རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 15 August 2020

ལེགས་གྲུབ་ཀྱི་ལམ་ཐོག་ཏུ་འཁྱེར་དགོས་པའི་རྒྱགས་ཕྱེ།

«ལེགས་གྲུབ་ཀྱི་ལམ།»ལས་བཏུས།

༡ རྒྱུན་འཁྱོངས་ཀྱི་སྙིང་རུས།

རྒྱུན་འཁྱོངས་མེད་ན། ཕུགས་བསམ་ཟེར་ཡང་གཉིད་ལམ་རེད་ལ། སྡུག་རུས་མེད་ན། ལེགས་གྲུབ་ཟེར་ཡང་འཁྲུལ་ལབ་རེད། བྱ་བ་ཅི་ཞིག་འགོ་བརྩམས་རུང་། ངེས་པར་དུ་བརྒྱུད་རིམ་ཞིག་འགྲོ་དགོས་ལ། བརྒྱུད་རིམ་དེའི་ནང་དུ་ཁྱེད་རང་ཡིད་མཆི་མས་བརླན་པའི་དུས་དང་། ལུས་ངལ་བས་མནར་བའི་སྐབས་ཤིན་ཏུ་མང་པོ་ཞིག་འཕྲད་ངེས་རེད། ཡིན་ཀྱང་རྒྱུན་འཁྱོངས་ནི་ལེགས་གྲུབ་ཀྱི་འཕར་རྩ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཕུགས་བསམ་རྒྱུན་འཁྱོངས་གནང་དགོས།


གལ་སྲིད་བྱ་བ་མཐར་ཕྱིན་པའི་རྒྱུན་འཁྱོངས་ཤིག་མི་གནང་ན་གནས་སྐབས་ཀྱི་ཨ་གསར་ཁོ་ནས་བློ་ཡུལ་ལས་འདས་པའི་འབྲས་བུ་ཞིག་གཏན་ནས་སྨིན་མི་ཐུབ། མཁས་པས་དང་པོ་བརྩམས་ཕྱིན་ཆད། །ཅི་ལ་ཐུག་ཀྱང་ཕ་མཐར་སྐྱེལ། །ཞེས་པ་ལྟར་དཀའ་སྡུག་དང་འགྲན་སློང་གང་ཞིག་འཕྲད་ཀྱང་སྙིང་རུས་བསྐྱེད་ནས་མཐའ་སྐྱེལ་གནང་དགོས།


བྱ་བ་གང་ཞིག་ལ་འཇུག་ཀྱང་། གྲུབ་འབྲས་ཆུང་ཆུང་ཞིག་ལ་བློ་ཡིད་ཚིམས་ནས་ལྷོད་ཤིག་གེར་སྡོད་པ་ནི་རྗེས་ལུས་ཡོང་བའི་རྐྱེན་འབའ་ཞིག་ཡིན་པས། དམིགས་ཚད་གཅིག་ནས་གཅིག་ལ་འཛེགས་པའི་སེམས་ཤུགས་བཅངས་ནས་བྱ་གཞག་གི་སྐས་རིམ་གསར་པ་ཞིག་ལ་སླེབས་པ་བྱ་དགོས་ལ། རྒྱུན་ཆད་མེད་པར་རང་ཉིད་གྱི་རིན་ཐང་གོང་མཐོར་གཏོང་དགོས།


༢ གོ་སྐབས་དམ་འཛིན་བྱ་དགོས།

ཨུ་སི་ཐིནཧྥེལ་ཕ་སེ་ཡིསལེགས་གྲུབ་མཁན་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གསུམ་ཡོད་དེ། གཅིག་ནི་དུས་དང་རྣམ་པ་ཀུན་ཏུ་གོ་སྐབས་འཚོལ་དགོས་པ་དང་། གཉིས་ནི་ཉིན་གཅིག་ལེགས་གྲུབ་ཀྱི་གོ་སྐབས་སླེབས་སྐབས། བློ་ཐག་ཆོད་པོས་གོ་སྐབས་ལག་ནང་དུ་འཛིན་དགོས། གསུམ་ནི་ཐོབ་པར་དཀའ་བའི་གོ་སྐབས་འདི་དམ་འཛིན་ནན་པོ་གནང་ནསཐབས་ཤེས་ཡོད་རྒུས་ལེགས་གྲུབ་ཡོང་བར་བརྩོན་ལེན་བྱ་དགོས།ཞེས་གསུངས་ཡོད། ལེགས་གྲུབ་མཁན་གྱིས་རང་འགུལ་གྱིས་རང་ལ་ལེགས་གྲུབ་ཀྱི་གོ་སྐབས་སྐྲུན་གྱི་ཡོད་ལ། སྙོམ་ལས་པ་ཡིས་གནམ་ལས་གོ་སྐབས་ལྷུང་བར་རེ་སྒུག་བྱེད་ཀྱིན་ཡོད།


