རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Friday, 6 November 2020

ཕར་ཕྱིན་བཤེས་གཉེན་རྗེས་སུ་དྲན་པའི་བསྟོད་ཚིག

རྩོམ་པ་པོ། དོལ་པོ་ཀ་རང་བ་སྣང་རྩེ་ཚེ་དབང་ནོར་བུ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
ཡབ་སྲས་བརྒྱུད་པར་བཅས་པ་རྒྱལ་ལོ།།

དུག་ལྔས་མྱོས་པའི་མཐའ་མེད་སྡུག་བསྔལ་གྱི་རྒྱ་མཚོར།།
མུ་མཐས་དབེན་པའི་རྒྱུད་ལྔའི་སྐྱེ་རྒུ་ལ་བསམ་གྱིན།།
ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཞི་བ་ཡི་ཞལ་ནས།།
མི་འཇིགས་སེངྒེའི་སྒྲ་སྒྲོག་གང་ཉིད་རང་རྒྱལ་ལོ།།

སྟོང་ཉིད་རྔ་སྒྲས་ས་གསུམ་རི་སྲུལ་དག་ཁྱབ་པའི།།
ཤིང་རྟ་ཉག་ཅིག་མགོན་པོ་ཀླུ་སྒྲུབ་ཁྱེད་རྒྱལ་ལོ།།
མངོན་རྟོགས་གཏམ་གྱི་རྒྱལ་མཚན་སྲིད་རྩེ་རུ་སྒྲེང་བའི།།
ས་བཅུའི་དབང་ཕྱུག་རྒྱལ་ཚབ་བྱམས་པ་ཁྱེད་རྒྱལ་ལོ།།

དུས་གསུམ་རྒྱལ་བ་ཀུན་གྱིས་ཐུགས་དམ་དུ་མཛད་པའི།།
སྲས་བཞིའི་བཞེད་པ་སྒྲུབ་པའི་ཡུམ་མཆོག་གི་ཨ་མ།།
གཅེས་པར་སྐྱོང་ལ་ས་སྐྱོང་གཅིག་པུ་དེར་གྱུར་བའི།།
སེངྒེ་བཟང་པོ་དུས་གསུམ་ཀུན་ཏུ་རང་རྒྱལ་ལོ།།

སྙིགས་ལྔའི་རྒུད་པ་མཚན་མོའི་སྨག་རུམ་ལྟར་མཆེད་མོད།།
ཐར་བའི་རྨུ་ཐག་བཟུང་བའི་ཆོས་སྤྱོད་ལ་གཞོལ་ཚེ།།
དུས་ཀྱི་སེམས་དཔའ་ཆེན་པོ་གཅིག་ཉིད་དུ་བསྔགས་པའི།།
ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཁྱེད་རྒྱལ་ལོ།།

ཡོད་ཚད་རང་དོན་སྒྲུབ་ལ་བྲེལ་རྗེས་ཀྱི་ཤུལ་ན།།
ལོ་བརྒྱད་དཔེ་ཁྲིད་གནང་བའི་སེམས་ཤུགས་ལ་འཇལ་ན།།
འདྲ་འདྲའི་ནང་ནས་མི་འདྲའི་ལྷག་བསམ་གྱིས་ཕྱུག་པ།།
མཁན་པོ་བསྟན་འཕེལ་དབང་ཕྱུག་དུས་ཀུན་དུ་རྒྱལ་ལོ།།

ཤེར་ཕྱིན་གྱི་དཔེ་ཁྲིད་མཐའ་ལེགས་པར་གྲུབ་པའི་ཉིན། 2020/11/6 ཚེ་ནོར་ནས།

རྩོམ་ཁུངས།: རྩོམ་པ་པོའི་ངོ་དེབ་དྲྭ་བ།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།