རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
༡༽
དེ་རིང་ཉིན་གུང།
ཁྲོམ་རའི་ལྕོག་ལོགས་ཀྱི་ཚིག་ཇ་འཐུང་ས་ནས།
ཟ་མ་ཟ་ཞོར།
ཤེལ་གྱང་གི་ཕྱི་ཕྱོགས་སུ་བལྟས།
མདུན་ངོས་དེར།
ཁོ་རེ་ཡའི་མེ་ཏོག་ཚོང་ཁང་ཞིག་འདུག
སྒོ་འགྲམ་གཡས་གཡོན་ན།
མེ་ཏོག་དག་བསྟར་དུ་བསྒྲིགས།
༢༽
སྐབས་དེར།
དེ་རིང་ས་ག་ཟླ་བའི་ཚེས་གཅིག་ཡིན་པ་སེམས་ལ་འཁོར་བྱུང་།
ང་ལམ་སང་།
མེ་ཏོག་ཚོང་ཁང་དེའི་ནང་དུ་ཕྱིན།
ཨོ་སྒོར་བདུན་གྱི་རིན་གྱི་མེ་ཏོག་ཅིག་བདམས།
༣༽
“ང་བོད་པ་ཡིན།
དེ་རིང་བོད་ལུགས་ས་ག་ཟླ་བའི་ཚེས་གཅིག་རེད།
སངས་རྒྱས་ཀྱི་དུས་ཆེན་རེད།”
མེ་ཏོག་འཚོང་མཁན་ལ་བལྟས་ནས།
རིན་པ་སྤྲོད་ཞོར།
དེ་ལྟར་ལབ།
༤༽
མོས།
གུས་ཞབས་ཀྱི་བརྡ་ལན་བསྟན་ཏེ།
“ཁྱོད་ཀྱིས་བདེ་སྐྱིད་ཉིན་མོ་ལ་རོལ་ཤིག་”ཟེར།
༥༽
ག་ལེར་ཕྱི་ལ་ཐོན་ཏེ་ནང་དུ་ལོག
མེ་ཏོག་དེ།
སངས་རྒྱས་ཀྱི་སྐུ་འདྲའི་མདུན་དུ་བསྒྲིགས།
ངས་རང་ཉིད་སངས་རྒྱས་ཀྱི་རྗེས་འཇུག་ཤིག་ཡིན་པའི་ཞེན་ཁོག་དེ།
གཏིང་ཟབ་ཅིག་ཚོར་བྱུང་།
མགོ་བོ་བཏེགས་ནས་སངས་རྒྱས་ཀྱི་ཞལ་ལ་ལྟ་བཞིན།
“དེ་རིང་ནས།
བོད་པ་མང་པོ་ཞིག་གིས།
ཁྱེད་ཀྱི་འཁྲུངས་སྐར་ལ་དམིགས་ནས།
ས་ག་ཟླ་བ།
ཤ་མེད་ཟླ་བར་སྒྱུར་བཞིན་འདུག་”ཅེས་ཞུས།
༦༽
སངས་རྒྱས།
ནམ་རྒྱུན་བཞིན།
ཅང་མི་གསུང་བར་བཞུགས་གནང་སོང་།
ཀུན་དགའ་བོའི་གོ་བ་ལེན་སྟངས་ལྟར་བྱས་ན།
དེ་ནི་ཞལ་བཞེས་གནང་སྟངས་ཤིག་རེད།
དེ་ལྟར་ཡིད་ཆེས་བྱས།
༧༽
ཡར་ཞུ་དེར།
སངས་རྒྱས་ཀྱིས་མཉེས་ཚོར་གནང་གི་རེད་དྲན།
ས་ག་ཟླ་བ་འདིར།
ང་ཚོར།
སངས་རྒྱས་ཞལ་འཛུམ་པ་མཇལ་འདོད་འདུག
དེ་ནི་ས་ག་ཟླ་བ་ཤ་མེད་ཟླ་བར་སྒྱུར་རྒྱུ་དེ་རེད།
མ་རེད་དམ།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་ས་ག་ཟླ་བའི་ཚེས་གཅིག་ཕྱི་དྲོ་ལམ་བར་ཞིག་ནས་འཕྲལ་བྲིས།
ཡོངས་ཁུངས། རྩོམ་པ་པོས་ངོ་དེབ་ཏུ་འགྲེམས་སྤེལ་གནང་བའི་འཕྲིན་སྟེགས་ཤིག་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།