རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Showing posts with label སྣ་ཚོགས།. Show all posts
Showing posts with label སྣ་ཚོགས།. Show all posts

Saturday, 4 May 2024

དགེ་ཆོས་ཀྱིས་བསྒྱུར་པའི་«ཆོས་ཀྱི་ཚིགས་སུ་བཅད་པ།»གལ་ཆེ་བར་བསྟན་པ།

རྩོམ་པ་པོ། སྒོ་ཤེས་རབ་རྒྱ་མཚོ།
ཡོང་ཁུངས། ཀུན་ཕན་ཁ་བའི་འཕྲིན་སྟེགས།


འཛམ་གླིང་གི་ནང་བསྟན་དར་བའི་ཡུལ་གྲུ་སྤྱིའི་དབང་དུ་བྱས་ན། ཉན་ཐོས་པའི་གྲུབ་མཐའ་དང་། ཐེག་ཆེན་གྱི་གྲུབ་མཐའ་གཉིས་ལས་སྔ་མ་ཤིན་ཏུ་ཁྱབ་ཆེ་སྟེ། ཐེག་ཆེན་ནི་བོད་དང་། སོག་པོ། རྒྱ་ནག་བཅས་ལ་དར་ཞིང་། ཁོ་རེ་ཡ་དང་ཉི་ཧོང་སོགས་སུའང་ཅུང་ཟད་དར་མོད། ཞིབ་ཏུ་བྱས་ན། རྒྱ་ནག་གི་ནང་བསྟན་གྱི་སྡེ་རུ་ཡང་ཐེག་ཆེན་དར་ཙམ་མ་གཏོགས་ཉན་ཐོས་པའི་ལྟ་སྤྱོད་ཤུགས་ཆེ་ས་རེད།

Monday, 20 December 2021

དགེ་ཆོས་ཀྱིས་བསྒྱུར་པའི་«ཆོས་ཀྱི་ཚིགས་སུ་བཅད་པ།»གལ་ཆེ་བར་བསྟན་པ།

སྒོ་ཤེས་རབ་རྒྱ་མཚོས་བརྩམས།
ཧི་མ་ལ་ཡའི་ཕར་ཚུར་ལས་དྲངས།


༈ འཛམ་གླིང་གི་ནང་བསྟན་དར་བའི་ཡུལ་གྲུ་སྤྱིའི་དབང་དུ་བྱས་ན། ཉན་ཐོས་པའི་གྲུབ་མཐའ་དང་། ཐེག་ཆེན་གྱི་གྲུབ་མཐའ་གཉིས་ལས། སྔ་མ་ཤིན་ཏུ་ཁྱབ་ཆེ་སྟེ། ཐེག་ཆེན་ནི། བོད་དང་། སོག་པོ། རྒྱ་ནག་བཅས་ལ་དར་ཞིང་། ཁོ་རེ་ཡ་དང་ཉི་ཧོང་སོགས་སུའང་ཅུང་ཟད་དར་མོད། ཞིབ་ཏུ་བྱས་ན། རྒྱ་ནག་གི་ནང་བསྟན་གྱི་སྡེ་རུ་ཡང་ཐེག་ཆེན་དར་ཙམ་མ་གཏོགས། ཉན་ཐོས་པའི་ལྟ་སྤྱོད་ཤུགས་ཆེ་ས་རེད།

Saturday, 25 September 2021

ཐོན་མིས་རྒྱལ་པོར་ཕུལ་བའི་ཡིག་ཕུད་ཀྱི་ཚིག་འགྲེལ།

ཡོང་ཁུངས།: ཀྲུང་གོ་བོད་ཀྱི་དྲྭ་བ།
སྤེལ་ཉིན།: ༢༠༡༩།༠༨།༢༠།

༡། ཡིག་ཕུད་ཤློཀ་དང་པོའི་འགྲེལ།

ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་།།
གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་།།
ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ།།
འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།