གོ་སྐབས་གཅིག་གིས་ཁྱེད་ཀྱི་ལས་དབང་གི་ཁ་ལོ་བསྒྱུར་ངེས་ལ། གོ་སྐབས་གཅིག་གིས་ཁྱེད་རང་ལེགས་གྲུབ་ཀྱི་མཁའ་དབྱིངས་ན་ལྡིང་ཐུབ། སྙོམ་ལས་པ་ཚོས་ལེགས་གྲུབ་མཁན་གྱི་མི་ཚེའི་འབྱུང་བ་གླེང་སྐབས། རྟག་ཏུ་ཁོང་ལ་གོ་སྐབས་ལེགས་པོ་རག་རབས་དང་། ང་ལ་གོ་སྐབས་དེ་འདྲ་ཞིག་གཏན་ནས་ཐོབ་མྱོང་མེད་ཚུལ། གལ་སྲིད་ཐོབ་ན་གཏན་འཁེལ་ལེགས་གྲུབ་འབྱུང་སྲིད་སྙམ་བཞིན་ཡོད་པ་མ་ཟད། ད་དུང་སྐད་གསང་མཐོན་པོས་ང་ལ་གོ་སྐབས་དགོས་ཞེས་འབོད་ཀྱིན་ཡོད། ཡིན་ཀྱང་ཁྱེད་ཀྱིས་རང་འགུལ་གྱིས་གོ་སྐབས་འཚོལ་དགོས་པ་ལས། གོ་སྐབས་ཀྱིས་ནམ་ཡང་ཁྱེད་ཀྱི་རྒྱལ་སྒོ་བརྡུང་མི་སྲིད། ཁ་དཔེར་གོ་སྐབས་ནི་གྲ་སྒྲིག་མཁན་ལ་དབང་ཟེར་བ་ལྟར། ཁྱེད་ཀྱིས་རང་འགུལ་གྱིས་གོ་སྐབས་བཙལ་ན། གོ་སྐབས་ནི་འཚོ་བའི་གྲུ་ཟུར་གང་སར་ཡོད་ཅིང་། ཁྱེད་ཀྱིས་གོ་སྐབས་དེ་དག་བེད་སྤྱོད་གནང་ནས་རང་ཉིད་ཀྱི་སྙིང་སྟོབས་དང་འཇོན་ཐང་ངོམས་ཆོག་ལ། ཁྱེད་ཀྱིས་གོ་སྐབས་དེ་དག་སྤྱད་ནས་རང་ཉིད་ཀྱི་སྙིང་རུས་དང་ཆོད་སེམས་བརྡར་ཆོག དེ་ལྟར་ཁྱེད་ཀྱིས་ཕུལ་དུ་བྱུང་བའི་དགེ་རྒན་དང་གྲོགས་པོ་མང་པོ་བསྒྲིག་ཆོག


