རྩོམ་པ་པོ། དགེ་སློང་གསེར་མིག
ཤེལ་རི་མཆོག་སྤྲུལ་མཆོག་གི་སྐྱེས་རབས་བརྩི་ཚུལ་གཞན་ཞིག་ཡོད་ཀྱང་བསྟན་འགྲོར་མཛད་འཕྲིན་དབང་གིས་སྐུ་ཕྲེང་དང་པོ་རྗེ་བཙུན་བསྟན་འཛིན་རས་པ་ནི།
གློ་བོ་མོན་ཐང་གི་དཔོན་རྒྱུད་ཡབ་འབྱོར་ར་རྒྱ་མཚོ་དང་ཡུམ་དཔལ་འདྲེན་བཟང་མོར་དུས་རབས་
༡༧༤༥ ཤིང་བྱ་ལོར་འཁྲུངས། ཐོས་བསམ་སྒོམ་གསུམ་སྟོད་གུང་ཐང་། ལ་སྟོད་དང་ཙ་རི།
དྭགས་ཀོང་དང་བལ་པོ་སོགས་སུ་མཛད།
ཤེལ་རི་གསུམ་མདོ་དགོན་དང་གླིང་མགོ་དགོན་སོགས་ཕྱག་གཏབ།
སྐུ་ཕྲེང་གཉིས་པ་གོང་མ་སངས་རྒྱས་བསྟན་འཛིན་ནི།
དོལ་པོ་ཤེལ་བདེ་བ་ཉིད་གདུང་གི་བརྒྱུད་པ་ཡབ་ཀརྨ་ཁམས་གསུམ་དབང་འདུས་དང་ཡུམ་སྦྱིན་འབེབས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
གོང་མི་ངོས་འཛིན་དང་ཐོས་བསམ་མཛད་ཚུལ་ཡབ་༼ཀརྨ་ཁམས་གསུམ་དབང་འདུས་ཀྱི་རྣམ་ཐར་༽ནང་གསལ་སྙམ།༽
སྐུ་ཕྲེང་གསུམ་པ་བསྟན་འཛིན་རབ་རྒྱས་ནི། དོལ་པོ་ས་ལྡང་གབ་པ་ཚང་དུ་སྐུ་འཁྲུངས།
ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེས་གོང་མའི་ཡང་སྲིད་ཡིན་པ་ངོས་འཛིན་མཛད།
འཇམ་མགོན་བློ་གྲོས་མཐའ་ཡས་ལས་རིན་ཆེན་གཏེར་མཛོད་སོགས་དབང་ལུང་དུ་མ་ཞུས།
ཀརྨ་པ་མཁའ་ཁྱབ་མཁའ་ཁྱབ་རྡོ་རྗེ་ཡིས་བློ་བོ་དགེ་དཀར་གུ་རུའི་དབེན་གནས་ནས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཏེར་ནས་འདོན་པའི་གཏེར་སྟོན་གྱི་སྐྱེ་བུ་དམ་པར་ལུང་བསྟན།
གཏེར་ཡུམ་ལ་ཡང་མཁའ་ཁྱབ་རྡོ་རྗེ་རང་གི་ལྕམ་སྲིང་གནང་།
རིན་ཆེན་གཏེར་མཛོད་དང་དུང་རྒྱ་གླིང་རོལ་མོ་སོགས་མཆོད་ཆ་དུ་མ་གནང་།
གཞན་ཡང་དབང་ལུང་མན་ངག་དུ་མ་གསན་བཞེས་མཛད།
སྐུ་ཕྲེང་བཞི་པ་བསྟན་འཛིན་རྡོ་རྗེ་ནི།
རྙི་ཤང་དུ་སྐུ་འཁྲུངས། ཀརྨ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེས་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་།
དེའི་རྗེས་མཚུ་ཕུར་འཇམ་མགོན་སྐུ་ཕྲེང་གཉིས་པ་དཔལ་ལྡན་མཁྱེན་རྩེ་འོད་ཟེར་༼ཀར་སྲས་ཀོང་སྤྲུལ་༽