Thursday, 1 July 2021

དེང་རབས་དགེ་རྒན་གྱི་སྤང་བྱ་འགའ་ཞིག་བརྗོད་པ།

ཉི་མ་འོད་ཟེར། སི་ཁྲོན་འབའ་ཐང་རྫོང་།

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཟུར་པ།



༡. དགེ་རྒན་རང་གི་ཀུན་སྤྱོད་ལ་དོ་སྣང་བྱེད་དགོས་པ།

     མི་རིགས་གང་འདྲ་ཞིག་ཡིན་ཡང་། དེའི་སྤུས་ཚད་དང་ཡར་ཐོན་ཡོང་མིན་ནི། གཙོ་བོ་མི་རིགས་དེའི་སློབ་གསོའི་སྤུས་ཚད་བཟང་ངན་ལ་རག་ལས་ཡོད། སློབ་གསོའི་སྤུས་ཚད་བཟང་ངན་ནི་དགེ་རྒན་གྱི་ཡོན་ཚད་དང་། གཤིས་རྒྱུད་བཟང་ངན་ལ་རག་ལས་ཡོད་པ་ཞིག་རེད། དེ་བས་ང་ཚོ་མི་དམངས་ཀྱི་དགེ་རྒན་བཟང་པོ་ཞིག་བྱེད་དགོས་ན། རང་ཉིད་ལ་སློབ་མ་རྣམས་ཀྱིས་མིག་དཔེ་བྱེད་འོས་པའི་བསམ་བློ་དང་ཀུན་སྤྱོད་བཟང་པོ་ཞིག་ཡོད་དགོས།

Tuesday, 27 April 2021

རླངས་པ་རྔུབ་ན་ཁྱེད་རང་ཏོག་དབྱིབས་གཉན་སྲིན་ལས་སྐྱོབ་ཐུབ་བམ།

དགེ་བཤེས་ཡར་ལོངས།


༄༅། །ཆབ་སྐོལ་ཚ་པོ་བཞེས་པ་དེས་ཁྱེད་རང་གི་མིད་པ་ལ་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ཏོག་དབྱིབས་གཉན་སྲིན་ནི་ཁྱེད་རང་གི་སྣ་རུས་ཀྱི་རྒྱབ་ཏུ་ཉིན་བཞི་ནས་ལྔ་བར་གབ་ནས་སྡོད་ཀྱི་ཡོད་སྟབས། ཆབ་སྐོལ་ཚ་པོ་བཞེས་པ་དེ་གནས་དེར་སླེབས་ཐུབ་ཀྱི་མེད། ཏོག་དབྱིབས་གཉན་སྲིན་སྣ་རུས་ཀྱི་རྒྱབ་ཏུ་ཉིན་བཞི་ནས་ལྔའི་བར་གབ་ནས་བསྡད་རྗེས་གློ་བའི་ནང་སླེབ་ཀྱི་ཡོད། དེས་དབུགས་འབྱིན་རྔུབ་བྱེད་པར་འགོག་རྐྱེན་བཟོ་ཡི་ཡོད། དེར་བརྟེན་རླངས་པ་རྔུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། རླངས་པ་དེ་ཁྱེད་རང་གི་སྣ་རུས་ཀྱི་རྒྱབ་ཏུ་ཡང་སླེབ་ཐུབ་ཀྱི་ཡོད།

Saturday, 13 February 2021

«དོལ་པོ་གསེར་གྱི་ཕོར་པའི་»རོལ་རྩེད་ཐེངས་གཉིས་པ་དབུ་འཛུགས་འཆར།


བལ་ཡུལ་ཀཱཋ་མཱཎ་ཌུ།: «དོལ་པོ་རྩེད་འགྲན་ཚོགས་པས»གཉེར་བའི་«དོལ་པོ་གསེར་གྱི་ཕོར་པའི་»རྐང་རྩེད་པོ་ལོའི་རོལ་རྩེད་ཐེངས་གཉིས་པ་དེ། ས་གནས་བཽདྡྷ་མཆོད་རྟེན་ཉེ་འགྲམ་གྱི་«ལེ་ཧི་མཱ་ལ་ཡ་ཧྥུཊ་སལ་»དུ། ཡོང་ལ་ཉེ་བའི་བལ་ཟླ་ ༡༡ པའི་ཚེས་ ༢༢ སྤྱི་ཟླ་ ༣ པའི་ཚེས་ ༦ ཉིན་དབུ་འཛུགས་འཆར་རེད་འདུག

