པེར་ཡ་གྷེ་ཚི།
འཛམ་གླིང་གི་མི་ལོ་ཉེར་བཞི་ལྷག་ལ་མིའི་རིགས་ཀྱི་ཕྱུག་བདག་གི་གོ་གནས་བཟུང་བའི་པེར་ཨེ་ཡ་གྷེ་ཚི་ལགས། ལོ་ན་གཉིས་ལ་སོན་དུས་ནས་ཡི་གེ་ངོས་འཛིན་གྱི་ལས་ལ་ཞུགས་ཤིང་། ཆུང་དུས་ནས་«འཛམ་གླིང་ཤེས་བྱ་ཀུན་བཏུས།»ཆ་ཚང་ཀློག་ཡོད་པར་གྲགས། ད་ལྟ་ད་རུང་ཡང་ལོ་གཅིག་ལ་དཔེ་ཆ་བརྒྱ་ཀློག་པའི་གོམས་གཤིས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། “དཔེ་ཆ་རེ་རེ་ནི་འཚོལ་ཞིབ་གྱི་ལམ་ཆེན་འབྱེད་པའི་ལྡེ་མིག ” ཡིན་པར་ཁོང་གིས་འདོད་དོ།།
བྷ་ཧྥེ་ཐི།
རྒྱལ་ཁོངས་ཨ་རི་ཡིན་པའི་ཡ་ཧུ་ད་པ་ཁོང་ནི།འཛམ་གླིང་གི་མ་རྐང་ལས་རིགས་ལས་ཆེས་སྐད་གྲགས་ཅན་གྱི་མི་སྣ་ཞིག་ཡིན།
འཛམ་གླིང་གི་ཕྱུག་བདག་ཨང་དང་པོ་ཡང་རེད་མྱོང་ལ། མཚན་ལ་བྷ་ཧྥེ་ཐི་ཞེས་འབོད།
ཁོང་གི་ལས་ཀའི་དུས་ཚོད་བརྒྱ་ཆ་བརྒྱད་ཅུ་ནི་དཔེ་ཀློག་ཁོ་ན་བྱེད་ཅིང་།
དཔེ་ཆ་ཀློག་པ་ནི་ལས་ཀ་གལ་ཆེན་ཞིག་ཏུ་ངོས་འཛིན་པ་རེད། ད་ལྟ་ལོ་ན་ཤིན་ཏུ་རྒས་ཀྱང་། དཔེ་ཆ་ཀློག་པ་ནི་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་ཤིག་ཏུ་ངོས་འཛིན་བཞིན་ཡོད་པར་ཐོས།
ཞོགས་པ་དུས་ལྟར་ཡར་བཞེངས་ཤིང་།
རྟག་པར་དཔེ་ཀློག་བྱེད་པ་ནི་མི་ཚེ་འདིར་ཁོང་གི་འགྱུར་བ་མེད་པའི་གོམས་གཤིས་ཡིན། “དཔེ་ཀློག་ཤིན་ཏུ་གལ། དཔེ་ཀློག་གིས་བདག་གི་གྲུབ་འབྲས་བསྐྲུན།” ཞེས་པ་ནི་ཁོང་གི་མི་ཚེའི་སྡོམ་ཚིག་གོ།
མཱ་ཁི་ཀྲ་ཁི་བྷོ་གི
མིང་ལ་མཱ་ཁི་ཀྲ་ཁི་་བྷོར་གི་ཞེས་འབོད་པའི་ཨ་རི་བ་འདི་ནི།
ཆེས་ལོ་ན་གཞོན་པའི་འཛམ་གླིང་གི་ཕྱུག་བདག་ཅིག་ཡིན་ལ། ལོ་ན་སོ་གཅིག་ནས་ཨ་སྒོར་དུང་ཕྱུར་བདུན་བརྒྱ་ལྷག་ཡོད་པར་གྱུར། ཁོང་ནི་འཛམ་གླིང་གི་ཆེས་ཆེ་བའི་སྤྱི་ཚོགས་འབྲེལ་གཏུགས་དྲྭ་བ་སྟེ་ངོ་དེབ་ (Facebook) གྱི་གསར་འཛུགས་མཁན་ཡིན།
ཁོ་རང་ནི་རྒྱུན་པར་དཔེ་ཆ་ཀློག་རྒྱུར་དགའ་ཞིང་།
ད་ལྟ་གཟའ་འཁོར་གཉིས་ལ་དཔེ་ཆ་གཅིག་ཀློག་ཚར་རྒྱུའི་འཆར་གཞི་ཡོད་པར་གྲགས།
མ་ཟད་ཁོ་རང་གིས་ངོ་དེབ་བརྒྱུད་ནས་གཞན་ལ་དཔེ་ཀློག་གི་སྐུལ་མའི་བྱ་འགུལ་ཡང་མང་པོ་སྤེལ་བཞིན་པ་ཐོས།
རོ་ཁེ་ཧྥེ་ལེར།
རོ་ཁེ་ཧྥེ་ལེར་ཞེས་གྲགས་པའི་འཛམ་གླིང་གི་ལོ་རྒྱུས་མི་སྣ་གལ་ཆེན་ཁོང་།