ལས་རིན་ཆེན་གཏེར་མཛོད་སོགས་ཞུས།
བཀའ་རྒྱུད་སོགས་རིས་མེད་ཀྱི་བླ་མ་དུ་མ་བསྟེན་པར་མཛད།
མཐར་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་དྲི་ངད་མངར་སིང་ལྡན་ཞིང་སྐུ་ཚེ་ཡོངས་རྫོགས་མི་མང་སུའང་མཇལ་ཁ་མེད་ཅིང་ཤེལ་ཙག་ཁང་དགོན་དབེན་གནས་སུ་ཁེར་རྐྱང་སྐུ་ཚེ་ཡོངས་རྫོགས་སྒྲུབ་པ་ཉམས་ལེན་ཁོ་ན་ལ་བཞུགས་ཚེ།
མཚན་སྙན་གྱི་བ་དན་ཕྱོགས་ཡོངས་ལ་ཁྱབ་ཏེ། མངའ་རི་ཁུལ་དང་། རྙི་ཤང་དང་མུ་ཁུམ།
བློ་བོ་དང་དོལ་པོའི་རོང་མཚམས་སོགས་སུ་དད་ལྡན་སློབ་འབངས་ཁྱབ།
སྐུ་ཕྲེང་ལྔ་པ་ཀརྨ་དམ་ཆོས་ནོར་བུ་ནི།
དོལ་པོ་བྱི་གཅེར་ཆོས་གདུང་ཚང་གི་ཕ་ལྷུན་གྲུབ་དང་མ་པདྨའི་བུ་ཕྲུག་དྲུག་གི་གཉིས་པ་ཕྱི་ལོ་
༡༩༩༣ ལོར་འཁྲུངས།
ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཡིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད།
སྐྱབས་རྗེ་འཇམ་མགོན་སྐུ་ཕྲེང་བཞི་པ་ལྷན་ གསན་བསམ་མཛད།
༧བྱམས་མགོན་ཀྭན་ཏིང་ཏྭ་ཡི་སི་ཏུ་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་དང་དགེ་སློང་།
མཛོད་ཆེན་རྣམ་ལྔ་དང་ཕྱག་ཆེན་སོགས་བཀའ་ཕྱག་ཆུ་གཅིག་འབྲེལ་གྱི་དབང་ལུང་གདམ་ཟབ་དུ་མ་ཞུས་ཏེ་བླ་སློབ་ཀྱི་སྐལ་བཟང་བྱུང་།
སྤྱིར་ཤེལ་རི་སྤྲུལ་སྐུའི་ངོས་འཛིན་རྣམས་ཀརྨ་པ་སྐུ་གོང་འོག་ཁོ་ནས་མཛད་ཅིང་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་ལྷན་བླ་སློབ་དམ་ཚིག་ཟམ་མ་ཆད་པར་བྱུང་བ་རྣམ་ཐར་དག་ལས་གསལ་ཞིང་།
སྤྱིར་རིས་མེད་རྒྱལ་བའི་བསྟན་པ་དང་ལྷག་པར་སྨན་ལྗོངས་དོལ་པོ་ཆོས་ལྡན་ཞིང་སོགས་ལ་ཉམས་ཐག་དང་རིས་མེད་བསྟན་འགྲོར་མཛད་པ་ཆོས་བཞིན་སྐྱོང་བར་རེ་བ་གསོལ་འདེབས་བཅས་གུས་དགེ་སློང་གསེར་མིག་ཅན་ནས་གོང་མའི་རྣམ་ཐར་ཁག་དང་རྒན་པོའི་ཁ་རྒྱུན་དག་ལ་ཁུངས་བཅོལ་ནས་ཕུལ།
སློབ་དཔོན་བསོད་རྣམས་བཟང་པོའམ་དགེ་སློང་གསེར་མིག་ལགས་ཀྱི་ངོ་དེབ་ནས་བཤུས།།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།