རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Saturday, 11 July 2020

བློ་བཟང་སྒྲོལ་མས་བོད་སྐད་ཡིག་ལ་བཅངས་པའི་སེམས་གཏམ།

ཡིག་འགོད་པ། གླིང་ལོ་མ་སེར་པོ།

བློ་བཟང་སྒྲོལ་མ་སྦྱོར་ར།

བཀྲ་ཤིས་བདེ་ལེགས། ལྷན་རྒྱས་སྐུ་ཁམས་བཟང་། ཉིན་ཤས་རིང་ནས་ང་ལ་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་བས་དེ་རིང་ཧ་ཅང་ཤུགས་ཆེ་བའི་ཚོར་བ་དེ་ཁྱེད་རྣམས་ལ་བཤད་ན་བསམ་བྱུང་། སྔོན་ཆད་ང་རང་ཉིད་ལ་བོད་པ་ཡིན་བསམ་པའི་ང་རྒྱལ་དང་སྤོབས་སེམས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན། ཡིན་ནའང་ད་ལྟ་བསམ་བློ་ཞིབ་ཕྲ་གཏོང་སྐབས་རང་ཉིད་ཀྱིས་བཤད་པའི་ཕ་སྐད་ནི་ར་མ་ལུག་ཅིག་ཡིན་པར་མ་ཟད། བོད་ཡིག་ཀྱང་ཡིག་རིགས་གཞན་པ་བཞིན་ཡག་པོ་དེ་ཙམ་མི་ཤེས་པས། སྔོན་ཆད་ང་བོད་པ་ཡིན་བསམ་པའི་ང་རྒྱལ་དང་སྤོབས་སེམས་དག་ལ་ལྗིད་ཚད་དེ་ཙམ་མི་འདུག


སྔོན་ཆད་ང་རང་གིས་ངོ་དེབ་«facebook»ནང་དུ་བརྙན་ཐུང་བཟོ་དུས་མི་མང་པོ་ཞིག་གིས་བོད་སྐད་ཡག་པོ་ཤོད། ཁྱེད་རང་བོད་པ་མ་ཡིན་ནམ་ཟེར་ནས་མི་སྙན་པའི་ཚིག་རྩུབ་སྣ་ཚོགས་བཀོལ་དུས། སེམས་ནང་ལ་ང་རང་ལ་མཐོང་ཆུང་བཟོ་བཞིན་འདུག་བསམ་པའི་ཚོར་བ་མི་བདེ་བ་ཞིག་རྟག་པར་སྐྱེ་ཡི་ཡོད། ད་སྐབས་བསམ་བློ་ཞིབ་ཕྲ་དང་ཡག་པོ་ཞིག་གཏོང་སྐབསདེ་དག་ནི་ཁོང་ཚོས་ང་ལ་མཐོང་ཆུང་དང་ངན་སྨྲས་བྱས་པ་མ་ཡིན་པརཁོང་ཚོ་རང་གི་སྐད་དང་ཡི་གེ་ལ་ཤ་ཚ་དང་འགན་ཁུར་ཡོད་པས་རེད་འདུག ང་རང་གི་རང་ཉིད་ཀྱི་ཕ་མེས་ཀྱི་སྐད་ཡིག་གི་ཤེས་ཚད་ལ་བསམ་བློ་ཞིབ་ཕྲ་ཞིག་གཏོང་བ་ཡིན་ནསྔོ་ཆད་ཀྱི་ང་རྒྱལ་དང་སྤོབས་སེམས་དག་ལ་ལྗིད་ཚད་དེ་ཙམ་མེད་པ་ཤེས་ཀྱིན་འདུག


ཁྱེད་ལ་དེ་འདྲའི་བསམ་བློ་ཅི་ལྟར་སྐྱེ་བ་རེད་དམ་ཞེ་ན། ཕ་མེས་ཀྱི་སྐད་ཡིག་ལ་ཤ་ཚ་དང་འགན་ཁུར་ཡོད་མཁན་རྣམས་ཀྱིས་སྐྱོན་དང་ནོར་བར་མཛུབ་མོ་བཙུགས་པར་བརྟེན་ནས་བྱུང་བ་རེད། གལ་སྲིད་སྐྱོན་དང་ནོར་བ་ལ་མཛུབ་མོ་དེ་འདྲ་འཛུགས་མཁན་མེད་པ་ཡིན་ནང་རང་ལ་ཡོད་པའི་སྐྱོན་དེ་དག་ལ་ངས་དོ་སྣང་ཙམ་ཡང་བྱུང་ཡོད་རྒྱུ་མ་རེད།  རྒྱུ་མཚན་དེ་དག་བརྟེན་ནས་སྐྱོན་དང་ནོར་བ་ལ་མཛུབ་མོ་བཙུགས་ནས་གསུང་མཁན་དག་བཀའ་དྲིན་ཆེ་ཞུ།  ཁྱེད་ཅག་གིས་སྐྱོན་དང་ནོར་བ་མཛུབ་མོ་བཙུགས་པསང་རང་ལ་བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཡིག་འབྲི་རྒྱུ་ལ་དོ་སྣང་སྔར་ལས་ཆེ་བ་བྱུང་སོང་། བོད་པ་ཡིན་པའི་ང་རྒྱལ་དང་སྤོབས་སེམས་ཡོད་པ་ཙམ་གྱིས་འགྲིག་གི་མེད་པའང་ཤེས་བྱུང་།


དེང་སང་ན་གཞོན་མང་པོ་ཞིག་ངོ་དེབ་ «facebook» དང་དྲ་བའི་བརྒྱུད་ལམ་དག་ནས་བརྙན་ཐུང་བཟོ་མཁན་མང་པོ་ཞིག་འདུག དེ་དག་ལའང་བོད་སྐད་གཙང་མ་ཤོད་ཟེར་ནས་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་འདུག ན་གཞོན་ཁྱེད་ཅག་ཀྱང་སྔོན་ཆད་ང་ལ་བྱུང་མྱོང་ཡོད་པའི་ཚོར་སྣང་མི་བདེ་བ་བཞིན་ཁྱེད་ཅག་ལའང་དེ་འདྲ་འབྱུང་གིན་ཡོད་པ་ཏན་ཏན་རེད།  ངས་ཀྱང་ཁྱེད་ཅག་ལ་བསམ་ཤེས་ཐུབ་ཀྱི་འདུག ཡིན་ནའངསྐྱོན་བརྗོད་དེ་དག་ལ་བསམ་བློ་ཞིབ་ཕྲ་རེ་གནང་ནསའུ་ཅག་གི་ཕ་མེས་ཀྱི་སྐད་ཡིག་ལ་དོ་སྣང་རེ་བྱོས་དང་། ཉིན་རེ་ལས་ཇེ་ཡག་ཏུ་འགྲོ་བའི་རེ་བ་ཡོད། ང་རང་ངོས་ནས་ཀྱང་བོད་སྐད་གཙང་མ་ཤོད་གསུང་མཁན་དག་ལ་སྙིང་དབུས་ནས་ཐུགས་རྗེ་ཞུ་གི་ཡིན།

 

ཡོངས་ཁུངས། གླིང་སྲས་བོད་ཡིག་འཕྲིན་སྟེགས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།