གོ་སྐབས་ཀྱི་ཁྱད་ཆོས་ཆེ་ཤོས་ནི་དུས་ཚོད་ཀྱི་ཚད་བཀག་ཤིན་ཏུ་ཆེན་པོ་ཡོད་པས། གསེར་ལས་ལྷག་པའི་གོ་སྐབས་ཐེངས་གཅིག་འཕྲོ་བརླག་བཏང་ནལོ་རྒྱུས་ཀྱི་རིན་དོད་ཕུལ་ནས་གསབ་ཀྱང་གསབ་དཀའ་བ་ཞིག་ཡིན། གལ་སྲིད་ཁྱེད་རང་ཚོང་ལས་ཀྱི་འགྲོ་ལམ་ཐོག་སྐྱོད་མཁན་ཞིག་ཡིན་ན། ཁྱེད་ཀྱིས་བློ་མིག་གྲུང་པོས་གོ་སྐབས་བཙལ་ན། ཁྱེད་ལ་མདུན་ལྗོངས་ཡངས་པའི་ཚོང་གླགས་བརྙེད་ངེས། ཡིན་ཡང་འགུལ་སྐྱོད་མ་གནང་ན། གོ་སྐབས་ཡོད་ཚད་གཞན་ལ་ཤོར་ངེས་ཡིན་པས། ཚོང་གླགས་ལ་དམ་འཛིན་གྱིས་ལེགས་གྲུབ་ཀྱི་འགྲོ་ལམ་ཐོག་སྤོབས་པ་མཐོན་པོས་བསྐྱོད་དགོས།


༣ ཕམ་ཉེས་ཀྱི་བྲོ་བ། ཁ་གཡར་མི་རུང་།

ཨི་ཊི་སོན་གྱིསང་ལ་ཕམ་ཉེས་དགོས། ང་ལ་མཚོན་ན་ཕམ་ཉེས་དང་ལེགས་གྲུབ་ཀྱི་རིན་ཐང་གཅིག་པ་ཡིནཞེས་གསུངས་ཡོད་ལ། ལིན་ཁིན་གྱིསང་ཚོས་དོ་སྣང་བྱ་ཡུལ་ནི་ཁྱེད་རང་ཕམ་ཉེས་བྱུང་མིན་དེ་མ་ཡིན་པར། ཁྱེད་ཀྱིས་ཕམ་ཉེས་ལ་འཁང་ར་ཡོད་མེད་དེ་ཡིནཞེས་གསུངས།


ཞིབ་པར་བལྟས་ན། ལེགས་གྲུབ་ཀྱི་ལམ་ཐོག་ཏུ་ཡོད་པ་ནི་ཕམ་ཉེས་རེད་ལ། མེད་པ་དེ་ལམ་ལྷོངས་རེད། ལེགས་གྲུབ་མཁན་གྱིས་ཕམ་ཉེས་ལ་འཁང་ར་གཏན་ནས་མི་བྱེད་ཅིང་། དེ་བས་སྙིང་སྟོབས་ཞུམ་མི་སྲིད། དེ་ལས་ལྡོག་ཏེ་ཁོ་ཚོས་ཕམ་ཉེས་འབྱུང་རྐྱེན་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་ལེགས་པོ་གནང་ནས་རང་ཉིད་ཀྱི་སྐྱོན་ཆ་འཚོལ་བཤེར་དང་བསྒྱུར་བཅོས་གནང་གིན་ཡོད། ཡིན་ཀྱང་སྙོམ་ལས་མཁན་ཚོ་ཕམ་ཉེས་ཐེངས་གཅིག་བྱུང་རྗེས། སེམས་གཏན་ནས་ཞུམ་པ་དང་། ཕམ་ཉེས་བྱུང་རྐྱེན་ཚང་མ་རང་ཉིད་ལ་རླུང་རྟ་དང་བཟའ་སྐལ་མེད་རབས་དང་། ཕྱི་ཁོར་ཡུག་མི་ལེགས་ཚུལ་གྱི་ལེ་ཁག་ཤ་སྟག་དཀྲི་ཡི་ཡོད།


ཁྱེད་རང་ཕམ་ཉེས་ཡོང་གི་འདུག་ན། དེས་ཁྱེད་རང་ལེགས་གྲུབ་ཀྱི་ལམ་བུའི་ཐོག་ཏུ་ཡོད་པ་མཚོན་གྱི་ཡོད་པས། ཁྱེད་ཀྱིས་འགྱེལ་ས་ནས་ལངས་ཏེ་མུ་མཐུད་མདུན་སྐྱོད་གནང་དང་། ཁྱེད་རང་གཏན་འཁེལ་ལེགས་གྲུབ་ཡོང་སྲིད།

 

ཡོངས་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས་ནས་བཤུས།

 

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།