རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Thursday, 29 October 2020

ལྷ་སྲས་གཞོན་ནུ།

རྩོམ་པ་པོ། དོལ་པོ་ས་འདང་བ་པདྨ་རྒྱལ་མཚན། (སྔ་འགྱུར་མཐོ་སློབ་ཆེན་མོ།)

ཤར་ཕྱོགས་རི་བོའི་རྩེ་ནས།།
སེམས་ཀྱི་ཟླ་བ་བཞད་བྱུང་།།
མ་བཅོས་ཟླ་བའི་རང་མདངས།།
རྒྱལ་ཁམས་ཡོངས་ལ་ཁྱབ་སོང་།།

མཛེས་པའི་ལྡུམ་རའི་ནང་ནས།།
མེ་ཏོག་སྣ་ཚོགས་སྐྱེས་བྱུང་།།
དྲི་མེད་པདྨའི་རང་གཟུགས།།
ཀུན་གྱི་མིག་ལ་མཛེས་སོང་།།

སྐར་ཚོགས་འབུམ་གྱི་གསེང་ནས།།
པ་སངས་བཞིན་ཏུ་མཚར་བྱུང་།།
གངས་ཅན་ལྷ་ཡི་ཡུལ་ནས།།
ལྷ་སྲས་གཞོན་ནུ་གཟིགས་བྱུང་།།

དྲིན་ཆེན་རྩ་བའི་བླ་མར།།
དད་པའི་ཨ་ལོང་སྒོར་མོས།།
སྟོད་ཚིག་མེ་ཏོག་ཆུན་པོ།།
སེམས་ཀྱི་དཀྱིལ་ནས་འབུལ་ལོ།།

༢༨/༡༠/༢༠༢༠


རྩོམ་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཏུས།

2 comments:

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།