[ལོ་ངོ་ལྔའི་གོང་གི་འཛིན་གྲྭ་ལྔ་པའི་སྐབས་སུ་བྲིས་པ།] 🙂
དོལ་པོ་ཉི་བསམ། སེར་བྱེས་སློབ་གྲྭ།
དཔྱིད་ཀ་ལགས། ཁྱེད་ཀྱི་དུས་ཚིགས་འདིར་གནམ་གཤིས་ཧ་ཅང་དྲོད་འཇམ་ལྡན་ཞིང་ཉི་འོད་ས་གཞིར་འཕྲོས། དཔྱིད་ཀ་སླེབས་དུས་དཔྱིད་རླུང་རྣམས་དལ་བ་དལ་བུར་ལྡང་ཞིང་བྱ་ཁུ་བྱུག་རྣམས་ཀྱིས་གསུང་སྙན་ལྷང་ལྷང་དུ་སྒྲོག། རྩི་ཤིང་གི་ལྗང་མྱུག་རྣམས་ཀྱང་འབུས་ཏེ་དཔྱིད་ཀ་ཁྱེད་ཀྱི་དཔལ་ཡོན་ལ་རབ་ཏུ་བཞད།
དཔྱིད་ཀ་ལགས། ཁྱེད་ཀྱི་ནམ་དུས་ཤར་དུས་གྲོང་མི་རྣམས་ཀྱིས་ཞིང་ལས་འདེབས་ཤིང་རྩྭ་དང་རྩི་ཤིང་རྣམས་ཚང་ཚིང་དུ་སྐྱེས་ཏེ་མེ་ཏོག་ལྟར་འདྲ་མིན་རབ་ཏུ་བཞད། ད་དུང་ཁྱེད་ཀྱི་ནམ་དུས་འདིར་སྒོ་ཕྱུགས་རྣམས་ཀྱི་སྟོབས་ཤུགས་རྒྱས་ཤིང་གྲོང་མི་རྣམས་ཀྱི་སེམས་པ་དགའ་བས་བསྟས།
དཔྱིད་ཀ་ལགས། ཁྱེད་ནི་གཤིས་འཇམ་དང་བརྩེ་བའི་འོད་སྣང་བཞུར་བའི་མཛད་སྤྱོད་ཅིག ཁྱེད་ཀྱི་ནམ་ཟླ་ཤར་དུས་འཇམ་ཐིང་ཐིང་གི་གནམ་སའི་ངོ་གདོང་དང་བར་སྣང་དུ་སྤྲོ་སྣང་གིས་ཁེངས་པར་བྱས། རྩྭ་དང་རྩི་ཤིང་། ཚང་ཚིང་ལྗོན་པ་རྣམས་སྒེག་ཉམས་ཀྱི་དཔལ་ལ་རོལ་ཞིང་། ལྷ་ཡུལ་ལྟ་བུར་མེ་ཏོག་དང་མཛེས་དཔྱོད་སྣ་ཚོགས་ཀྱི་རབ་ཏུ་ཕྱུག་སྟེ། གྲོང་མི་ཚོར་ཉམས་སྣང་གི་ཡི་གར་འོང་ཞིང་གླུ་གར་འཁྲབ།
དཔྱིད་ཀ་ལགས། ང་ནི་སྔ་ནས་ད་བར་ཁྱེད་ཀྱི་དྲོད་འཇམ་ལྡན་པའི་པང་རུམ་ནས་བྱིས་པ་ལྟ་བུར་གསོ་སྦྱོང་བྱེད་དེ་འཚོ་ཡོད། ང་ནི་ཁྱེད་ཀྱི་བྱམས་བརྩེ་ཁོ་ན་ལ་བརྟེན་ནས་འཚོ་འོང་བ་ཞིག་ཅི་ལ་མིན།
དཔྱིད་ཀ་ལགས། ང་ལ་མཚོན་ན་ཁྱེད་ནི་གཤིས་འཇམ་དང་བརྩེ་བའི་འོད་སྣང་གིས་ཕྱུག་པའི་ངའི་ཨ་མ་ལྟ་བུ་ཞིག་ཡིན། མི་ཡུལ་འདིར། ངས་ནམ་དུས་བཞིའི་ནང་ནས་ལོ་ལྟར་དཔྱིད་ཀ་ཁྱེད་ཁོ་ནར་སྒུག་མྱོང་བ་ནི་ངས་གཏམ་གྱིས་མི་ཚོད། ང་ལ་མཚོན་ན་དཔྱིད་ཀ་ནི་ངའི་དགའ་ཤོས་ཀྱི་ནམ་དུས་ཤིག་ཡིན།
དེ་རིང་ཅུང་ཙམ་ཞིག་བཅོས་ཏེ་དྲན་ཐོར་བཀོད། དེ་དུས་བོད་ཡིག་རྩོམ་བྲིས་ལ་དབྱིངས་ཐོག་མ་ཞུགས་དུས་རེད། དེའང་རང་མོས་སྙན་ངག་བྲིས་ཡིན་ཁུལ། 😀
ཡོང་ཁུངས། རྩོམ་པ་པོའི་ངོ་དེབ་དྲྭ་བ་ལས་བླངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།