འཁོར་བ།
ལོ་ཟླ་རྒས་སོང་། ཉི་འོད་རྒས་སོང་།
ས་དང་གནམ་གྱི་དབར་ནས་མི་ཁོ་ན་ལུས་འདུག
རླུང་བུ་དེས་ཅི་ཞིག་ལ་གཡོབ་བཞིན་འདུག་ཨང་།
ཚོར་བ་ཙམ་ལས་རིག་མི་ཐུབ་པའི་རླུང་བུ།
རླུང་གི་ཁ་ནང་ན་རུལ་གྱིན་པའི་ཉི་འོད་དེས།
ང་ཚོ་མང་པོ་ཞིག་ཚིགས་སོང་།
ཁ་སང་གི་རླུང་བུ་དེ་དག་ང་ཚོའི་བདེ་བ་ཡིན་ཡང་།
དེ་རིང་གི་རླུང་བུ་དེ་དག་ང་ཚོའི་སྡུག་བསྔལ་དུ་གྱུར།
སང་ཉིན་གྱི་རླུང་བུ་དེས་ང་ཚོར་གུ་ཡངས་གཏང་སྲིད་དམ།
རླུང་བུས་འཇིག་རྟེན་ལ་བྱབས་ཁྲུས་བྱས་ནའང་།
རླུང་བུས་མི་སེམས་ལ་ཐལ་རྡུལ་བཏབ་སོང་།
ད་དུང་ང་ཚོ་ནི་ལོང་བ་ལྟར་མཆིས་སོང་།
༡༥/༡༠/༢༠༢༠
སང་ཉིན།
སང་ཉིན་ནི་ཅི་ལྟ་བུ་ཞིག་ཡིན།
ས་སྲོད་ཀྱི་མཚམས་སྤྲིན་དམར་པོ།
སང་ཉིན་ནི་ཅི་ཡང་མིན་ལ་ཅི་ཡང་ཡིན།
རེ་བའི་མེ་ཏོག་བཞད་པ་དེ་སང་ཉིན་ཡིན།
སང་ཉིན་འཕྲོ་ན། མཐའ་མེད་པའི་ཉི་མ་ཡོད།
སང་ཉིན་ན། ངའི་ཆུང་དུས་ཀྱི་རྨི་ལམ་ཡོད།
སང་ཉིན་ན། ངའི་ཡུལ་མིའི་ཚོའི་ངང་རིང་ཡོད།
སང་ཉིན་ན། ངའི་ཕ་མའི་ཁ་ཆེམས་གསོན་པོ་ཡོད།
དེ་བས། སང་ཉིན་ནི་ཅི་ཡང་མིན་ལ་ཅི་ཡང་ཡིན།
༡༩/༠༩/༢༠༢༠
སྲོད་ཀྱི་སྨྲེང་བ།
༢༨།༠༧།༢༠༢༠
རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།