དེ་ཡང་མཚན་བྱང་ཞེས་པ་འདི་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་ཚེ་འདས་རྣམ་ཤེས་དེ༔
རིགས་དྲུག་གང་ན་ཡོད་པའི་ས་དེ་ན༔ བདག་གི་འོད་ཀྱིས་རེག་མ་ཐག་ཏུ་ནི༔
རྣམ་ཤེས་ནྲྀཿདེ་ཨཱཿདཀར་གཅིག་ཏུ་གྱུར༔ མདུན་དུ་བཀུག་ནས་མཚན་བྱང་རྟེན་ལ་བསྟིམ༔ ཞེས་གསུངས་པ་ལྟར་ཚེ་འདས་བར་སྲིད་དང་རིགས་དྲུག་སོ་སོས་གནས་ནས་དཀོན་མཆོག་གི་བདེན་སྟོབས་དང་།
རྣལ་འབྱོར་བའི་ཏིང་ངེ་འཛིན་སོགས་ཀྱི་མཐུས། དང་པོ་ཚེ་འདས་དེ་གཤེད་མ་དང་བྲལ་བ།
གཉིས་པ་བར་སྲིད་དང་རིགས་དྲུག་གི་གནས་ནས་བཀུག གསུམ་པ་རྟེན་ལ་བསྟིམ་པ།
བཞི་པ་སྒྲིབ་སྦྱོང་དུག་ཁྲུས་བྱ་བ། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ་དང་།
དྲུག་པ་དཀྱིལ་འཁོར་དུ་འཇུག་པ། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ།
བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་དང་སྒྲིབ་པ་སྦྱོང་བ།
བཅུ་པ་ལམ་བསྟན་པ་དང་གནས་སྤར་བ་སོགས་ཚེ་འདས་ལ་ཕན་པའི་ཐབས་ཚུལ་བླ་ན་མེད་པའི་ཆོ་ག་རྒྱུད་སྡེ་དང་སྒྲུབ་སྡེ་དག་ན་མང་དུ་ཡོད་པའི་ཡ་ཀྱལ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་གའི་སྒོ་ནས་ཚུལ་བཞིན་དུ་ལག་ལེན་བྱེད་འདོད་ན་ཐོག་མར་མེད་དུ་མི་རུང་བ་ནི་རྣམ་ཤེས་ཀྱི་རྟེན་མཚན་བྱང་འདི་ཡིན།
སྤྱིར་མཚན་བྱང་འབྲི་ཐབས་དེ་ལའང་བཀའ་གཏེར་དུ་མ་ལས་བྱང་བའི་མི་འདྲ་བ་མང་དུ་མཆིས་ནའང་།
འདིར་གཏེར་ཆེན་ཀརྨ་གླིང་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལྟར་བྲིས་པ་ཡིན།
མཚན་བྱང་འདི་འབྲི་བའི་དམིགས་འདུན་ནི།
ཁེ་ལས་དང་ཚོང་རྫས་ཤིག་གི་ཆེད་དུ་བྲིས་པ་གཏན་མིན་པར།
ང་ཚོ་ནང་པ་སངས་རྒྱས་པའི་ཆོས་པ་རྣམ་དག་ཅིག་ཡིན་ནས་བཟུང་།
སེམས་ནང་ནས་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ལ་བསམ་བློ་གཏོང་བ་དང་།
ལུས་ངག་གི་ཐོག་ནས་རང་ནུས་ཅི་ལྕོག་གི་སྒོ་ནས་གཞན་ལ་ཕན་པ་སྒྲུབ་རྒྱུ་འདི་མ་བགོས་ལས་ཀྱི་བགོ་སྐལ་ལམ་ཕྲག་ཐོག་ཏུ་བབས་པའི་འགན་ཁུར་ཞིག་ཡིན།
དེ་བས་རྒྱ་ཆེ་མང་ཚོགས་ཤིག་ལ་མཚོན་ན་ཆེས་གོད་ཆག་དང་དཀའ་ཁག་ཆེ་ཤོས་དེ་ནི་མི་རྐྱེན་འདས་སམ་ཤི་ཆད་བྱུང་བ་འདི་ཡིན།
དེའི་སྐབས་སུ་གློ་བུར་དུ་མཚན་བྱང་ཚད་ལྡན་ཞིག་འཛོམས་དགོས་ན་ཧ་ཅང་དཀའ་ཁག་ཆེན་པོ་ཞིག་ཡོད་པས།
དཀའ་ངལ་དེ་ལ་དམིགས་ནས་མཚན་བྱང་འདི་གསེར་ལྷ་རྩེ་དགོན་པའི་གྲྭ་རིགས་སུ་གཏོགས་པ་རིག་འཛིན་ཆོས་དབང་ངམ་རིག་ཆོས་ཀྱིས་ཀུན་ལ་ཕན་དུ་རེ་བས་ལྷག་བསམ་རྣམ་དག་གི་སྒོ་ནས་རིན་མེད་དུ་འབུལ་བཞིན་ཡོད་པས་དགོས་མཁོ་ཡོད་པ་རྣམས་ཀྱིས་ཐུགས་ལ་ཟུངས།
སྐད་འཕྲིན་སྤྱི་སྟེགས་ཤིག་ལས་བཤུས།





No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།