Friday, 12 February 2021

ཐོན་ལ་ཉེ་བའི་དེབ་གསར་འོས་སྦྱོར།


བྱས་པའི་ལས་ལ་བསྒྲུབས་པའི་མཐའ་ཞིག་དགོས། ཞེས་ཟེར་སྲོལ་ཡོད་པ་ལྟར། དུས་རབས་ཀྱི་འགྲོས་ཁ་དང་རྗེས་སུ་བསྟུན་སྟེ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་ལ་ཉེ་བའི་སློབ་དཔོན་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས། ལོ་ངོ་དུ་མའི་རིང་དཀའ་སྤྱད་འབད་འབུངས་འཕུལ་ཕྱིན་གནང་བ་བརྒྱུད། འདི་ལོ་བོད་གངས་ཅན་ལུགས་ཀྱི་གནམ་ལོ་གསར་ཚེས་ཀྱི་བགྲང་བྱའི་ཉག་མ་དང་པོར། ཉིད་ཀྱིས་བརྩམས་པའི་མཐར་ཕྱིན་བརྩམས་ཆོས་ཁག་གསུམ་སྟེ། 

Friday, 15 January 2021

༸སྐྱབས་རྗེ་གྱང་ཁང་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེས་ཉིད་ཀྱིས་བཞེངས་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ་ཤིང་པར་དུ་ཇི་ལྟར་བཏབ་པ་དང་བཏབ་པའི་དགེ་མཚན་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ།


༈ དཔལ་ཡུལ་པར་ཤིང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་ངོ་སྤྲོད་མདོར་བསྡུས་ནི། འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ཐེག་པ་རིམ་པ་དགུ་ཡོད། དེ་ཡིན་དུས་རྒྱལ་བ་སྐུ་གསུམ་གྱི་སྟོན་པས་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་སྐོར་དང་ཟབ་པའི་ནང་ན་ཡང་ཐེག་པ་རིམ་དགུ་ཚང་ཞིང་ཚང་བ་ཡོད་རེད། རྒྱ་ཆེ་བའི་ཆོས་སྐོར་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་དང་ཐུན་མོང་གི་རྒྱུད་སྡེ་མང་པོ་རྣམས་རྡོ་རྗེ་འཆང་དང་ཤཱཀྱ་ཐུབ་པ་སོགས་སྤྲུལ་ནས་གསུངས་པའི་གསུང་རབ་དག་སྡེ་དགེ་པར་ཁང་དུ་བཞུགས་ཡོད་རེད། ཟབ་པ་ལས་ཀྱང་ཆེས་ཟབ་པའི་ཆོས་ཐེག་པ་རིམ་དགུའི་ཆོས་ཚུལ་དེ་བཀའ་མ་རེད། 

Thursday, 19 November 2020

རྐུབ་སྟེགས་འདིའི་སྟེང་དུ་ཁྱེད་རང་ཁེར་རྐྱང་བསྡད་མེད།

[རྒྱ་གར་ནང་གི་སྤྱི་ཚོགས་གཏམ་བརྗོད་པ་མུ་ན་ཝར་ཛྷ་མ་ལགས་ཀྱིས་སློབ་གྲྭ་ཞིག་གི་བུ་མོའི་སྡོད་ཁང་དུ་གསུངས་པའི་ཚོར་སྣང་ཤུགས་ཆེར་འབྱིན་པའི་གཏམ་བཤད་གྲགས་ཅན།]

