པདྨ་བཀྲ་ཤིས། སྔ་འགྱུར་མཐོ་སློབ་ཆེན་མོ།
པདྨའི་རང་མདངས་ལགས།
ཁྱེད་སླར་ཡང་ང་ཚོའི་ཆེད་དུ་ཕེབས་པར་དགའ་བས་བསུ།
ཁྱེད་ནི་ཆེས་ཟབ་པའི་མན་ངག་གི་བདུད་རྩི་ཡིན་ཞིང་།
ལེགས་ཉེས་ཤན་འབྱེད་ཀྱི་རལ་གྲི་ཡིན་ལ།
བླང་དོར་མིག་འབྱེད་ཀྱི་བཤེས་གཉེན་ཡང་ཡིན།
ཕ་སྐད་ཀྱི་གཞིས་ཁྱིམ་དྲོད་མོ་ནི་ཁྱེད་ཡིན།
ལོ་རྒྱུས་ཀྱི་གཙུགས་རྡོ་རིང་མོ་ནི་ཁྱེད་ཡིན།
ཕ་ཤུལ་གྱི་ནོར་སྐལ་རིན་ཆེན་ནི་ཁྱེད་ཡིན།
བུ་རྒྱུད་ཀྱི་རེ་དོན་སྒྲུབ་མཁན་ནི་ཁྱེད་ཡིན།
སྙན་རྩོམ་གྱི་དབྱངས་འགྱུར་སིང་སྒྲ་ནི་ཁྱེད་ཀྱིས་སྒྲོག
སྒྲུང་རྒན་གྱི་གཏམ་རྒྱུད་རིང་མོ་ནི་ཁྱེད་ཀྱིས་འཆད།།
དཔྱད་རྩོམ་ཀྱི་ལུང་རིགས་མདའ་གཞུ་ནི་ཁྱེད་ཀྱིས་ཐོགས།།
གནའ་དེང་གི་རྩོམ་རིག་ཆུ་རྒྱུན་ནི་ཁྱེད་རང་བཞུར།།
མདོར་ན་ཡོད་ཚད་ནས་ཡོད་ཚད་ཁྱེད་རང་ཡིན་པས།
སླར་ཡང་ཁྱེད་གསོན་དགོས་ལ།།
བླ་ནས་བླ་རུ་འཕགས་དགོས།།
ཆུ་རྒྱུན་ལྟར་བཞུར་དགོས།།
ཉི་ཟླ་ལྟར་གསལ་དགོས།།
སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ལ་ཡིད་རངབསྔགས་བརྗོད་དང་ལྷན་བཀའ་དྲིན་ཆེ་ཞུ། ༢༠༢༡/༡༠/༩/རེས་གཟའ་སྤེན་པར།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།