རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 6 November 2020

བོར་ལ་ཉེ་བའི་ཐ་སྙད།

རྩོམ་པ་པོ། དོལ་པོ་ཉི་བསམ། (སེར་བྱེས་སློབ་གྲྭ།)
མི་རབས་མང་པོའི་རི་རྒྱུད་ཀྱི་ཁྲོད་ནས།
ཐ་སྙད་ཀྱི་གཙང་པོ་འདི་འགག་མེད་དུ་བཞུར་ཡང་། 
ད་ལྟ་སའི་གོ་ལའི་མཐའ་རུ་བཞུད་ལ་ཉེ།
ཐ་སྙད་ཀྱི་གཙང་པོ་ཐག་རིང་ནས་རྒྱུ་སྟེ་བབས་ཀྱང་།
རྒྱ་མཚོར་བབ་པའི་སྐལ་བ་ཞིག་མ་མཆིས།

མི་རིགས་ཀྱི་སྲོག་རྩ་ནས་དཔྱང་པའི་ཐ་སྙད།
ད་ལྟ་དབུགས་དབྱུང་གཅིག་གིས་བར་སྣང་དུ་ཡལ་ལ་ཉེ།
རླུང་འཚུབ་ལྟ་བུར་ཚུགས་ཀ་མེད་པར་གང་སར་ལྡོམ། 
སུ་ཞིག་གིས་ཀྱང་བར་སྣང་དེར་ཅི་ཞིག་སྤུར་བཞིན་པ་མ་ཚོར། 

མི་རིགས་ཀྱི་སྲོག་རྩ་ཡིན་ཞེས་པའི་ཐ་སྙད་དག།
དོན་དུ་མི་རིགས་འདིས་དམར་གསོད་གཏོང་།

ཡང་ན།
སྙིང་ཉེ་བའི་སྨྱུག་གུ་ཚོའི་སྣག་ཚ་དེ་རྫོགས་པས་རེད་དམ། 
ཡང་ན། མི་རིགས་ཚོའི་ཤ་ཚ་དེ་རྫོགས་པས་རེད།

ཉི་བསམ་གྱིས། ཐོལ་བྱུང་དུ་བྲིས།

རྩོམ་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་དྲངས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།