རག་བཙུན་དྲུང་ཉི། སྨན་རི་གླིང་།
མཁས་པའི་གོ་ས་འབྱོར་ལྡན་ཕྱུག་པོས་འཛིན། །
ཤེས་ཡོན་ལྡན་པའི་ཉམས་ཆུང་སྤྲང་དུ་ལུས། །
མཐོ་སློབ་ཕྱག་འཁྱེར་རིན་ཆེན་ནོར་གྱིས་ཉོས། །
བླ་མའི་གསེར་ཁྲི་ལྟག་སྒོ་ཅན་གྱིས་འཛིན། །
ཐོས་བསམ་བསྒོམ་པའི་སྐྱེས་བུ་རྒྱང་དུ་བཀར། །
སློབ་ཚོགས་འདུས་སྡེ་སྲིད་ཀྱིས་མངའ་འོག་བསྡུ། །
ལམ་ལུགས་འདི་ལ་བསམ་ན་སྙིང་དེ་གཟེར། །
སྨན་པའི་ལག་ཁྱེར་འབྱོར་ལྡན་བུ་ལ་ཐོབ། །
ནད་པའི་དོན་སྣོད་སྙིང་ཁྲོལ་ཟུང་ཁྲག་སོགས། །
མི་ཡི་ཡན་ལག་ཚོང་རྫས་རྒྱུ་རུ་གྱུར། །
དེ་དག་ཡིད་ལ་འཁོར་ན་ཅིས་མི་འཇིགས། །
གཞུང་ཞབས་ཕལ་གྱིས་གོ་སའི་ཆེད་དུ་དམིགས། །
འགོ་དཔོན་མཐོན་པོས་གཞུང་རྒྱུ་ཕག་ཏུ་སྦས། །
དོན་གྱི་དམངས་ཕན་ལྷག་བསམ་ཉིན་སྐར་ཙམ། །
དེ་དག་མིག་ལམ་མངོན་དུས་ཨ་ཐང་ཆད། །
དམར་ཤོག་སྲིད་དབང་གཉེན་ཉེས་ལོངས་སྤྱོད་བྱེད། །
དམངས་གཙོའི་གཙོ་འཛིན་དཔལ་འབྱོར་ཅན་ལ་དབང་། །
དེ་ཡང་ཕལ་ཆེར་རང་ཁེ་དོན་གཉེར་ཅན། །
དེ་ཕྱིར་ལྷིང་འཇགས་བྲལ་བའི་གླིང་འདི་སུན། །
འཛིན་བྱང་ལག་ཁྱེར་ལྐོག་བརྔན་ཆེ་ཆུང་གཙོ། །
དྲང་བདེན་མི་རྣམས་རེ་བའི་འོད་སྣང་བྲལ། །
དེ་ལྟར་ཐམས་ཅད་ལས་འབྲས་ཡིད་བོར་བའི། །
ངན་གཤིས་ལྟ་བ་ཅི་འདྲའི་སྐྱུག་བྲོ་ཨང་། །
༢༠༢༠།༠༤།༠༧ ཉིན་བྲིས།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-དེང་གི་སྤྱི་ཚོགས་རང་བཞིན།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།