རྐུབ་སྟེགས་འདིའི་སྟེང་དུ་ད་ལྟ་ཁྱེད་རང་བསྡད་ཡོད་དུས་ཁྱེད་རང་ཁེར་རྐྱང་བསྡད་ཡོད་མ་རེད། སོ་སོའི་པ་ལགས་ཀྱི་རེ་བ་དང་ཨ་མ་ལགས་ཀྱི་རྨི་ལམ་ཁྱེད་ཚོ་མཉམ་དུ་བསྡད་ཡོད་རེད། ཁྱེད་ཚོ་ཁེར་རྐྱང་བསྡད་ཡོད་མ་རེད། ཕ་མའི་རེ་བ་དང་ཡིད་ཆེས་ཁྱེད་ཚོ་མཉམ་དུ་ཡོད་རེད། དེ་དག་ལ་རྡོག་རོལ་བཏང་ནས་ཁྱེད་ཚོ་འགྲོ་ཡིས་འདུག དེ་ལ་ཡང་ཡ་མེད་བཏང་ནས་འགྲོ་བཞིན་འདུག 

Sunday, 15 November 2020

ཆེས་འཇིགས་སུ་རུང་བ་ནི་དགེ་རྒན་གྱིས་དཔེ་ཀློག་མི་བྱེད་པར་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཁྲིད་བྱེད་པ་དེ་ཡིན།

རྩོམ་པ་པོ།  ཐང་ཡོན།
འབྲི་རུ་བ་གཡང་འགྲུབ་ཀྱིས་བསྒྱུར།

གནས་ལུགས་ལྟར་ན།  དགེ་རྒན་ནི་མ་གཞི་ནས་དཔེ་ཀློག་ལ་གཞོལ་བའི་ཚོགས་པ་ཞིག་ཡིན།  ཡིན་ནའང་རྒྱུགས་སྤྲོད་དམིགས་ཡུལ་དུ་འཛིན་པའི་སློབ་གསོ་དང་ཁེ་ཕན་གཙོ་བོ་འཛིན་པའི་སློབ་གསོའི་འགོག་རྐྱེན་འོག   ཁོ་ཚོའི་མིག་མདུན་ན་སྐར་གྲངས་ལས་མེད་ལ།  སྦྱངས་འབྲས་ལས་མེད།  སློབ་མའི་ཉོག་བཤད་ལས་མེད་དེ་མི་ཚེའི་ཁྲོད་དཔེ་ཀློག་ནི་ཉིན་རེ་ནས་ཉིན་རེ་བཞིན་ཆར་རྗེས་ཀྱི་འཇའ་ཚོན་ལྟར་ཡལ།

Saturday, 15 August 2020

ལེགས་གྲུབ་ཀྱི་ལམ་ཐོག་ཏུ་འཁྱེར་དགོས་པའི་རྒྱགས་ཕྱེ།

«ལེགས་གྲུབ་ཀྱི་ལམ།»ལས་བཏུས།

༡ རྒྱུན་འཁྱོངས་ཀྱི་སྙིང་རུས།

རྒྱུན་འཁྱོངས་མེད་ན། ཕུགས་བསམ་ཟེར་ཡང་གཉིད་ལམ་རེད་ལ། སྡུག་རུས་མེད་ན། ལེགས་གྲུབ་ཟེར་ཡང་འཁྲུལ་ལབ་རེད། བྱ་བ་ཅི་ཞིག་འགོ་བརྩམས་རུང་། ངེས་པར་དུ་བརྒྱུད་རིམ་ཞིག་འགྲོ་དགོས་ལ། བརྒྱུད་རིམ་དེའི་ནང་དུ་ཁྱེད་རང་ཡིད་མཆི་མས་བརླན་པའི་དུས་དང་། ལུས་ངལ་བས་མནར་བའི་སྐབས་ཤིན་ཏུ་མང་པོ་ཞིག་འཕྲད་ངེས་རེད། ཡིན་ཀྱང་རྒྱུན་འཁྱོངས་ནི་ལེགས་གྲུབ་ཀྱི་འཕར་རྩ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཕུགས་བསམ་རྒྱུན་འཁྱོངས་གནང་དགོས།

