རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 31 May 2021

ཡ་ཧུ་དཱ་པའི་ཁྱིམ་ཚང་སློབ་གསོའི་མན་ངག་བཅུ།

ཡོང་ཁུངས། མ་རྙེད།

ཡ་ཧུ་དཱ་པའི་བླ་ཆེན་དང་མི་སེར།

དང་པོ། དཔེ་ཀློག 
དཔེ་ཀློག་ནི་བྱིས་པའི་ལས་ཀྱི་སྡིག་སྒྲིབ་ཞི་ཞིང་། མི་གཞི་ལ་བཙོ་སྦྱང་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན། ཡ་ཧུ་དཱ་པས་ལོ་རེར་ཆ་སྙོམས་ཀྱིས་དེབ་ ༦༤ ཡན་ལ་ལྟ་ཞིང་། འཛམ་གླིང་དུ་ཆ་སྙོམས་ཀྱིས་མི་རེས་དཔེ་དེབ་ཉར་ཚགས་བྱས་ཚད་དང་། བཀླགས་ཚད་ཆེས་མཐོ་བའི་མི་རིགས་ཡིན། ཡ་ཧུ་དཱ་པའི་མི་འབོར་གྱིས་མང་ཤོས་ཟིན་པའི་ཨི་ཟི་རེལ་ཡང་། འཛམ་གླིང་དུ་རྒྱལ་དམངས་ཆ་སྙོམས་ཀྱིས་དཔེ་དེབ་ཉར་ཚགས་བྱས་ཚད་དང་། བཀླགས་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཡིན། 

Sunday, 30 May 2021

ཉག་སྦྲང་ཆར་གྱི་རང་མོས་སྙན་ངག་ཆེད་བསྒྲིགས།


༡༽


ད་ལྟའི་ནམ་ཟླ་ནི།
བག་ལྷོད་པའི་ཞོགས་པ་ཞིག་ལ་ཁེལ་འདུག
ཡོད་ཚད་མཛེས་ཤིང་ཟླུམ་པའི་ཟིང་དཀར་གྱི་མུ་ཏིག་རྡོག་ཅིག་རེད།

Friday, 28 May 2021

སྡེ་དགེ་པར་ཁང་ཆེན་མོ།

སྤྲུལ་སྐུ་འཆི་མེད་ཚེ་དབང་།


སྡེ་དགེ་པར་ཁང་ཆེན་མོ་ཆོས་མཛོད་བཀྲ་ཤིས་སྒོ་མང་ནི། མདོ་ཁམས་སྡེ་དགེ་རྒྱལ་པོའི་རྒྱལ་ས་ལྷུན་གྲུབ་སྟེང་དུ་ཆགས་ཤིང་། ཕྱི་ལོ་༡༧༢༩    ལོར་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ཕྱག་བཏབ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཤིང་པར་དུ་བརྐོས་ཤིང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞུ་ཆེན་མཛད།

ལོ་རྒྱུས་གསར་བསྐྲུན།: ཨ་མེ་རི་ཀའི་ཕོ་བྲང་དཀར་པོའི་ནང་དུ་སྟོན་པའི་དུས་ཆེན་བསུས་པ་ཐོག་མ།


ཨ་མེ་རི་ཀའི་ལོ་རྒྱུས་ནང་དེ་སྔ་བྱུང་མྱོང་མེད་པ་སྟེ། འདི་ལོར་ཨ་རིའི་སྲིད་བློན་ལས་ཤག་ཕོ་བྲང་དཀར་པོའི་ནང་དུ་སྟོན་པའི་དུས་ཆེན་ཐོག་མ་དེ་བསུས་ཡོད་པ་རེད།

Thursday, 27 May 2021

ཞི་བར་འཁྱུད་པའི་རླབས་ཆེན་གྱི་སྟོན་པ། [རྩོམ་རྙིང་།]

གླིང་ཚང་ཕྲིན་ལས་མཐར་ཕྱིན།


སུམ་རྩེན་ལྷ་ཡི་ཕོ་བྲང་དེ་ནས་སྤྲིན་གྱི་བང་རིམ་ཆིབས་སུ་བཅིབས་པའི་རབ་མཛེས་ཁྱེའུ་དམ་པ་ཞིག།
སྒྱུ་མ་ལྷ་མཛེས་ཁོག་པ་བརྒྱངས་ཏེ་ལྷུམས་ཀྱི་ཕུག་པར་བཙན་འཛུལ་བྱས་པའི་ཟས་གཙང་རྒྱལ་པོའི་སྙིང་ནོར་ཞིག།
རྩོད་ལྡན་དུས་ཀྱི་འཚུབ་ལོང་ཁྲོད་དུ་རྐང་གཉིས་མི་ཡི་གཟུགས་སུ་བརྫུས་པའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་དཔལ།།
ཁྱེད་རང་ཕེབས་པ་ཐོག་མ་ཡིན་པས་རི་བོ་གཡོ་ཞིང་ས་གཞི་འདར་ཏེ་སྙན་པའི་སྒྲ་ཡང་གྲག་པར་གྱུར།།

