རྩོམ་པ་པོ། གངས་སེང་དཀར་མོ།
སྙན་ངག་གླིང་བུ་འབུད་སའི་རི་དེའུ་འབུར་འབུར།།
མེ་ཏོག་སིལ་མ་དགྲམ་སའི་མཆོད་སྟེགས་ཙོག་ཙོག།
རྒྱང་རིང་ཕ་ཡུལ་འཚོལ་སའི་དེབ་ཐེར་སྲབ་སྲབ།།
དེ་རིང་གྱེས་ཁ་ཡིན་ཡང་ང་ལ་ཐུག་རོགས།།
སྐྲ་ལོ་དཀར་པོ་མཐོང་སའི་སྒེའུ་ཁུང་ཆུང་ཆུང་།།
སེམས་པ་ཡུལ་ལ་ལོག་སའི་རྐང་ལམ་ཕྲ་ཕྲ།།
ཆུ་ཆེན་རབ་ཁ་ཟིན་སའི་ལྕགས་ཟམ་ཉུག་ཉུག།
དེ་རིང་གྱེས་ཁ་ཡིན་ཡང་ང་ལ་ཐུག་རོགས།།
རྫི་གླུ་དབྱངས་ལ་འགུག་སའི་སྐད་སྦུག་ནར་ནར།།
སྒྲ་སྙན་འབྲུག་མགོ་དཀྲོལ་སའི་གདང་བུ་ཀྱོག་ཀྱོག།
གངས་རིའི་ཁ་སྣ་འགུལ་སའི་མེ་ལོང་སྒོར་སྒོར།།
དེ་རིང་གྱེས་ཁ་ཡིན་ཡང་ང་ལ་ཐུག་རོགས།།
ཁ་ཡིག་སྣོད་དུ་བཅུག་སའི་སྒྲོམ་བུ་རྡོག་རྡོག།
གླེགས་བུ་ཁྲི་ཆག་རྩིག་སའི་དཔེ་ཁང་སྒམ་སྒམ།།
མེས་པོའི་དབྱངས་རྟ་འབྲི་སའི་དུང་ཤོག་ལེབ་ལེབ།།
དེ་རིང་གྱེས་ཁ་ཡིན་ཡང་ང་ལ་ཐུག་རོགས།།
གསང་བའི་མདུད་སྣེ་རྒྱག་སའི་སྒྱེ་མོ་ཧྲལ་ཧྲལ།།
ཆུ་མིག་དགུ་སྒྲིལ་དབབ་སའི་རྒྱབ་རི་ཟོར་ཟོར།།
རྒྱས་འཛོམ་སྤྱན་བསྟར་ཞུ་སའི་ཡོལ་བ་ལམ་ལམ།།
དེ་རིང་གྱེས་ཁ་ཡིན་ཡང་ང་ལ་ཐུག་རོགས།།
དགའ་སྐྱོ་རླུང་ལ་སྤུར་སའི་བྲང་ཁོག་བྱུར་བྱུར།།
ཁེར་རྐྱང་ཆིག་ལབ་རྒྱག་སའི་རྩེད་རོགས་ཙབ་ཙབ།།
རྟ་ཁ་གཞན་ལ་སྐོར་སའི་སྲབ་སྐྱོགས་ཐུང་ཐུང་།།
དེ་རིང་གྱེས་ཁ་ཡིན་ཡང་ང་ལ་ཐུག་རོགས།།
༢༠༢༠/༧/༡
ཡོངས་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།