རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 7 April 2021

རྫོགས་ཆེན་གླིང་གི་སྐྱེས་བུ་དམིགས་བསལ་བ་འགའ་རེའི་རྟོགས་པ་བརྗོད་པ།

རྫོགས་ཆེན་གླིང་ནི་སྔ་འགྱུར་རྙིང་མའི་རིག་འཛིན་སྔགས་པ་ཕོ་མོ་རྣམས་ཀྱི་དམ་ཆོས་བགྲོ་གླེང་གནང་སའི་གླེང་སྟེགས་ཤིག་རེད།

མེ་འོད། 


བཅོས་མའི་ཤུན་པ་རིང་དུ་དོར། །
མ་ངེས་སྤྱོད་པས་འགྲོ་དོན་མཛད། །
མདོ་སྔགས་གནས་ལུགས་ཐུགས་སུ་ཆུད། །
མཆོག་སྤྲུལ་སྨྱོན་པས་བྱིན་རླབས་རྩོལ། །

མཇལ་ན་གཟི་ལྡན་བྱིན་རེ་ཆགས། །
འཆད་ན་མཁས་དགུའི་སྙན་དབང་འཕྲོག །
ཉམས་ལེན་མངོན་རྟགས་ཕུལ་བྱུང་བ། །
དོལ་པོ་ཤྭཀྱའི་ཞབས་ལ་འདུད། །

རྣམ་རྟོག་སྤྲོས་པའི་མཁར་རྫོང་བཤིག །
སྤྲོས་མེད་མགུར་དབྱངས་ཐག་སེ་ཐག །
ཞི་དུལ་ཐུགས་འཇམ་གཞན་སེམས་འགུག །
ནམ་མཁའ་ཆོས་ཉིད་ཕྱག་གི་ཡུལ། །

རྫོགས་ཆེན་ལམ་ལ་དད་གུས་ཟབ། །
མདོ་སྔགས་རིགས་གཞུང་སྦྱང་པ་ཆེ། །
རང་རིགས་ཤ་ཞེན་ལྷག་བསམ་མངའ། །
འཇིགས་མེད་ཆོས་དབང་བཀུར་བའི་གནས། །

དད་གུས་དག་སྣང་གཞན་ལས་ལྷག །
སེམས་ཉིད་གནས་ལུགས་སྐྱོང་ལ་མཁས། །
མང་ཐོས་ལུང་རིགས་ཆར་ལྟར་འབེབ། །
ཐང་དཀར་རྒོད་པོ་བླ་མ་ཡག །

བསྟོད་སྨད་རེ་དོགས་འཇིགས་པ་བྲལ། །
གང་ཤར་ཉམས་སྣང་བརྡ་གླུ་ལེན། །
མཆོག་སྤྲུལ་སྨྱོན་པས་ཐུགས་རྗེས་བཟུང་། །
འཆར་རན་སྨྱོན་པ་གྲོགས་ཀྱི་མཆོག །

ད་དུང་རྫོགས་ཆེན་གླེང་སྟེགས་ནང་། །
འདི་འདྲའི་སྐྱེས་བུ་ངོ་མཚར་ཅན། །
མང་བར་མཐོང་ཡང་རེ་རེ་བཞིན། །
ཡོན་ཏན་བརྗོད་པར་མ་ཁོམ་མོ། །

ཞེས་མེ་འོད་ནས་ཤར་མར་བྲིས། 


_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།