Saturday, 11 July 2020

བློ་བཟང་སྒྲོལ་མས་བོད་སྐད་ཡིག་ལ་བཅངས་པའི་སེམས་གཏམ།

ཡིག་འགོད་པ། གླིང་ལོ་མ་སེར་པོ།

བློ་བཟང་སྒྲོལ་མ་སྦྱོར་ར།

བཀྲ་ཤིས་བདེ་ལེགས། ལྷན་རྒྱས་སྐུ་ཁམས་བཟང་། ཉིན་ཤས་རིང་ནས་ང་ལ་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་བས་དེ་རིང་ཧ་ཅང་ཤུགས་ཆེ་བའི་ཚོར་བ་དེ་ཁྱེད་རྣམས་ལ་བཤད་ན་བསམ་བྱུང་། སྔོན་ཆད་ང་རང་ཉིད་ལ་བོད་པ་ཡིན་བསམ་པའི་ང་རྒྱལ་དང་སྤོབས་སེམས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན། ཡིན་ནའང་ད་ལྟ་བསམ་བློ་ཞིབ་ཕྲ་གཏོང་སྐབས་རང་ཉིད་ཀྱིས་བཤད་པའི་ཕ་སྐད་ནི་ར་མ་ལུག་ཅིག་ཡིན་པར་མ་ཟད། བོད་ཡིག་ཀྱང་ཡིག་རིགས་གཞན་པ་བཞིན་ཡག་པོ་དེ་ཙམ་མི་ཤེས་པས། སྔོན་ཆད་ང་བོད་པ་ཡིན་བསམ་པའི་ང་རྒྱལ་དང་སྤོབས་སེམས་དག་ལ་ལྗིད་ཚད་དེ་ཙམ་མི་འདུག

Thursday, 11 June 2020

དོལ་པོ་ཤཱཀྱ་རིན་པོ་ཆེའི་གསུང་ཐོར་བུ། [1]

ལས་འབྲས་ལ་ཁྱད་གསོད་ག་ལ་རུང་།


ལས་འབྲས་ལ་ཁྱད་གསོད་ག་ལ་རུང་། འོག་མ་ལ་བརྙས་བཅོས་དང་མཐོ་སྤྱོད་སོགས་དེ་བས་ཀྱང་མི་སྲིད་པ་གཞི་རྩར་བྱས་ནས། རང་ལུགས་མཐུན་མོང་མ་ཡིན་པ་ཡང་གསང་སྔགས་ལུགས་ལས། རྫོགས་པ་ཆེན་པོའི་རང་མལ་འདུག་ཚུགས་ཡེ་ཇི་བཞིན་པའི་ངང་ལས་ནམ་ཡང་གཡོ་མེད་ཀྱི་དགོངས་ངོ་བླ་མར་ཤར་རྒྱུའི་ནང་གསལ་འཕར་མ་འདི་ལས་ལྷག་པའི་མན་ངག་མེད་པར་སྣང་ཚུལ་ཡང་། མི་ཕམ་རིན་པོ་ཆེས།

