རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 16 September 2026

དཔལ་ཡུལ་གདན་རབས།

མཁན་པོ་འགྱུར་མེད། 


ཁྲི་བསྟན་ཆེ་མཐོ་མི་དགོས་ཤིང་།།
ང་ཆེ་ང་མཐོ་མི་མངའ་བ།།
དགེ་འདུན་དཀྱུས་མའི་ཚུལ་བཟུང་བ།།
དཔལ་ཡུལ་གདན་རབས་བླ་ན་འཕགས།།

ཚུལ་ཁྲིམས་གཙང་མའི་ཞིང་ས་ལ།།
བྱང་ཆུབ་སེམས་ཀྱི་མྱུ་གུ་འཁྲུངས།།
རིམ་གཉིས་ལམ་གྱི་དྲོད་གཤེར་ཅན།།
དཔལ་ཡུལ་གདན་རབ་བླ་ན་འཕགས།།

གང་ནའང་ཞི་འདུལ་གོམ་འགྲོས་ཅན།།
ཀུན་ལ་གཟིགས་པ་བླ་ན་མེད།།
རང་ཚུགས་གསེར་གྱི་གཟི་མདངས་ཅན།།
དཔལ་ཡུལ་གདན་རབས་བླ་ན་འཕགས།།

དུས་ཚོད་ཤིན་ཏུ་འཁྲུགས་པོའི་ཁྲོད།།
མང་པོའི་བརྟུལ་ཞུགས་འགྱུར་མདོག་ཅན།།
ཁྱེད་ཉིད་འགྱུར་བ་མི་མངའ་བ།།
དཔལ་ཡུལ་གདན་རབས་བླ་ན་འཕགས།།

མཇལ་དུས་སེམས་ལ་དགའ་བ་ནི།།
༧གྲུབ་དབང་བླ་མ་མཇལ་འདྲ་བ།།
སྐུ་ཚེ་ཞབས་པད་བརྟན་དང་ལྷན།།
མཛད་ཕྲིན་ནམ་མཁའི་ཕ་མཐར་རྟོལད།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།