེར་ན། རྒྱ་གར་ལྟ་བུ་ལ་མཚོན་ན། སྟོན་པ་སྐུ་འདས་པའི་རྗེས་སུ་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་ནས། སོ་སོའི་བར་དུ་ལྟ་གྲུབ་མི་འདྲ་བའི་གླེང་གཞི་བྱུང་བ་དང་། དེ་ནས་སྟོན་པ་མྱ་ངན་འདས་ནས་ལོ་དྲུག་བརྒྱ་བདུན་བརྒྱའི་སྐབས། ཐེག་ཆེན་གསར་དུ་དར་ནས་ཐེག་པ་ཆེ་ཆུང་གི་རྩོད་གཞི་དང་། ཐེག་པ་ཆེན་པོ་ལ་ཡང་བཀའ་བར་མཐའའི་རྩོད་གཞི། བཀའ་བར་པ་ལ་ཡང་ཐལ་རང་གི་རྩོད་གཞི་སྟེ། འདི་འདྲའི་ནང་ཁུལ་དུ་ཡང་བརྗོད་ཚུལ་མི་འདྲ་བའི་གླེང་གཞི་རེའི་སྟེང་ནས་ཀྱང་། ཉིན་དང་མཚན་དུ་རྩོད་པའི་ཁུལ་ལེན་མཁན་གྱི་ཕྱོགས་ཁག་ཀྱང་མང་དུ་རྒྱས་པ་རེད། དེ་དང་བསྟུན་ནས་བོད་ཁམས་སུ་ཡང་སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་སྟེ། ཧྭ་ཤང་དང་རང་རྒྱུད་པའི་རྩོད་པ། ཐལ་འགྱུར་པ་དང་ཇོ་ནང་པའི་བར་གྱི་རྩོད་པ་སོགས་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་ཏུ་མ་གྱེས་པ་དང་གྱེས་པའི་དུས་སྐབས་དེ་དག་ལ་ལྟ་གྲུབ་སྣ་ཚོགས་ཀྱི་འཐེན་འཁྱེར་རྒྱུན་ཆད་མ་མྱོང་བར་བྱུང་དང་འབྱུང་བཞིན་པ་རེད། དེ་ལྟར་ལྟ་གྲུབ་སྣ་ཚོགས་ཀྱིས་མགོ་ཉོག་ཅིང་རང་ལམ་གསལ་ཐག་ཆོད་པ་ཞིག་མི་རྙེད་པའི་དུས་ཚོད་འདི་འདྲ་ལ། བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བའི་ཁྲོད་ནས་འཇུ་མི་ཕམ་པའི་ལྟ་གྲུབ་ཀྱི་ཁ་ཕྱོགས་ནི། སྤྱི་ལ་ཕན་པའི་ལམ་ལུགས་ལྟ་བུ་ཞིག་ཏུ་འདུག་ཨང་སྙམ་ནས། འདིར་ཁོང་གི་ལྟ་གྲུབ་ཁ་ཤས་ཀྱི་སྐོར་ཉུང་ཙམ་ཞུ་བར་འདོད།

Wednesday, 9 June 2021

འཇམ་དབྱངས་བླ་མའི་དགོངས་རྫོགས་དུས་ཆེན།

སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ། སྔ་འགྱུར་མཐོ་སློབ་ཆེན་མོ།


དྷཱི།
ཞལ་གྱི་དཀྱིལ་འཁོར་བཅོ་ལྔའི་ཟླ་བ་ཆ་ཤས་མ་ལུས་རྫོགས་པའི་དཔལ།།
དགྱེས་པའི་ཞལ་འཛུམ་བསིལ་ཟེར་བདེ་ཡིས་ཉམ་ཐག་འགྲོ་ལ་ངལ་གསོ་སྦྱིན།།
འགྲིབ་པ་མེད་པར་ཀུན་ནས་ཀུན་ཏུ་རྣམ་པར་འཕེལ་ཞིང་དབྱིག་གི་ནོར།།
འཇམ་མགོན་བླ་མ་མི་ཕམ་པ་དེ་སྟོང་གསུམ་འཇིག་རྟེན་ཡོངས་ལས་རྒྱལ།།

གཏན་པ་མེད་པའི་ཕྲིན་ལས་ཅན།

གངས་སེང་དཀར་མོ།


སྤོབས་པའི་གཏེར་བརྒྱད་གྲོལ་མཛད་ངག་ལ་དབང་མཁན།།
ལྟ་སྤྱོད་གདེང་ལྡན་ཉམས་རྟོགས་ཁོང་ནས་འབར་མཁན།།
བསྟན་པའི་རྒྱལ་མཚན་ཆེན་པོ་སྲིད་འདིར་འདེགས་མཁན།།
གཏན་པ་མེད་པའི་འཕྲིན་ལས་ཟླ་བཞིན་གསལ་མཁན།།