Wednesday, 26 May 2021

ས་ཟླའི་ཚེས་ཆེན་བཅོ་ལྔའི་སྟོན་པའི་རྗེས་དྲན་གྱི་སྙན་ངག་ཆེད་བསྒྲིགས།

༼༡༽
དད་པའི་མེ་ཏོག

ཨ་འདུས་སྐལ་བཟང་རྒྱ་མཚོ།


ལྗོན་པའི་དབང་པོ་བྱང་ཆུབ་ཤིང་དྲུང་དེར།།
རྡོ་རྗེའི་ཏིང་འཛིན་གདན་དུ་བྱས་པ་ན།།
མི་འཇིགས་རྣམ་བཞིའི་གཙང་པོ་གཞིབས་པ་ཡི།།
རྣམ་འདྲེན་ཆུ་གཏེར་ཆེན་པོ་ཡང་ཡང་དྲན།།

Tuesday, 25 May 2021

«རོ་ལང་བཀླགས་པའི་དེ་རིང་»མགྱོགས་བྲིས་མ།

གངས་སེང་དཀར་མོ། 


འཁོར་བ་ཆུང་ཆུང་མི་ཚོའི་རྩེ་བྱེད་ཙམ།།
དེ་རིང་ཆག་ཀྱང་སེར་སྣའི་རྒྱ་ལས་འགོང་།།
གཞན་གྱིས་གད་མོ་ཁོག་ལ་མི་ཤོང་བའི།།
ཉེས་པར་བསམ་ན་མིག་ཆུ་ལོས་ཡོད་དོ།།

Monday, 24 May 2021

རྒན་བཀྲ་ཤིས་ལགས། བཀའ་དྲིན་ཆེ།

གློ་བོ་ལྷུན་གྲུབ།


མིག་ཆུ་འཛུམ་གྱི་གསེབ་ན་སྦས་ནས་ཡོད།།
རེ་བ་ཐག་རིང་ཞིག་ཏུ་བཅོལ་ནས་ཡོད།།
སུ་ཡི་ངོ་ལའང་ང་ཚོ་མི་མཛེས་ཏེ།།
ལས་དབང་ཞིག་གིས་ང་ཚོ་དྭ་ཕྲུག་ཡིན།།

Sunday, 23 May 2021

«གང་ན་ཡོད།»མགྱོགས་བྲིས་མ།

གངས་སེང་དཀར་མོ། 


ནད་དང་མུ་གེ་འཐོན་ཉིན་ཅི་ཡང་མེད།།
ས་ཡོམ་ཆུ་ལོག་བསླེབས་ཉིན་ཅི་ཡང་མེད།།
སྡུག་གི་མུན་པ་འཐིབས་ཀྱང་ཅི་ཡང་མེད།།
མཐོང་བ་མེད་པའི་སྐྱབས་དེ་གང་ན་ཡོད།།

Friday, 21 May 2021

རེ་ཐག་ཆད་པའི་ཕྱི་གླིང་པ།

སྒོ་ཤེས་རབ་རྒྱ་མཚོ།


གཅིག
ཁོ་བོ་ལྷ་ལྡན་དུ་གྲྭ་སར་ཡོད་སྐབས། ཕ་ཡུལ་གྱི་གྲོགས་པོ་ཞིག་གིས་ཁ་པར་ལས་ང་ལ་བརྗེད་དཀའ་བའི་གཏམ་རྒྱུད་ཅིག་བཤད་མྱོང་། གྲོགས་པོས་བཤད་པའི་གཏམ་རྒྱུད་དེ་ནི། མདོ་སྨད་ཀྱི་དགོན་པ་ཞིག་གི་དངོས་བྱུང་གནས་ཚུལ་ཡིན་ལ། བོད་ཡུལ་གྱི་དགོན་སྡེ་སྤྱི་ལ་ཁྱབ་པའི་ཡོངས་ཁྱབ་སྣང་ཚུལ་ཞིག་ཀྱང་རེད་ཅེས་བརྗོད་ཆོག་པ་རེད། 

