རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 8 April 2020

ང་ཚོ་ཚང་མས་ཤེས་དགོས་པའི་ཚེ་ཚད་ཇེ་རིང་དུ་གཏོང་ཐབས་ཉི་ཤུ་ཐམ་པ།



གཅིག གཞས་གཏོང་བ།  
ཨ་རིའི་རྒན་རྒོན་ཞིབ་འཇུག་ལྟེ་གནས་ཀྱིས་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར་ལྟར་ན། གླུ་གཞས་ལ་མཁས་པའི་སྙིང་ཁམས་ནུས་པ་མི་དཀྱུས་མ་ལས་འཕར་ཤུགས་ཆེ་བར་ཡོད་པ་དང་། གླུ་བཏང་ན་ཚེ་རིང་དུ་འགྲོ་གིན་ཡོད་ཚུལ་ཤེས། 

གཉིས། རྒྱུག་ཤར་གློད་པ།   
ཨ་རིའི་ཉིའུ་ཡོག་དུས་དེབ་ནང་བཀོད་པ་ལྟར་ན། ཉིན་ལྟར་རྒྱུག་ཤར་གློད་པའི་གོམས་གཤིས་ཡོད་མཁན་གྱི་མིའི་ཚེ་ལོ་གསུམ་གྱིས་རིང་དུ་འགྲོ་གིན་ཡོད་པ་དང་། ཉིན་ལྟར་སྐར་མ་ལྔ་རྒྱུག་ཤར་གློད་པའི་གོམས་གཤིས་རྒྱུན་འཁྱོངས་ཐུབ་ཚེ་གཟུགས་གཞི་བདེ་ཐང་ཡོང་ཐུབ། ​

གསུམ། སྡོད་ཡུན་ཐུང་མཁན།   
དར་མ་དང་རྒན་རྒོན་ཚོ་ཡུན་རིང་སྡོད་རྒྱུ་མེད། ཨ་རིའི་གསོ་རིག་དུས་དེས་ཐོག་བཀོད་པའི་ཞིབ་འཇུག་ནང་གསལ་བར་ལྟར་ན། ཉིན་ལྟར་ཆུ་ཚོད་༣ཡན་ཙོག་སྡོད་བྱེད་མཁན་གྱི་མིའི་ཚེ་ཚད་ལོ་གཉིས་ཀྱིས་ཐུང་དུ་འགྲོ་གིན་ཡོད་པ་རེད། 

བཞི། ལྒ་སྐྱ་ཟ་བ། 
ཞིབ་འཇུག་བྱས་པ་ལྟར་ན་ལྒ་སྐྱ་ལ་ནད་རིགས་མང་པོ་ཞིག་འགོག་པའི་རྒྱུ་ནུས་ལྡན་ཡོད། 

ལྔ། ཅོ་ཨེར་ཉུང་ཙམ་འཐེན་དགོས།   
སུའེ་ཏེན་ཀོ་ཏོའུ་པའོ་སློབ་ཆེན་གྱིས་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། མི་རྣམས་ཀྱིས་ཅོ་ཨེར་འཐེན་ཚད་ཉུང་དུ་བཏང་ཚེ། རྒན་བཟོ་དོད་ཚད་ཆུང་དུ་འགྲོ་བས་མི་ཚད། གཅིན་སྙི་དང་། སྐྲན་ནད་སོགས་ཕོག་ཚད་མངོན་གསལ་དོད་པོས་དམའ་རུ་འགྲོ་གིན་ཡོད། 

 དྲུག སྔོ་ཚལ་རིགས་ཟ་བ།  
རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་ལས་དངོས་སུ་ར་སྤྲོད་བྱས་པ་ལྟར་ན། སྔོ་ཚལ་གྱི་རིགས་ལ་ལུས་པོ་གསོ་བའི་རྒྱུ་ཕུན་སུམ་ཚོགས་པ་ཡོད་པས་སྔོ་ཚོད་རིགས་མང་ཙམ་ཟོས་ན་རུས་སོབ་ཀྱི་ནད་སྔོན་འགོག་བྱེད་ཐུབ། 

བདུན། ཕན་ཚུན་འཐམ་འཁྱུད།  
ཨ་རིའི་ཧོ་ཧྥུན་ཏུན་སྦྲག་སྲིད་ཚགས་པར་ཐོག་བཀོད་པ་ལྟར་ན། ཕན་ཚུན་འཐམ་འཁྱུད་བྱས་ཚེ་ཁྲག་ཤེད་དམའ་རུ་འགྲོ་ཞིང་སྙིང་ཁམས་ལ་་ཕན་གྱིན་ཡོད། 