Monday, 1 June 2020

སློབ་ཆུང་སློབ་མར་བོད་ཡིག་གི་རྨང་གཞི་བརྟན་པོ་འཇོག་དགོས་པའི་སྐོར།


རྩོམ་པ་པོ། གསེར་བཟང་སྒྲོལ་མ།


ནང་དོན་གནད་བསྡུས།

འདིར་གཙོ་བོ་སློབ་ཆུང་སློབ་མར་བོད་ཡིག་གི་རྨང་གཞི་བརྟན་པོ་འཇོག་དགོས་པ་གཞིར་བཟུང་ནས། དེའི་ཐབས་ལམ་དང་གནད་དོན་སོགས་ཀྱི་ཐད་བྲིས་ཡོད་དེ། ཚན་པ་དྲུག་གི་སྒོ་ནས་སློབ་མའི་བོད་ཡིག་གི་རྨང་གཞི་བརྟན་པོར་ཆགས་ཐབས་ཀྱི་ཐད་ལ། དགེ་རྒན་གྱི་འབད་པ་ཇི་ལྟར་བྱེད་དགོས་ཚུལ་གྱི་སྐོར་ཅུང་ཟད་དཔྱད་པའོ།།

Tuesday, 19 May 2020

དཔེ་ཆ་བ་རྣམས་ཀྱིས་མཁྱེན་དགོས་པ།

རྩོམ་པ་པོ། སློབ་དཔོན་ཆོས་འཕེལ་རྟ་རབ།

སངས་རྒྱས་ཉིད་ཀྱིས་ངའི་བཀའ་ལ་ཆ་བཞག་པའི་སྒོས་དད་མོས་མི་བྱེད་པར་དཔེར་ན།  གསེར་བརྟག་པ་ལ།  བསྲེགས། བཅད། བདར་བ་བཞིན་རིགས་པ་རྣམ་པ་གསུམ་གྱིས་ངེས་ཤེས་རྙེད་པའི་ཐོག་ནས་རྗེས་སུ་འབྲང་དགོས་པར་གསུངས་ཀྱང་། དེང་སང་གི་བོད་བརྒྱུད་ནང་བསྟན་འཛིན་མཁན་ཕལ་ཆེ་བ་དེ་ལས་ལྡོག་ནས། རང་གི་བླ་མ་ག་གེ་མོ་ཞིག་གིས་གཞུང་དེ་བཀའ་བསྟན་གཉིས་ལས་ལྷག་པ་དང་། གསུང་ཚད་མ་ཡིན་ཤག་ཤག་གི་ཆ་འཇོག་ཁོ་ན་ལས་རིགས་པས་བརྟག་བཤེར་སོང་པའི་སྒོ་ནས་འཇུག་པ་ཤིན་ཏུ་དཀོན།

Monday, 4 May 2020

ཆོས་པ་ཡང་དག་གི་ཚད་གཞི།


མཛད་པ་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།


བཀའ་བརྒྱུད་བླ་མ་རྒྱལ་བ་སྲས་བཅས་དང༌། །
སྤྱན་རས་གཟིགས་དབང་རྗེ་བཙུན་སྒྲོལ་མ་དགོངས། །
འཆི་བ་མ་དྲན་ཚེ་འདི་སྒྲུབ་པ་ཡི། །
དལ་འབྱོར་སྟོང་ཟད་ང་ལ་ཐུགས་རྗེས་ཟུང༌། །

Sunday, 3 May 2020

«ཧཱར་ཝཱརཌ་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ»ཞེས་པའི་དཔེ་དེབ་སྙན་སྒྲོན་འོས་སྦྱོར་དང་འབྲེལ་དཔེ་ཀློག་ཡར་སྐུལ།



སྙན་སྒྲོན་པ། དབྱངས་ཅན།
ཧཱར་ཝཱརཌ་གཙུག་ལག་སློབ་ཆེན་གྱི་ཐོ་རེངས་ཆུ་ཚོད་བཞི་དང་ཕྱེད་ཀ