Thursday, 20 May 2021

ལྷ་སྒྲུང་ནང་གི་ང་ཚོ།

ཐོད་རྒལ།


ཆུ་མོའི་ཕ་རོལ་ཚུ་རོལ། །
ལ་མོའི་མདུན་རོལ་རྒྱབ་རོལ།།
འདྲིས་པའི་ཟླ་བ་དཀར་པོ། །
ལས་ཀྱི་བཀའ་ཆད་ཕོག་པས། །
སོ་སོའི་ཕྱོགས་སུ་དེད་སོང་། །

Wednesday, 19 May 2021

ཁྱེད་ཀྱི་ཉིན་མོ།

གངས་སེང་དཀར་མོ།


ལྷ་མོ་ཞིག་གིས་ཡང་ཡང་རྨིས་པའི་རྨི་ལམ་མངོན་དུ་འགྱུར་ཉིན་ཡིན།།
རྒྱལ་པོ་ཞིག་ཀྱང་སྨྱོ་ལ་ཁད་པའི་ཡ་ཁོག་སྡུག་གིས་སངས་ཉིན་ཡིན།།
ཚངས་དབང་ལྷ་དང་སྲུང་མ་དེ་ཚོས་སྙན་པའི་རྔ་ཆེན་རྡུང་ཉིན་ཡིན།།
འབངས་མི་དག་ཀྱང་སུན་པ་མེད་པར་ཞབས་ཀྱི་པདྨོར་འདུད་ཉིན་ཡིན།།

Tuesday, 18 May 2021

ཚིག་ལྷུག་འབྲི་ཐབས་བྱིས་པའི་དགའ་སྟོན།

བེ་རི་རྒྱལ་སྲས།


དང་པོ།  ཐོག་མའི་འཆར་འགོད།
༡ བརྗོད་གཞི་གཏན་འབེབས།
རྩོམ་ཡིག་ཅིག་མ་བྲིས་པའི་སྔོན་དུ་བརྗོད་གཞི་གང་ཞིག་གི་ཐོག་འབྲི་རྒྱུ་ཡིན་མིན་བསམ་བློའི་ནང་འཆར་འགོད་ལེགས་པར་བྱས་ཤིང་། དེ་ཡང་རྩོམ་ཡིག་འདི་སུ་ཡི་ཆེད་དུ་ཡིན་མིན། བརྗོད་དོན་གནད་དོན་གཙོ་བོ་གང་ཡིན་མིན་སོགས་ལ་གཏན་འབེབས་ལེགས་པར་གྲུབ་རྗེས་རྩོམ་ཡིག་དེའི་ཁ་བྱང་འབྲི་དགོས།

Monday, 17 May 2021

ཚོར་བ་གྱེར་བ།

ཚུལ་ཁྲིམས་ཟླ་བ།


སེམས་འགྱུ་ཁུ་བྱུག་གི་དབྱངས་རྟ།།
རི་བོའི་རྩེ་མོ་ནས་གྱེར་ན།།
སིམ་སིམ་སྦྲང་ཆར་གྱི་ཁྲོད་ནས།།
ཐུགས་རྗེའི་སྤྱན་རས་དེ་གཡོས་དང་།།

Friday, 14 May 2021

བྲིས་ནོར་ཤོར་བའི་གཏམ་རྒྱུད།

ཚེ་རིང་བསམ་གྲུབ། བལ་ཡུལ།


དོ་ཞག་ངས་འབྲི་བཞིན་པའི་གཏམ་རྒྱུད་འདིའི་ཁ་བྱང་«ཡི་མུག»ཡིན།
གཏམ་རྒྱུད་འདིའི་ནང་དོན་«བྲིས་ནོར་ཤོར་བའི་གཏམ་རྒྱུད་»ཡིན།
གཏམ་རྒྱུད་འདི་ད་རུང་མཇུག་འགྲིལ་མེད།

Tuesday, 11 May 2021

སྟོན་པའི་འཁྲུངས་ལོ་དང་གཤེགས་ལོ།

(གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འཁྲུངས་འདས་དུས་དྲན་གྱི་ལོ་གྲངས་སྐོར་ཡིག་བསྒྱུར་གྱི་ལམ་ནས་གསལ་བརྗོད་དང་རེ་བསྐུལ།)


