མ་གསང་དྲང་མོར་སྨྲས་པའི་སེམས་ཚོར་ངོས་གཉིས་མ།
རྩོམ་པ་པོ།
ཚྭ་ནག་གདུང་སེལ།
དཔེ་ཆ་ཀློག་པ།
དེ་རིང་གི་ངལ་གསོར་ང་རང་གིས་རང་ཤག་ཏུ་དཔེ་ཆ་རེ་ཀློག་ཁུལ་གྱིས་འདུག་ཡོད།
ངས་འདི་ལྟར་བསམ།
ཁྱོད་ཀྱིས་ཐོག་མར་དཔེ་ཆ་ཀློག་པའི་དགོས་པ་དང་དགེ་མཚན་མང་པོ་ཞིག་མ་ཤེས་ཀྱང་མི་སྐྱོན།
གདམ་གསེས་མ་ནོར་བར་རིན་ཐང་ལྡན་པའི་དཔེ་ཆ་མང་པོ་རེ་རང་ནུས་ཅི་ལྕོགས་ཀྱིས་ཀློགས་དང་།
ཉི་མ་ཞིག་ལ་ཁྱོད་རང་གིས་དཔེ་ཆ་ཀློག་པའི་དགོས་པ་དང་དགེ་མཚན་མང་པོ་ཞིག་བཤད་ཐུབ་པའི་ངག་སྒོ་ངང་གིས་གྲོལ་ཡོང་།
དེ་དུས་ཁྱོད་རང་གིས་གནས་ལུགས་མང་པོ་ཞིག་རྟོགས་ཡོང་ལ་དཔེ་ཆ་ལ་འབྲལ་མི་འདོད་པའི་བརྩེ་སེམས་ཤིག་ཀྱང་ཤུགས་ཀྱིས་རྒྱུད་ལ་འཁྲུངས།
ཁྱོད་རང་གིས་དཔེ་ཆ་མང་དུ་ཀློགས་དང་སེམས་ལ་སྤྲོ་སྣང་ཞིག་འཕེལ་མི་ཡོང་ངམ།
དོན་ཆེ་བའི་བྱ་བཞག་ཅིག་འགྲུབ་སོང་སྙམ་པའི་སེམས་ཚོར་སྐྱིད་པོ་ཞིག་མི་འདུག་གམ།
དཔེ་ཆ་མང་དུ་བཀླགས་པའི་ངལ་བ་ནི་བདེ་སྐྱིད་ཅིག་ཡིན།
ཁ་པར་རྩེ་བ།
དྲྭ་སྒང་ནས་རིན་ཐང་ལྡན་པའི་བཀའ་སློབ་དང་། ལེགས་ཉེས་འབྱེད་པའི་རྩོམ་རིག་རྩ་ཆེན།
བློ་སྐྱེད་ཡོད་པའི་ཤེས་བྱ་སྣ་མང་ལ་ཉན་པ་དང་ལྟ་ཀློག་མི་བྱེད་པར། ཉིན་གང་བོར་ཁ་པར་ལ་ཅེར་ནས་སྐད་འཕྲིན་རྩེ་བ་འམ།
རོལ་རྩེད་འགྲན་པ། འཛམ་གླིང་གི་མིག་འཕྲུལ་གྱི་བརྙན་པར་མང་པོ་ལ་ལྟ་བ་སོགས།
གྲུབ་འབྲས་དང་ཐོབ་བྱ་མེད་པས་དུས་འདའ་བར་བྱ་ན།
ཁྱོད་རང་གིས་ཉིན་གཅིག་གི་བྱ་བ་ལ་སྤྱི་སྡོམ་བྱོས་དང་། ཁྱོད་ལ་ཅི་ཞིག་ཐོབ་ཡོད་དམ།
ཁྱོད་རང་གིས་ཅི་ཞིག་འགྲུབ་སོང་། ཁྱོད་རང་གིས་ཅི་ཞིག་མ་འགྲུབ་པར་འཐུས་ཤོར་བཏང་ཡོད།
མནོ་བསམ་ཞིབ་ཏུ་ཐོངས་དང་། ཡིད་མ་ཚིམ་པའི་གནོང་འགྱོད་དང་།
ལུས་མི་བདེ་བའི་མགོ་ཡོམ་ཞིག་འཁོར་མི་ཡོང་ངམ།
ཁ་པར་ལ་གཡེང་བའི་མཇུག་འབྲས་ནི་སུན་སྣང་ཞིག་ཡིན།
མཇུག་གཏམ།
ཤ་ཚ་བའི་གཏམ་བླུན་པོས་བཤད་ཀྱང་གསེར་ཡིན། གཞི་འཁྲུག་པའི་གནས་ལུགས། མཁས་པས་བཤད་ཀྱང་དུག་ཡིན། ཞེས་གསུངས་བ་ལྟར་རོ།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།