དཔེ་ཀློག་བྱས་ན་ཤེས་ཡོན་འཕེལ། ཤེས་ཡོན་ཕྱུག་ན་རྣམ་དཔྱོད་ཡངས།

གལ་སྲིད་ཁྱེད་རང་དཔེ་ཀློག་ལ་དད་ཞེན་ཡོད་པའི་སྐྱེ་བོ་ཞིག་བྱེད་རྒྱུའི་ཆོད་སེམས་དྭངས་མ་ཞིག་ཡོད་ན། རྒན་དར་གཞོན་གསུམ་སུ་ཞིག་ཡིན་ནའང་། དེ་རིང་ནས་འགོ་བརྩམས་ན་འཕྱིས་སོང་ཟེར་བའི་འགྱོད་པ་འདི་སྐྱེ་མི་དགོས་པ་ཡོང་ངེས་རེད། རིག་གནས་མགྱོགས་ཟས་ཀྱི་དུས་རབས་འདིར་ན་གཞོན་མང་པོ་ཞིག་སློབ་སྦྱོང་གི་གནོན་ཤུགས་ཀྱིས་རྐྱེན་པས་དཔེ་ཀློག་བྱེད་པའི་ཁོམ་པ་བྲལ་ངེས་ལ། དེ་བས་གུས་མོའི་ཨ་མ་ལགས་ལྟ་བུའི་ཞིང་གྲོང་གི་མང་ཚོགས་རྣམ་པས་དཔེ་དེབ་ལྟ་ཀློག་བྱེད་འདོད་རུང་ཡིག་ངོ་མི་ཆོད་པ་དང་དུས་ཁོམ་མེད་པའི་རྒྱུ་རྐྱེན་མང་པོར་བརྟེན་དཔེ་ཀློག་བྱེད་པའི་གོ་སྐབས་དེ་བས་མེད། གུས་མོའི་རེ་བར་སྒྲ་ལྡན་དཔེ་དེབ་འདི་ཉིད་ལས་བྲེལ་ཆེ་བའི་དར་མ་དང་སློབ་སྦྱོང་གི་ཁུར་པོ་ལྕི་བའི་གཞོན་ནུ། ཡིག་ངོ་མི་ཆོད་པའི་རྒན་གྲས་རྣམས་ཀྱི་མི་ཚེར་ཡར་སྐུལ་དང་དྲང་ནུས་གང་མང་སྦྱིན་ཐུབ་པའི་མཆོག་འགྱུར་ལམ་རོགས་ཏུ་གྱུར་ཐུབ་པས་མ་ཚད། དམངས་ཡོངས་དཔེ་ཀློག་ལ་སྐུལ་མ་གཏོང་ཐུབ་པའི་འདུན་པ་བཟང་པོ་འཆང་བཞིན་ཡོད། གལ་སྲིད་ནང་དོན་དང་གྱེར་ཀློག་བྱེད་སྟངས་ཐད་ལ་མི་འཐད་པ་ཡོད་ཕྱིན། ལྷན་རྒྱས་ནས་དགོངས་འཆར་གང་མང་འདོན་རྒྱུའི་རེ་བ་ཡོད།   

མི་སུ་འདྲ་ཞིག་ཡིན་རུང་། རང་ཉིད་སྐྱེས་ཐོབ་ཤེས་རབ་ཅན་ཞིག་ཡིན་པར་འདོད། དོན་ངོ་མར་སྐྱེས་ཐོབ་ཤེས་རབ་ཅན་ཁོ་ནས་ང་ཚོའི་མི་ཚེར་ཁ་ལོར་བསྒྱུར་ཐབས་བྲལ། གལ་སྲིད་ཁྱེད་རང་སྐྱེས་ཐོབ་ཤེས་རབ་ལྡན་པའི་མི་ཞིག་ཡིན་ཡང་ནམ་ཡང་སྒྱིད་ལུག་དང་འགྲོགས་ཚེ། ཁྱེད་རང་གི་མི་ཚེ་འདི་ཉིད་སྔར་བཞིན་སྐྱེ་བོ་ཕལ་པ་ཞིག་གི་མི་ཚེ་ལས་མ་འདས། དེ་བས་སྐྱེ་བོ་ཕལ་པ་ཞིག་གིས་ལྡབ་གྱུར་གྱི་འབད་བརྩོན་ལྷོད་མེད་ལ་མ་བསྟེན་ན་དེ་བས་ཐོབ་ཆ་གང་ཡང་ཡོང་མི་སྲིད། དེར་བརྟེན། སྐྱེས་ཐོབ་ཤེས་རབ་ལྡན་ཡོད་དམ་མེད་ཀྱང་རུང་། ངེས་པར་དུ་བརྩོན་འགྲུས་འགྲོགས་སུ་བསྟེན་པ་དང་། ལག་ལེན་གདམས་པར་འཁྱོལ་ཞིང་། སྒྱིད་ལུག་དང་རིང་དུ་འགྱངས་ན། གྲུབ་འབྲས་ཀྱང་ཁྱེད་དང་ཉེ་བར་བཅར་སྲིད། 