བརྒྱད། ཀོ་པི་ཟ་བ།   
ཉེ་དུས་ཨ་རིའི་ཚན་རིག་མཁས་པས་ཀོ་པི་ཟོས་ན་སྐྲན་ནད་སྔོན་འགོག་ཐུབ་པར་མ་ཟད། ད་དུང་། གློ་བའི་ནང་གི་ཕན་མེད་གནོད་འབུ་གཙང་སེལ་བྱེད་ཐུབ་ཅེས་གསུངས་ཡོད་པ་རེད། 

དགུ། གཉིད་ཀྱི་སྤུས་ཚད།  
ཨ་རིའི་ཀྲེ་ཅ་ཀོ་སློབ་ཆེན་གྱིས་ཞིབ་འཇུལ་བྱས་པ་ལས་མངོན་པ་ལྟར་ན། གཉིད་ཡག་པོ་མ་ཁུག་ཚེ་སྐྲན་ནད་ཀྱི་ཉེན་ཁ་ཆེ་རུ་འགྲོ་གིན་ཡོད་ཚུལ་བཤད།

 བཅུ། སེམས་སྐྱིད་པོ།   
ཨ་རིའི་ཨའེ་ཏིང་པའོ་སློབ་ཆེན་སོགས་ཀྱི་ཞིབ་འཇུག་མི་སྣས། མི་ཁྲི་༧གྱི་བདེ་ཐང་དཔྱད་གཞི་ལ་དབྱེ་ཞིབ་བྱས་ཏེ་ཤེས་རྟོགས་བྱུང་བར་ལྟར་ན། སེམས་ཁྲལ་བྱེད་མཁན་ལ་སྙིང་ནད་དང་གྲིབ་ནད་མི་དཀྱུས་མ་ལས་ཕོག་སླ་ཚུལ་བསྒྲགས། 

བཅུ་གཅིག མངར་ཆ་ཉུང་ཙམ་བཟའ་དགོས།  
ཨ་རིའི་གསོ་རིག་ཚོགས་པའི་ཁོག་ནད་ཚན་ཁག་གིས་ཞིབ་འཇུག་བྱས་ཏེ། མངར་ཆ་ཤས་ཆེ་རུ་འགྲོ་བ་དང་བསྟུན་ནས་སྙིང་ཁམས་ཁྲག་རྩའི་ནད་ཀྱིས་ཤི་མཁན་ཇེ་མང་དུ་འགྲོ་གིན་ཡོད་ཅེས་དུས་དེབ་ཐོག་བཀོད་ཡོད་པ་རེད། 

བཅུ་གཉིས། སེམས་རྣལ་དུ་ཕབ་པ།  
ཧ་ཧྥུ་སློབ་ཆེན་གྱིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁོང་ཁྲོ་ལངས་པའི་ཆུ་ཚོད་གཉིས་ཀྱི་རྗེས་མིའི་སྙིང་ནད་ཕོག་ཚད་ལྡབ་ལྔ་ཆེ་རུ་འགྲོ་བ་དང་། གྲིབ་ནད་ཕོག་ཚད་ལྡབ་གསུམ་གྱིས་ཆེ་རུ་འགྲོ་གི་ཡོད་ཚུལ་རྟོགས། 

བཅུ་གསུམ། ཇ་འཐུང་བ།   
ཨ་རིའི་མ་ཧྲེང་རང་བྱུང་ཚན་རིག་སློབ་གླིང་གི་ཞིབ་འཇུག་པས་ཤེས་རྟོགས་བྱུང་བ་ལྟར་ན། ཇ་བཏུང་ན་སྙིང་ནད་དང་གྲིབ་ནད་ཕོག་ཚད་ཉུང་དུ་འགྲོ་བར་མ་ཟད་རྒས་ཚད་ཇེ་དལ་དུ་འགྲོ་གིན་ཡོད། 

བཅུ་བཞི། ཀུ་ཤུ་ཟ་བ།  
ཤོད་རྒྱུན་ལྟར་ན། ཉི་མ་རེ་ལ་ཀུ་ཤུ་རེ། ། ནད་རིགས་ཀུན་དང་ཁ་བྲལ་ལོ། ། ཟེར་བ་ལྟར་རོ།  

