སྤྱི་ལོ་ ༢༠༡༤ ལོར་མཐོ་རིམ་སློབ་སྦྱོང་སྦྱོང་དུ་ཨ་མི་རི་ཀར་འབྱོར་བའི་བལ་ཡུལ་གྱི་ན་གཞོན་ཕོ་གསར་དི་ཝེཤ་པོཁ་རེལ་ཁོང་། འཛམ་གླིང་ནང་གཞན་ལས་ཁྱད་དུ་འཕགས་པའི་གླུ་གཞས་འགྲན་རྩེད་ཐད་གཏོང་འཁྲབ་སྟོན་དུ་བརྩི་བའི་ཨ་མི་རི་ཀན་ཨཱའི་ཌོལ་[1]གྱི་རྩེ་ཕུད་རྒྱལ་ཁ་ལོན་མཁན་ཆགས་ནས་ལོ་རྒྱུས་གསར་སྐྲུན་བྱས་ཡོད་པ་རེད།
ཐེངས་ ༡༨ ཐམ་པའི་ཨཱའི་ཌོལ་འདི་དག་གི་ནང་དི་ཝེཤ་པོཁ་རེལ་ནི་མཐའ་མའི་འགྲན་སྡུར་ཁྲོད་དུ་སླེབས་མཁན་བལ་ཡུལ་བ་ཐོག་མ་ཡིན། འདི་ནི་དངོས་གནས་ལོ་རྒྱུས་ཅན་གྱི་གྲུབ་འབྲས་ཞིག་རེད། འོས་འཕེན་གྱི་བརྒྱུད་དུས་ཚོད་ཉུང་ཉུང་རེའི་ཕ་རོལ་དུ་བརྒལ་ནས་འགྲན་རྩེད་པ་ཕུལ་བྱུང་གི་གོ་གནས་ཤིག་བླངས་པ་རེད།
ཕུལ་བྱུང་གི་སྐད་ངག་དང་གླུ་ལེན་གྱི་སྒྱུ་རྩལ་དམིགས་བསལ་ཡོད་པའི་དི་ཝེཤ་པོཁ་རེལ་ཁོང་ལ་ཨ་རིར་«ཨར་ཐར་གྷན་»ཞེས་པའི་མིང་གིས་གྲགས་པར་གྱུར།
བལ་ཡུལ་ཀཱ་ཋ་མཱཎ་ཌཽ་རུ་ཚར་ལོངས་བྱུང་བའི་པོཁ་རེལ་ཁོང་། ཨ་མི་རི་ཀན་ཨཱའི་ཌོལ་གྱི་ཐོག་མའི་སྐད་གདངས་ཚོད་ལྟ་རེས་སྐོར་[2]ལས་བརྒལ་བ་ནས་བཟུང་། བལ་ཡུལ་དུ་ཁོང་གི་སྐོར་གླེང་མོལ་ཧ་ཅང་ཤུགས་ཆེན་པོ་བྱུང་སྒོ་ཚུགས།
ཁོང་ལ་ཨ་མི་རི་ཀན་ཨཱའི་ཌོལ་གྱི་རྩེ་ཕུད་རྒྱལ་ཁ་ལོན་མཁན་གྱི་མཚན་གནས་ཕྱག་ཁྱེར་བཞེས་ཐུབ་པའི་དོན་དུ་དམིགས་ཏེ།
བལ་པོ་བ་མང་པོས་རང་ཉིད་ཀྱིས་འོས་ལུགས་པ་དང་། གཞན་ཡང་སྤྱི་ཚོགས་དྲྭ་རྒྱ་རྣམས་སུ་ཁྱབ་བསྒྲགས་ཀྱིས་འོས་འཕེན་རེ་སྐུལ་བྱེད་པ་སོགས་བྱུང་ཡོད།
སྤྱིར་དི་ཝེཤ་ཁོང་ཨ་མི་རི་ཀར་འབྱོར་ནས་བཟུང་དམིགས་བསལ་གྱིས་གླུ་གཞས་ལ་སྤྲོ་བ་བརྟས་པའི་ཚོར་སྣང་སྐྱེས་ཤིང་།
ཕྱིས་སུ་ལོ་གཉིས་རྗེས་ནས་གླུ་གཞས་རང་ལ་འབད་པ་ལྷུར་ལེན་བྱས་པ་ཡིན་སྐོར་ཁོང་ཉིད་ཀྱིས་ཐད་གཏོང་འཁྲབ་སྟོན་ནང་གསལ་བཤད་བྱས་སོང་།
ཚབས་ཆེན་ནད་རིམས་བཅུ་དགུའི་ཏོག་ཡམས་[3] (༢༠༡༩ ལོའི་ཏོག་དབྱིབས་ནད་ཡམས་[4]ཞེས་པའི་སྡུད་ཚིག) འདིའི་རྐྱེན་གྱིས། ལོ་འདིའི་ཨཱའི་ཌོལ་གྱི་མཐའ་མའི་འགྲན་རྩེད་པ་ཚང་མས་སོ་སོའི་སྡོད་ཁྱིམ་རང་ནས་རང་རང་གི་གླུ་གཞས་སྤྱན་བསྟར་ཞུས་ཡོད། མཐའ་མའི་གླུ་གཞས་སྤྱན་བསྟར་སྐབས་དི་ཝེཤ་གྱིས་ཨིན་ཇིའི་གཞས་པ་«བྷོལ་»གྱིས་བཏང་བའི་གླུ་གཞས་«ཨཱའི་ཌོནཊ་ཝནཊ་ཊུ་བྷི་»ཞེས་པའི་གཞས་ཤིག་བཏང་ཡོད། ཁོང་ནི་ཐོག་མའི་སྐད་གདངས་ཚོད་ལྟའི་སྐབས་ཉིད་ནས་གླུ་གཞས་འགྲན་རྩེད་དོ་དམ་པ་[5]གསུམ་ཀ་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཡོད་པ་དང་།
རིམ་བཞིན་སྒྱུ་རྩལ་ལྡན་པའི་རང་ཉིད་ཀྱི་གླུ་གཞས་རྣམས་སྤྱན་བསྟར་ཕུལ་བས། རྒྱལ་ཕྱི་ནང་ཡོངས་སུ་གྲགས་པས་ཆོད་ཅིང་བློ་ཡིད་འགུགས་ཐུབ་པ་བྱུང་།
ཡོངས་ཁུངས། ཧཱམྲོ་པཱཏྲོ་བལ་ཡུལ་གསར་གྱུར།
བསྒྱུར་བ་པོ། འདི་གའི་དྲྭ་བ་དོ་དམ་པ་ཚེ་ནོར་དོལ།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།