སེམས་ཀྱི་ཞིང་ས།
སོས་ཀའི་ཞིང་ལས་དང་དགུན་ཆང་གི་ཉིང་ཁུ་དག་དྲི་ཞིམ་མེ་ཏོག་གི་དོན་དུ་ཡིན་ནམ།ཆར་རླུང་དག་གང་དུ་ཡང་མི་ཕྱོགས་པར་མེ་ཏོག་རྐང་རེ་རེའི་སྟེང་དུ་ལྷོད་ཀྱིས་འབབ།ཉི་མ་དང་སྨུག་པས་མེ་ཏོག་གི་ཟིལ་བུ་དལ་གྱིས་ཕྱིས།རྫི་བོས་གླུ་དབྱངས་གྱེར།ཞིང་ཁ་རུ་ཕ་མས་སྤག་དང་དགུན་ཆང་གི་ཉིང་ཁུའི་བཅུད་ལ་རོལ།འབྲོག་པ་དང་ཞིང་པའི་རྫི་བོ་སྐྲ་ལོ་ཅན་རྣམས་ཚེ་རིང་ཡང་ཆོག་ལ་ཐུང་ཡང་ཆོགའཚོ་དུས་དཔལ་ཡོན་རེད།མེད་དུས་དྲན་གདུང་ཡིན།འདི་དང་ཕྱི་མའི་དོན་དུ་དམ་ཆོས་ཀྱི་དངོས་གྲུབ་འབྱུང་གནས།ཕ་ས་ཕ་ཡུལ་ན་ཕ་མེས་ཀྱིས་འཚོ་བའི་མྱོང་རོལ་ལ་སེམས་པ་གླན་དུས།ཕོར་བའི་ནང་དུ་འོ་ཇ་ཁ་ཞག་འཁྱིལ་ལེར་གནས་བཤད་དང་། གླིང་སྒྲུང་།ད་དུང་ཐབ་ཚང་ནང་གི་མེ་དྲོད།ལུས་སེམས་ཐག་རིང་དུ་འཚོ་རུང་རིག་གཞུང་དང་ཆོས་ལུགས་ཀྱི་འདུན་པ་ནམ་ཡང་འདོར་མི་ཉན་པའི་ངའི་ཕ་ས་ཕ་ཡུལ།
ཡོང་ཁུངས། ཆོས་འཁོར་ཚང་ཉི་མ་ཚེ་རིང་གི་ངོ་དེབ་ལས་དྲངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།