དོལ་ཚེ་དགའ།

མགོ་གཏམ།

དུས་རབས་ཀྱི་ཁྱོག་མཚམས་འདིར། འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པའི་ཕ་མ། བྱིས་པ། དགེ་རྒན། སློབ་ཕྲུག དཔེ་ཀློག ཡིག་གཟུགས་སོགས་ཀྱི་དུས་ཆེན་མང་དུ་ཕྱིན་ཡོད་ཅིང་། ཆོས་ལུགས་བྱེ་བྲག་པ་རྣམས་ཀྱི་དུས་ཆེན་རྣམས་ཀྱང་འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་ཀློག་པ་ཐོས་བསམ་པ་ཡིན་རུང་མིན་རུང་སྤྱི་ཚོགས་རིག་གནས་ལ་ཁ་མ་ཕྱོགས་པའི་མགོ་ནག་གདོང་དམར་ཧི་མཱ་ལ་ཡའི་མི་རིགས་དུ་མ་ཞིག “སྔོན་མ་འུ་ཅག་བོད་བརྒྱུད་ནང་བསྟན་པས་སྟོན་པའི་དུས་ཆེན་གསུམ་འཛོམ་མམ་སྟོན་པའི་འཁྲུངས་སྐར་ཉིན་མོ་དེ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཉ་གང་ཉིན་མོར་རྩི་སྲོལ་ཡོད་ཀྱང་། དེང་སང་ཡང་འཛམ་གླིང་རྒྱལ་སྤྱི་ཅིག་ཅིག་དང་ལྷོ་བརྒྱུད་ནང་བསྟན་མིག་མིག་ཟེར་ནས་སྟོན་པའི་དུས་ཆེན་གྱི་ཉིན་མོ་དེ་ཁ་ཁར་རྩི་བཞིན་འདུག དེ་ཇི་ལྟར་ཡིན་ན།” བསམ་པའི་སོམ་ཉིའི་ཀློང་དུ་ཚུད་ཀྱིན་པ་རེད། 

Sunday, 9 May 2021

རྒྱལ་ཡོངས་ཨ་མའི་ཉིན་མོའི་སྙན་རྩོམ་ཆེད་བསྒྲིགས།

༼༡༽
«བརྩེ་བ་དྲན་པའི་ཉིན་མོ་»མགྱོགས་བྲིས་མ།

གངས་སེང་དཀར་མོ།


རྟག་ཏུ་ཕྱི་བཞིན་འབྲང་བའི་རྣམ་ཤེས་དེས།།
བརྩེ་བ་རྒྱ་མཚོ་འདྲ་ཞིག་བདག་ལ་གནང་།།
གལ་ཏེ་བརྩེ་བའི་མཚོ་ལ་གཟུགས་མཆིས་ན།།
སྲིད་གསུམ་སྣོད་དུ་སྤྱད་ཀྱང་ཆུང་བར་དོགས།།

Friday, 7 May 2021

བཤེས་གཉེན་བསྟེན་པ་ནི་དགོན་སྡེའི་སློབ་གསོའི་རྩ་གནད་དུ་འཛིན་འོས།

བོད་ལྕེ། 




    ཆོས་འབྱུང་དང་རྣམ་ཐར་རེ་ལ་མཇལ་དུས། སྔར་གྱི་བླ་མ་དག་ནི་མཁས་པ་དང་གྲུབ་པ་མཉམ་དུ་ཡོང་། སློབ་གཉེར་དང་ཉམས་ལེན་ལྷན་དུ་ཚར། བླ་མ་དང་དགེ་རྒན་གཅིག་ལ་བྱེད། གདམས་ངག་དང་སློབ་ཁྲིད་གཉིས་སུ་མེད། སློབ་གཉེར་ཉིད་འཚོ་བར་གྱུར། སློབ་གཉེར་གྱི་ཉིང་དགོས་དང་གཏན་གྱི་འདུན་མ་གཅིག་ལ་བརྩི་མཁན་དུ་འདུག་པས། དེས་ཁོང་ཅག་གི་མི་ཚེ་ལེགས་གྲུབ་བྱུང་བ་ཡིན་ནམ་བསམ་པའི་ཚོར་བ་རེ་སྐྱེད་ཡོང་། 

Wednesday, 5 May 2021

ཚེ་འདིར་དངོས་མཇལ་སྐལ་བ་བཟང་།

ཀརྨ་དབང་རྒྱལ། ཧྥ་རན་སི།


ན་མོ་གུ་རུ་ཡེ།

སྐུ་མཚན་དཔེ་གཟི་བྱིན་ལྷང་ངེ་བ།།
གསུང་མདོ་སྔགས་ཆོས་སྒྲ་རྟག་ཏུ་སྒྲོག།
ཐུགས་མཉམ་ཉིད་ལྟ་བའི་ངང་ལ་བཞུགས།།
དཔལ་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན།།

Tuesday, 4 May 2021

«སློབ་སྦྱོང་གི་ཐབས་ལམ་མུན་སེལ་སྒྲོན་མེ།» གཙོ་བོ་མཐོ་འབྲིང་གི་སློབ་མ་ཚོར་ཁ་གཏད་ཡོད།

