ཚིག སློབ་དཔོན་འགྱུར་མེད།
ལེན་མཁན། ཀླུ་མོ་མཚོ།
ཐང་དཀར་གཤོག་རྩལ་ངལ་བའི།།
ཇོ་མོ་གླང་མའི་དབུ་འཕང་།།
ཐག་རིང་རྒྱང་ནས་མཇལ་དུས།།
ྋགྲུབ་དབང་བླ་མའི་རྟོགས་པ།།
ཨ་སྔོན་དབྱིངས་ལས་མཐོ་བ།།
དྲན་ཞིང་བསམས་པ་ཙམ་གྱིས།།
དད་པའི་སྤུ་ལོང་རྒྱས་སོང་།།
ྋགྲུབ་དབང་པདྨ་ནོར་བུ།།
འཛམ་བུ་གླིང་གི་མཛེས་རྒྱན།།
བཞུར་རྒྱུན་འཇགས་པ་མེད་པའི།།
ཆུ་མོ་གང་གཱའི་རླབས་ཕྲེང་།།
མིག་གི་མདུན་ནས་གཡོ་དུས།།
ྋགྲུབ་དབང་བླ་མ་དྲན་བྱུང་།།
ྋགྲུབ་དབང་བླ་མའི་མཛད་ཕྲིན།།
ཆུ་བོའི་རྒྱུན་ལས་རིང་བ།།
དྲན་ཞིང་བསམས་པ་ཙམ་གྱིས།།
མཁུར་ཚོས་མཆི་མས་བརླན་སོང་།།
ྋགྲུབ་དབང་པདྨ་ནོར་བུ།།
འཛམ་བུ་གླིང་གི་མཛེས་རྒྱན།།
རེག་བྱ་འཇམ་ལ་ཡང་བའི།།
ལྷོ་ཡི་རླུང་བུ་བསིལ་བསིལ།།
ངོ་ལ་རེག་ནས་འགྲོ་དུས།།
གྲུབ་དབང་བླ་མ་དྲན་བྱུང་།།
ྋགྲུབ་དབང་བླ་མའི་བྱམས་བརྩེར།།
ཉེ་རིང་ཕྱོགས་རིས་མེད་པ།།
དྲན་ཞིང་བསམས་པ་ཙམ་གྱིས།།
སེམས་ལ་སྤོབས་པ་རྒྱས་བྱུང་།།
ྋགྲུབ་དབང་པདྨ་ནོར་བུ།།
འཛམ་བུ་གླིང་གི་མཛེས་རྒྱན།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-གྲུབ་དབང་བླ་མ། [གཞས་གསར།]
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།