རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 23 January 2021

ལ་མགོའི་ཉི་འོད་དང་འདྲ་བའི་ཐུབ་བསྟན།

ཚེ་རིང་བླ་མ། དེ་རཱ་དཱུན།


ངུར་སྨྲིག་གོས་འདི་ཀླུབ་མཁན་མང་ན་ཡང་།།
བསྟན་པ་ངོ་མ་གར་སོང་མི་ཤེས་པས།།
ཤིན་ཏུ་རྒུད་པའི་དུས་ངན་ཤར་མཚམས་འདིས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

ཕྱི་རུ་དགོན་པ་རྫིག་པོ་མང་ན་ཡང་།།
ནང་དུ་སྡེ་སྣོད་གསུམ་ལ་མཁས་པ་ཡི།།
དགེ་འདུན་ཧ་ཅང་ཉུང་བའི་དུས་ཚིགས་འདིས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

ཕྱི་ཡི་མི་ལ་གུས་འདུད་བྱེད་མཁན་མང་།།
ནང་དུ་ཉུང་ཟད་ཡོད་པའི་དགེ་འདུན་ལའང་།།
གུས་བཀུར་མེད་པའི་དུས་ཀྱི་ཀྱོག་མཚམས་འདིས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

ཤིན་དུ་ཟབ་པའི་གསང་བའི་ཉམས་ལེན་ལ།།
མཁས་པ་རྣམས་ཀྱིས་བསྲུང་བ་མི་བྱེད་པར།།
ཁྲོམ་བསྒྲགས་བྱེད་པའི་ཉེན་ཁའི་བྱེད་སྟངས་འདིས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

སྟོན་མཆོག་བཀའ་དྲིན་ཅན་གྱི་བསྟན་པ་ཡི།།
ཆོས་ཀྱི་སྒོ་རུ་བཞུགས་པའི་དགེ་འདུན་ཚོས།།
ཆེ་ཆུང་བར་ལ་གུས་ཞབས་དཀོན་པ་དེས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

ནང་དུ་རང་སེམས་གང་ཡིན་མི་དཔྱོད་པར།།
ཕྱི་རུ་ཁྲ་ཁྲའི་ཚོགས་ལ་ཧ་ཅང་གཡེང་།།
ཆོས་དང་འཇིག་རྟེན་བསྲེ་བའི་འཆལ་སྤྱོད་དེས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

ལས་ངན་སྣ་ཚོགས་གསོག་པའི་ལག་རྗེས་འདིས།།
ད་དུང་བཟོད་དཀའི་སྡུག་བསྔལ་འདྲེན་དོགས་པས།།
སྨྲ་ཤེས་དོན་གོའི་འདོད་རྔམས་ཆེ་བ་དེས།།
དམར་ཆུང་སྙིང་ལ་ན་ཟུག་བཏང་བྱུང་ངོ་།།

༢༡།༠༡།༢༠༢༠།


ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།