རབ་གསལ།


“སྤྱིར་འཇིག་རྟེན་འདིར། གཞན་གྱིས་འཕྲོག་མི་ཐུབ་པའི་བྱ་དངོས་རིགས་གསུམ་ཡོད་པ་སྟེ། གཅིག་ནི་གྲོད་ཁོག་ཏུ་བཅུག་ཟིན་པའི་ཟས་རིགས་དང་།  གཉིས་ནི་སེམས་ཁོང་གི་ཕུགས་འདུན།  གསུམ་ནི་བཀླགས་ནས་ཡིད་ལ་བཅུག་ཟིན་པའི་དཔེ་ཆའི་ནང་དོན་ཡིན་པ་དང་།  དཔེ་ཆ་ཀློག་པ་ནི་འཚོ་བའི་ལམ་སྟོན་ཡིན།” ཟེར་བ་ལྟར།   དཔེ་ཀློག་གི་གལ་ཆེན་རང་བཞིན་ནི་ཁོ་བོས་འདི་ནས་མ་གླེང་ནའང་ཚང་མའི་སེམས་སུ་ཁྲིགས་སེ་ཡིན་ཤག་རེད།

Monday, 3 May 2021

མཇུག་མཐའི་སྐུ་པར།

སྒོ་ཤེས་རབ་རྒྱ་མཚོ།


གཅིག
འདི་ནི་དགེ་ཆོས་ཀྱིས་བསྐྱོན་པའི་སྐུ་པར་མཐའ་མ་ཡིན་ཚུལ་གོ་བ་ནས། པར་འདི་ལ་དུངས་པའང་དམིགས་བསལ་བ་ཞིག་ཆགས་བྱུང་། སྐབས་དང་སྐབས་སུ། ངས་སྐུ་པར་འདི་ལ་ཡང་ཡང་བལྟས་པ་ཡིན། སེམས་མ་སྐྱིད་དུས་ལྷག་ཏུ་ཉིན་རེར་ཐེངས་འགའ་རེར་བལྟས་པ་ཡིན། ལན་རེར། ལྟ་བཞིན་ལྟ་བཞིན་རང་ཉིད་ཀྱང་སྐུ་པར་སྟེང་གི་མལ་ཁྲིའི་གམ་དུ་འབྱོར་སོང་བ་ལྟ་བུའི་འཁྲུལ་སྣང་སྐྱེ་བར་མ་ཟད། འཁྲུལ་སྣང་གི་འཇིག་རྟེན་དེ་ནས། དགེ་ཆོས་མཆོག་གི་སྐྱོ་གདངས་འདྲེས་མའི་ཞལ་བརྡ་ཡང་རྣ་བར་ལྷུང་འོང་བ་འདྲ་བས། བྲང་ཁོག་འཁྱག་སོབ་སོབ་བྱེད། མགྲིན་པ་ཡང་ཡང་བརྣང་བར་འགྱུར།

Sunday, 2 May 2021

པདྨ་རྒྱལ་མཚན་གྱི་སྙན་རྩོམ་ཆེད་བསྒྲིགས།

༼༡༽
སྙིང་གི་ནོར་བུ།



མཇལ་བ་ཙམ་གྱིས་སེམས་ནང་དད་པ་སྐྱེས།།
བསམ་པ་ཙམ་གྱིས་སེམས་ཀྱི་སྡུག་བསྔལ་སེལ།།
འདི་ཕྱི་གཉིས་ཀྱི་སྐྱབས་དང་མགོན་པོ་ཡིན།།
རྩ་མའི་བླ་མ་སེམས་ཀྱི་གཞི་རྩ་ཡིན།།

Saturday, 1 May 2021

«དོན་དམ་ལྟ་བའི་རང་ཞལ་མཇལ་བ།» ང་ཆུང་དུས་འདི་འདྲ་ཞིག་འབྲི་མྱོང་། ཧ་ཧ།

དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ།


༄༅། །ཀུན་རྫོབ་དོན་དམ་མ་ཡིན་སྒྲིབ་པ་ལས་ལོག་ན།།
ཆོས་ཉིད་གནས་ལུགས་མི་རྙེད་བློ་འདས་ཀྱི་ཀློང་དུ།།
རིག་སྟོང་ཆོས་སྐུའི་བཞུགས་ཚུལ་ལྷན་སྐྱེས་ཀྱི་རང་ཞལ།།
ཕྱོགས་ཙམ་གོ་ཡུལ་ཤེས་པ་བླ་མ་ཡི་བཀའ་དྲིན།།