Tuesday, 8 June 2021

འབྲོང་གི་སྙིང་རྩིད་ཡིན་པའི་རྒྱ་ལ་ལྟོས།

ཁྱུང་ནོར། བོད་ཡུལ་ཁམས་ཕྱོགས་ཁྱུང་ནག་སྡེ་བ།


ཆོས་འཁོར་ཞེས་པ་དོན་དུ་འཕྲུལ་འཁོར་རོ།།
འདི་ཡང་ལུང་རིགས་ཉི་ཟླའི་བོན་འཁོར་ཏེ།།
ཉི་མའི་ཁོང་ནས་འོད་ཟེར་འབར་བ་འདིར།།
སྐར་ཚོགས་བྱེ་བ་འཇོམས་པའི་མཐུ་སྟོབས་རྫོགས།།

ཞང་ཞུང་དོལ་པོའི་རྣལ་འབྱོར།

བྱང་འབྲོང་རྒོད། བོད་དབུས་ཕྱོགས་དྭངས་ར་གཡུ་མཚོ།

རྐང་ཐུང་གཡུ་ལོ་རྒྱས་པའི་དགའ་ཚལ་དུ།།
མཉམ་བཞག་གཅེར་བུ་ཀུན་ཏུ་བཟང་པོ་ལྟར།།
ཟག་མེད་ཏིང་འཛིན་རོལ་བའི་རྣལ་འབྱོར་པ།།
ཞང་ཞུང་དོལ་པོའི་གྲུབ་ཆེན་གཙུག་ན་རྒྱལ།།

Monday, 7 June 2021

འཇིགས་མེད་འཕྲིན་ལས་ལགས་ཀྱི་སྙན་ངག་ཚན་པ་གཉིས།


༡. ཡིག་དྲུག་སྒྲོངས།



ཀུན་རྫོབ་བརྟགས་ནས་དོན་དམ་གཏན་ལ་ཕོབ།།
དོན་དམ་ངང་ནས་ཀུན་རྫོབ་འཆར་ཚུལ་ལྟོས།།
བདེན་གཉིས་དབྱེར་མེད་བློ་བྲལ་གཉུག་མའི་གཤིས།།
སྤྲོས་བྲལ་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས།།

Sunday, 6 June 2021

ཕ་ཡུལ་དྲན།

རོང་ཕྲུག སྔ་འགྱུར་མཐོ་སློབ་ཆེན་མོ།


ནད་ངན་རླུང་ལྟར་ཁྱབ་པའི་ས་མཐའ་ནས།།
ཟང་ཟིང་སེམས་ཀྱི་ན་ཟུག་ལང་པའི་ཚེ།།
མཐའ་ཀུན་མུ་ཁྱུད་བྲག་རིས་བསྐོར་བ་ཡི།།
ཡིད་འོང་མཛེས་ལྡན་ང་ཡི་ཕ་ཡུལ་དྲན།།

Friday, 4 June 2021

ཁྲོཾ་ཉག་ཚེ་རིང་གི་སྙན་ངག་ཆེད་བསྒྲིགས།


༡. ང་སྙན་ངག་ལྷ་མོ་ལ་དགའ། 



འཇིག་རྟེན་དགའ་བའི་གང་ཟག་ལ། ། 
འདོད་པའི་བདེ་བ་བླ་མེད་སྟེར། ། 
ཁྱོད་ཀྱིས་གནང་བའི་བདེ་སྐྱིད་དེ། ། 
ནམ་མཁའི་ཁམས་སུ་བཤམས་པར་དཀའ། ། 

Tuesday, 1 June 2021

༄༅། །གསལ་འདེབས་ལུང་རིགས་གློག་སྒྲོན།

ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་གྱིས་བརྩམས་པའི་«ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་དགོངས་བཞེད་»ཅེས་པའི་ལན་དུ་བྲིས་པ།


བླ་རུང་མཁན་པོ་མུ་ར་ཀུན་བཟང་།

 དྷཱི༔ཡིག་དམར་སེར་འོད་དུ་ཞི་བའི་དཔྱིད།།
སྙིང་གི་མུན་སེལ་འོད་དུ་སྦྲུམ་པའི་ལྷ།།

གཟུངས་སྤོབས་བློ་ཡི་འོད་སྣང་བཀྱེ་བའི་གཉེན།།

ལེགས་བཤད་དབྱངས་ཀྱི་འོད་སྟོང་དེང་འདིར་སྤྲོས།།