དུས་རབས་བཅུ་དགུ་བའི་མཇུག་དང་ཉི་ཤུ་བའི་སྟོད་དུ་བྱོན་ཞིང་། མིའི་རིགས་ཀྱི་ ཆེས་ཐོག་མའི་ཨ་སྒོར་དུང་ཕྱུར་ཡོད་མཁན་གྱི་ཕྱུག་བདག་ཡིན། སྐབས་དེར། ཨ་སྒོར་ཁྲི་བརྒྱ་ཡོད་མཁན་ནི་ཆེས་ཕྱུག་བདག་ཆེན་པོ་ཡིན་དུས།
ཁོང་ལ་ཨ་སྒོར་དུང་ཕྱུར་བཅུ་ལྷག་ཡོད། ད་ལྟའི་ཨ་སྒོར་གྱི་རིན་ཐང་ལྟར་གཞལ་ཚེ།
ཨ་སྒོར་དུང་ཕྱུར་སྟོང་གསུམ་ཅན་གྱི་ཕྱུག་བདག་ཡིན་པས། མིའི་རིགས་ཀྱི་ཕྱུག་བདག་ཆེན་པོའི་གོ་གནས་ཡོད། (བྷེར་ཀེ་ཚི་ལ་ཨ་སྒོར་དུང་ཕྱུར་བརྒྱད་བརྒྱ་དགུ་བརྒྱ་ཡར་མར་ལས་མེད།)
ཆུང་དུས་ནས་སློབ་སྦྱོང་ལ་ཤིན་ཏུ་དགའ་ཞིང་།
སློབ་སྦྱོང་དང་དཔེ་ཀློག་ནི་མིའི་རིགས་ཀྱི་ཁ་ཟས་ལྟ་བུ་ཞིག་ཏུ་འདོད། “མི་ནི་ལུས་དང་སེམས་ཀྱི་གྲུབ་པའི་སྲོག་ཆགས་ཤིག་ཡིན་གཤིས། ལུས་པོ་གསོ་བ་ལ་རྒྱུན་ཏུ་ཁ་ཟས་ཟ་དགོས་པ་བཞིན། ནང་སེམས་གསོ་བ་ལའང་རྒྱུན་ཏུ་དཔེ་ཀློག་བྱེད་དགོས། གལ་ཏེ་དེ་གཉིས་ལས་གཅིག་བྱེད་མ་ཐུབ་ཚེ། ཁྱེད་རང་ནི་ཆ་མ་ཚང་བའི་མི་ཞིག་གོ” ཞེས་རང་གི་བུ་ལ་སྤྲིངས་བའི་འཕྲིན་ཡིག་ཅིག་ཏུ་བྲིས་འདུག
རྨ་ས་ཡོ་ཞི་སོན།
རྒྱལ་ཁོང་ཉི་ཧོང་ནས་ཡིན་པའི་མྱི་འདི་ནི།ཡ་གླིང་གི་འབྱོར་ཕྱུག་ཕུན་སུམ་པའི་ཉི་ཧོང་གི་ཕྱུག་བདག་ཡིན་ལ། མིང་ལ་རྨ་ས་ཡོ་ཞི་སོན་ (Masayoshi Son) ཞེས་གྲགས། ཨེ་ཤ་ཡའི་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཆེས་ཆེ་ཤོས་ནི་ཉི་ཧོང་རྒྱལ་ཁབ་ཡིན་པས། ཁོ་རང་ནི་ཡ་གླིང་གི་ཕྱུག་བདག་རྩེ་གྲ་ཞིག་ཀྱང་ཡིན། མ་ཟད་ཀྲུང་གོའི་ཨཱ་ལས་པཱ་པཱ་ཡི་མ་རྐང་ཆེས་ཆེ་ཤོས་དང་། ཐོག་མར་ཨཱ་ལས་པཱ་པཱ་ལ་མ་རྐང་འཇོག་མཁན་ནི་ཁོ་རང་ཡིན་ནོ།
ཁོའི་མི་ཚེའི་གཏམ་རྒྱུད་ཁྲོད། ཁོ་རང་ལོ་ན་ཉེར་གསུམ་དུ་སོན་སྐབས་ནད་ཀྱི་རྐྱེན་བྱས། སྨན་ཁང་དུ་ལོ་གཉིས་ལྷག་ལ་འདུག་དགོས་བྱུང་ལ། ལོ་དེ་གཉིས་ལ་ཁོ་རང་གིས་དཔེ་ཆ་སྟོང་ཚོ་བཞི་བཀླགས་ཡོད་པར་གྲགས། དེ་ལ་བརྟེན། རྗེས་མ་ནད་ལས་གྲོལ་རྗེས་ཁོང་རང་གིས་ལས་ཀ་ཞིག་གཉེར་དེ་ཁོ་རང་ནི་འཛམ་གླིང་གི་ཕྱུག་བདག་དུ་འགྱུར་ངེས་པའི་བསྒྲགས་གཏམ་ཞིག་སྤེལ་བར། ཁོའི་ལས་ཀ་བ་གཉིས་ཀས་ཁོ་རང་སྨྱོས་པར་འདོད་ནས་བྲོས་སོང་ངོ་། ལོ་ངོ་གང་མང་ཞིག་རྗེས་སུ་ཁོ་རང་གི་བསྒྲགས་གཏམ་དེ་མངོན་འགྱུར་བྱུང་ནས་ད་ལྟ་འཛམ་གླིང་གི་ཕྱུག་བདག་ལའང་འགྲན་སློང་བར་བྱེད་བཞིན་ཡོད་དོ།
ཡོང་ཁུངས། དགེ་ཆོས་དཔེ་ཁང་།





No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།