རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 22 June 2020

༸མི་ཕམ་བླ་མའི་འདས་མཆོད་བསུ།

རྩོམ་པ་པོ། ཐོད་རྒལ། (བཤད་སྒྲུབ་ཉིན་བྱེད།)

ཀུན་རྟོགས་ངང་ལ་ཡོད་བསྡད་པ།།
འཁོར་བ་བཀྲུས་ནས་མ་དག་པ།།
ཞེན་འཛིན་ཅན་གྱི་བུ་རུལ་ལའང་།།
བླ་མ་དྲན་པའི་མིག་ཆུ་ཡོད།།


མཚན་མོའི་ཡོལ་བ་གཉིད་ལ་བཅོལ།།
ཉིན་མོའི་སྐར་ཁུང་གཡེང་ལ་འཁོར།།
སེམས་པ་མ་རྒས་སྣང་སྲིད་ནས།།
ཁྱེད་ཀྱི་ཐུགས་དམ་ཇི་ལྟར་སྐོང་།།


སྣང་བ་པང་དུ་བཟུང་ཚར་དུས།།
ཆོས་ལམ་བཞུགས་ཀྱང་མི་ཆོད་པས།།
འུར་སྒྲའི་རྐང་རྗེས་མི་འཇོག་པའི།།
དངོས་གྲུབ་ཡོད་ན་ཁྱེད་ཀྱིས་སྤྲོད།།


ཟབ་ལས་ཆེས་ཟབ་ཁྱོས་བསྟན་འདུག།
རྒྱས་པའི་རྒྱས་པའང་ཁྱོས་བྲིས་འདུག།
ཆོས་དྲེད་ཅན་ཚོའི་དྲི་བཀྲུ་བའི།།
བྱབས་ཁྲུས་ཡོད་ན་གཏོར་རན་འདུག།


མཁན་པོའི་མིང་གི་སྒོ་ལྕགས་ཀྱང་།།
ཞེན་པ་ཞེན་མའི་བཙའ་ཆགས་འདུག།
འོ་ན་ཆོས་ཀྱིས་མི་འཐུལ་བའི།།
གཡའ་ཞིག་ད་དུང་ཡོད་རེད་པས།།

 

ངོས་ཀྱི་ཀླད་པའི་སྡིང་ཁང་ན།།
དྲི་ཚིག་མང་པོ་ལྷག་བསྡད་འདུག།
ངོས་ཀྱི་ཟུར་གསུམ་སྙིང་དབུས་ན།།
ཁྱེད་ལ་དད་པའི་ཁ་བ་ཡོད།།


ཀུན་ཁྱེན་བླ་མའི་འདས་མཆོད་ཉིན་མོར་གུས་འབངས་ཐོད་རྒལ་ཞེས་པ་ཡ་མེད་ཚ་བོ་དེས་བྲིས་པ་དགེ་ལེགས་འཕེལ། ༢༠༢༠/༠༦/༢༠


 ཡོངས་ཁུངས། རྩོམ་པ་པོ་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།