བཅོ་ལྔ། བརྙན་འཕྲིན་ཉུང་ཙམ་བལྟ་བ།  
ཨའོ་ཏ་ལི་ཡ་ཞིབ་འཇུག་པས་ཤེས་རྟོགས་བྱུང་བར་ལྟར་ན། ཉིན་རེར་བརྙན་འཕྲིན་ཆུ་ཚོད་གཅིག་གིས་མང་བར་བལྟས་ཚེ། སྙིང་ཁམས་ཁྲག་རྩའི་ནད་ཕོག་པ་བརྒྱ་ཆའི་༡༨ཀྱིས་མཐོ་རུ་འགྲོ་གིན་ཡོད་པ་རེད། 

བཅུ་དྲུག ཞབས་བྲོ་རྒྱག་པ། 
དབྱིན་ཇིའི་སི་ཐེ་ལིང་སློབ་ཆེན་གྱི་ཚན་རིག་མཁས་པའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར་ལྟར་ན། ཞབས་བྲོ་བརྒྱབ་ཚེ་ལུས་ཀྱི་ཟུངས་ཁྲག་འཁོར་སྐྱོད་མགྱོགས་སུ་ཕྱིན་ཏེ། རྒན་རྒོན་གྱི་ཀླད་ཁྲག་མཁོ་འདོན་ཐུབ་པ་དང་གླེན་ནད་སྔོན་འགོག་བྱེད་ཐུབ།

བཅུ་བདུན། སྒོག་ཙོང་ཟ་བ། 
ཀྲུང་གོའི་ཀྲོ་ཅང་སྨན་རྫས་ཞིབ་འཇུག་ཁང་གིས་ཞིབ་འཇུག་ལས་མངོན་པར་ལྟར་ན། སྒོག་ཙོང་ནང་གི་ཟ་ཤུགས་ཆེ་བའི་གྲུབ་ཆས་ཁྲག་རྩ་མཁྲེགས་འགྱུར་དང་ཁྲག་རྩ་འགག་པ་སྔོན་འགོག་ཐུབ་པ་དང་། མཁྲིས་ཤས་དམའ་རུ་འགྲོ་ཞིང་ཁྲག་རྡོག་ཉུང་དུ་འགྲོ་བ། མངར་ཆ་སྙོམས་སྒྲིག་དང་སྐྲན་ནད་སྔོན་འགོག་སོགས་བྱ་ཐུབ་ཀྱིན་ཡོད་པ་རེད། 

བཅོ་བརྒྱད། ཤུན་མཁྲེགས་ཤིག་ཏོག་རིགས་ཟ་བ།  
ཨའོ་ཏ་ལི་ཡའི་མཁས་དབང་གི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར་ལྟར་ན། ཉིན་ལྟར་ཤུན་མཁྲེགས་ཤིང་ཏོག་རིགས་ཟོས་ཚེ་སྙིང་ནད་ཕོག་པ་བརྒྱ་ཆ་༢༩དམའ་རུ་འགྲོ་གིན་ཡོད་པ་དང་། སྐྲན་ནད་ཕོག་པ་བརྒྱ་ཆ་༡༡གིས་དམའ་རུ་ཕྱིན་ཏེ། ཤི་ཚད་མངོན་གསལ་དོད་པོས་ཉུང་དུ་འགྲོ་གིན་ཡོད་པ་རེད། 

བཅུ་དགུ། སོ་ལ་སྲུང་སྐྱོབ་བྱེད་པ།  
སུའེ་ཏན་ཚན་རིག་མཁས་པའི་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར་ལྟར་ན། སོ་རྙིལ་གཉན་ཚད་ཀྱིས་ཁྲག་རྩ་མཁྲེགས་འགྱུར་བྱེད་པ་དང་སྙིང་ཁམས་ཁྲག་རྩའི་ནད་སློང་གིན་ཡོད།

 ཉི་ཤུ། གད་མོ་དགོད་པ།   
འཇར་པན་ཞིབ་འཇུག་མི་སྣས་རྗེས་འདེད་བརྟག་ཞིབ་བྱས་པ་བརྒྱུད། གད་མོ་བགད་ན་ཁྲག་ཤེད་དམའ་རུ་འགྲོ་གིན་ཡོད་པའི་གནས་ཚུལ་རྟོགས་པ་རེད།

ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།