དབྱངས་ཅན་སྒྲ་ལྡན་དཔེ་དེབ་འཕྲིན་སྟེགས་ལས་བཤུས།

Thursday, 30 April 2020

བོད་ཀྱི་ཡིག་གཟུགས་དུས་ཆེན་ནི། སྤྱི་ཟླ་ ༠༤ ཚེས་ ༣༠ ཉིན་གཏན་འཁེལ་བྱུང་བ་རེད།

ཁ་བརྡ་དྲ་བ་ལས་བཏུས།


སྤྱི་ཟླ་ ༠༤ ཚེས་ ༣༠ ཉིན་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱུང་དོན་ནི། བོད་ཀྱི་ཡི་གེར་དབྱངས་ ༤ དང་གསལ་བྱེད་ ༣༠ ཡོད་པས་ཡིན། ཞེས་བརྗོད་འདུག

འདི་ག་གསར་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ༢༠༡༧ ལོའི་ཟླ་ ༠༤ པའི་ཚེས་ ༡༥ ཉིན་ནས་ཚེས་ ༡༦ བར་མཚོ་སྔོན་མི་རིགས་སློབ་ཆེན་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་འཚོགས་ཡོད་པ་དང་།  ཚོགས་ཐོག་ནས་ལོ་རེའི་ཟླ་བ་ ༠༤ པའི་ཚེས་ ༣༠ ཉིན་དེ་བོད་ཀྱི་ཡིག་གཟུགས་དུས་ཆེན་དུ་གཏན་འཁེལ་བྱས་གནང་བའི་གནས་ཚུལ་ལོན་སོང་།

དོལ་པོ་བ་ལྷག་པ་རྡོ་རྗེ་བླ་མ་དང་ཁོང་གི་ཡིག་གཟུགས་མཛེས་རྩལ།

བཞི་པའི་སུམ་ཅུའི་ཉིན་མོ་སྟེ། བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།
ཡིག་གཟུགས་མཛེས་རྩལ་བ་དོལ་པོ་བ་ལྷག་རྡོར་བླ་མ་ནི། སེར་བྱེས་འབྲིང་རིམ་སློབ་གྲྭ་མཐར་ཕྱིན་ཅིང་། ཝཱ་ཎ་མཐོ་སློབ་ཏུ་སློབ་གཉེར་བྱེད་བཞིན་པ་ཡིན་ལ། མཐོ་སློབ་དེ་གར་ཉེ་ཆར་ཝཱ་ཎ་བོད་ཀྱི་གཞོན་ནུ་ནང་ཆོས་མཐུན་ཚོགས་དང་ཝཱ་ཎ་བདེ་དོན་ལྷན་ཚོགས་ཟུང་འབྲེལ་གྱིས་གོ་སྒྲིག་གནང་བའི་འོག སྤྱི་ཟླ་ ༠༤ ཚེས་ ༢༥ སྟེ། པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་ཡིག་གཟུགས་འགྲན་སྡུར་གྱི་ལས་འགུལ་སྤེལ་བའི་སྐབས་རྩེར་སོན་ཨང་གཉིས་པའི་བྱ་དགའ་བླངས་འདུག