རྩོམ་པ་པོ། གོ་ཆ།
• _མཐུན་རྐྱེན་བདུན།
དང་པོ་ནད་མེད་བདེ་ཐང་ལུས་སེམས་དགོས།
།
གཉིས་པ་བརྡ་སྤྲོད་གཞུང་གི་རྨང་གཞི་དགོས།
།
གསུམ་པ་སྦྱང་བྱའི་གནས་ལ་སྤྲོ་བ་དགོས།
།
བཞི་བ་སྦྱོང་དུས་གཙོ་ཕལ་དབྱེ་འབྱེད་དགོས།
།
ལྔ་བ་ནམ་ཡང་མི་བསྒྱུར་རྒྱུན་འཁྱོངས་དགོས།
།
དྲུག་པ་དགེ་རྒན་མཁས་པའི་ཞལ་ཤེས་དགོས།
།
བདུན་པ་རིགས་པས་དཔྱོད་པའི་རང་ཚུགས་དགོས།
།
• _མི་བརྗེད་པའི་ཐབས་བཞི།
མི་བརྗེད་ཐབས་སུ་ཟིན་བྲིས་འདེབས་པ་གཅིག
།
གནད་ཀྱི་རྩ་བ་བློ་ལ་བཟུང་བ་གཉིས།
།
སློབ་གྲོགས་དག་དང་ཕན་ཚུན་བགྲོ་བ་གསུམ།
།
གཞན་ལ་འཆད་ཅིང་རྩོད་པ་བྱ་བ་བཞི།
།
• _དཔེ་ཆ་ཀློག་སྟངས།
མང་པོ་མི་ལྟ་བལྟས་ཟིན་བསམ་གཞིག་བྱེད།
།
དུབ་ན་ངལ་གསོ་སྤྲོ་ན་སླར་ཡང་འཇུག
།
ཐག་གཅོད་མ་སྔ་དཔྱད་པ་གནད་དུ་ཟུངས།
།
གཞན་རྗེས་མ་འབྲང་གང་ལའང་དོགས་པ་བྱོས།
།
གནད་མི་ཆེ་རྣམས་བམ་ཀློག་ཙམ་ཞིག་མཛོད།
།
ཟབ་མོའི་གནས་རྣམས་ཡང་དང་བསྐྱར་དུ་ཀློགས།
།
མི་གོ་བ་རྣམས་གཞན་ནས་གོ་བ་ཚོལད།
།
དགོས་མཁོ་མེད་རྣམས་རིང་དུ་བཀྱེད་པར་བྱ།
།
རྩ་བ་གཙིགས་ཟུངས་འགྲེལ་བ་ཐབས་སུ་སྟེནད།
།
སྤྱི་ཁོག་གཙོར་འཛིན་ཡན་ལག་ཞོར་དུ་སྦྱོངས།
།
ཁ་མིན་དོན་གྱིས་ལུང་ལས་རིགས་པ་གལ།
།
ཐོས་པ་གཅིག་ལ་བསམ་པ་བརྒྱ་རེ་གྱིས།
།
• _དཔེ་ཀློག་གི་དམིགས་ཡུལ།
རྙོག་དྲའི་ཚེར་མའི་ཕུང་པོ་བསྡུས་པ་ཡི།
།
མུ་མཐའ་བྲལ་བའི་སྐྱེ་འཆིའི་འཇིག་རྟེན་ན།
།
དགའ་འམ་སྡུག་ཀྱང་གཞན་ལ་མི་འཁྲི་བར།
།
རང་མགོ་རང་གིས་ཐོན་པ་དམིགས་ཡུལ་ཡིན།
།
2018/8/18
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།