ཇི་ལྟར་འབྱུང་བའི་ཁུངས།
༄། །བླ་མ་ས་སྐྱ་པ་ཆེན་པོ་དགུང་ལོ་བཅུ་གཉིས་བཞེས་པའི་ཚེ། །འཕགས་པ་འཇམ་པའི་དབྱངས་ཀྱི་སྒྲུབ་པ་ཟླ་བ་དྲུག་མཛད་པས། དུས་གཅིག་གི་ཚེ་འོད་ཚོགས་ཀྱི་དབུས་ན་རིན་པོ་ཆེའི་ཁྲི་ཞིག་གི་སྟེང་ན་རྗེ་བཙུན་འཇམ་དབྱངས་དམར་སེར་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། བཟང་པོའི་སྟབས་ཀྱིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའ་གཉིས་གཡས་གཡོན་དུ་གནས་པ་མངོན་སུམ་དུ་གཟིགས་ཏེ་གཙོ་བོའི་ཞལ་ནས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན།།
བདག་དོན་ལ་ཞེན་ན་བྱང་སེམས་མིན། །འཛིན་པ་བྱུང་ན་ལྟ་བ་མིན།།
ཞེས་གསུངས་པའི་དོན་ལ་དཔྱད་པས། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཉམས་ལེན་ཐམས་ཅད་ཞེན་པ་བཞི་དང་བྲལ་བའི་བློ་སྦྱོང་དུ་འདུ་བར་དགོངས་ཏེ།
ཆོས་ཐམས་ཅད་ལ་ངེས་ཤེས་ཁྱད་པར་ཅན་འཁྲུངས་པ་ཡིན་ནོ།། ཇི་ལྟར་ཉམས་སུ་ལེན་པའི་ཐབས།
༡༽ ''ཚེ་འདི་ལ་ཞེན་ན་ཆོས་པ་མིན།།'' ཞེས་དལ་འབྱོར་རྙེད་བཀའ་དང་འཆི་བ་མི་རྟག་པ་བསམ་ཚུལ་རང་བཞིན་གྱི་སྟོན།
མན་ངག་གི་གནད་གཞན་དང་སྦྱར་བ།
༡༽ ཚེ་འདི་ལ་ཞེན་པ་དང་བྲལ་ཐུབ་པའི་གདེང་ངམ་ཉམས་ལེན་ཡོད་ན། ངེས་པར་དུ་བློ་ཆོས་སུ་འགྲོ་བར་བྱེད། དེ་ལ་བར་ཆད་གང་ཡང་མེད།
༢༽ དེ་བཞིན་དུ་རིམ་པར། འཁོར་བ་པ་ལ་ཞེན་པ་དང་བྲལ་ཐུབ་ན། ཆོས་ལམ་དུ་ངེས་པར་དུ་འགྲོ།
༣༽ བདག་དོན་ལ་ཞེན་པ་དང་བྲལ་ཐུབ་པའི་ཉམས་ལེན་ཡོད་པའི་གང་ཟག་ཞིག་ངོ་མ་ཡིན་ན། ལམ་འཁྲུལ་པ་སེལ་མི་ཐུབ་པའི་གནས་གང་ཡང་མེད། ཅིའི་ཕྱིར་ཞེ་ན། འདི་ལ་ཐེག་ཆེན་ཀྱི་གནད་ཚང་མ་ཚང་ཡོད་པ་རེད།
༤༽ མཐའ་བཞིར་ཞེན་པ་དང་བྲལ་ཟེར་པའི་དོན་རྟོགས་ཡས་དེ་ཧ་ཅང་གི་ཁག་པོ་རེད། གལ་ཏེ་དེ་དོན་རྟོགས་ཐུབ་ན། འཁྲུལ་པ་ཡེ་ཤེས་སུ་འཆར་གསུངས།
འདི་ན་དབུ་ཕྱག་རྫོགས་གསུམ་གྱི་དགོངས་པ་སོ་སོར་སྦྱར་ནས་བཤད་མི་ཆོག་པ་དང་མི་ཐུབ་པ་གང་ཡང་མེད། དགོངས་དོན་ངོ་མ་དེ་རྙེད་ན་གང་ཟག་དེ་འཁྲུལ་བ་ཡེ་ཤེས་སུ་མ་འཆར་རང་འཆར་ཡིན་པའི་གནད་དང། གནས་ལུགས་དོན་དམ་མཐར་ཐུག་ལ་གོ་བ་ལོངས་ཐུབ་པའི་ཐོས་བསམ་སྒོམ་པའི་ནུས་པ་དང། ཡང་ན་ལྷན་སྐྱེས་དབང་རབ་ཀྱི་བསོད་ནམས་དགོས་པར་སྣང་ངོ་། །དོལ་པོ་ཤཱཀྱས་སོ།།
རྩོམ་ཁུངས། དོལ་པོ་བདེ་དོན་ལྷན་ཚོགས་ཀྱི་འཕྲིན་སྟེགས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།