![]() |
| མཛད་པ་པོ། ལྷ་རྩེ་དབོན་སྤྲུལ་པདྨ་རིག་འཛིན། |
༄༅། །སྦལ་ཏིའི་ཡུལ་ནི། [1]ཁ་ཆེ་ཡུལ་ཀྱི་བྱང་རྒྱུད་ལ་དྭགས་ཀྱི་ནུབ་བརྒྱུད་སིནྡྷུ་གཙང་པོ་དང་། རྗིལ་རྗིས་ཐིའམ་སྤལ་ཏིའི་གཙང་བོ་གཉིས་བཞུར་རྒྱུན་འགྲེས་མཚམས་ཀྱི་ནུབ་བརྒྱུད་ཡུལ་ལྗོངས་དེ་ཡིན་པར་བཤད། རྒྱ་གར་ནུབ་རྒྱུད་དང་ཨེ་ཤེས་ཡ་དབུས་མ་བརྒལ་ནས་བོད་ཀྱི་བར་དུ་འགྲིམ་འགྲུལ་བསྒྲོད་ལམ་གཙོ་ཤོས་དེ་ཡིན། རྒྱ་ནག་གི་དོང་ཇིན་[2]རྒྱལ་རབས་ནས་བཟུང་ལོ་རྒྱུས་དེབ་ཐེར་རྣམས་ཀྱི་ནང་དུ་ཡུལ་ཁམས་འདིའི་ལོ་རྒྱུས་བཤད་ཡོད།
ཡུལ་ཁམས་འདིའི་མིང་མི་འདྲ་བ་ནི་《波伦、钵卢勒、钵露勒、钵露罗、钵罗、勃律》སོགས་ཡུལ་མིང་དྲུག་ཙམ་བསྒྱུར་བཤད་བྱས་འདུག
ཐང་རྒྱལ་རབས་ཀྱིས་ཕལ་ཆེ་བས་《勃律》པོ་ལི་པའི་མིང་འདི་བེད་སྤྱོད་བྱས་ཡོད།
རྗེས་སུ་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་མངའ་དབང་སྐབས་སུ་སྦལ་ཏི་སི་ཐན་ (Baltistan) ཞེས་འབོད་པ་ཡིན།
པ་ཀི་སི་ཐན་གྱི་བྱང་ཤར་མཐའ་མཚམས་སུ་ཆགས་ཡོད་ལ། རོབ་རྩིས་བྱས་ན་ས་ཁྱོན་ལ་ཀེ་ལོ་མི་ཊར་གྲུ་བཞི་མ་
10118 དང༌།
མི་འབོར་འབུམ་བཞི་ 400000 ལྷག་ཡོད་པ་རེད། ཡུལ་འདིའི་མི་རྣམས་ཀྱིས་བོད་སྐད་དམ་སྟོད་སྐད་ཅེས་འབོད་བཞིན་པའི་བོད་ཀྱི་ནུབ་ཕྱོགས་ས་ཁུལ་གྱི་ཡུལ་སྐད་བཤད་ཀྱིན་ཡོད་ལ།
བོད་ཀྱི་ལོ་རྒྱུས་ལྟར་ན། སྦལ་ཏི་ཡུལ་ནི་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་ཕྱོགས་ཀྱི་སྤུ་ཧྲེང་དང་མང་ཡུལ།
ཟངས་དཀར་གསུམ་སྐོར་གཅིག ཞང་ཞུང་དང༌། ཁྲི་ཏེ་སྟོད་སྨད་སྐོར་གཅིག འཆིམ་མལ་ལི་དང༌།
བྲུ་ཤ་དང༌། སྦལ་ཏི་གསུམ་སྐོར་གཅིག་བཅས་བཅད་པའི་ཁྲོད་ཀྱི་སྦལ་ཏི་ཞེས་པ་དེ་ཡིན་ཞིང༌།
དུས་རབས་བཅུ་དྲུག་པ་ནས་བཟུང་ཏ་ཟིག་གམ་སྟག་གཟིག་གི་ཁ་ཆེའི་དབང་བསྒྱུར་འོག་ཤོར་ཏེ་ད་བར་མི་ལོ་
500 ཕྱིན་ལ། འདིའི་རིང་ཁོང་ཚོའི་ཆོས་ལུགས་འགྱུར་ཡོད་ནའང་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ནི་རྩ་ཡལ་དུ་མ་སོང་ཙམ་དུ་གནས་ཡོད་པ་དང༌།
དེང་སྐབས་སྦལ་ཏིའི་མི་རྣམས་ཀྱིས་བོད་ཡིག་དང་བོད་སྐད་སོགས་སྦྱངས་ཏེ།
སོ་སོའི་ཕ་མེས་ཀྱི་ཆོས་རིག་དང་ཡུལ་སྲོལ་གོམས་གཤིས་བཅས། མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་རྒྱུའི་སྐོར་ལ་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
འདི་ཆགས་ཡུལ་ནི་དེང་སྐབས་སུ་པ་ཀི་སི་ཐན་བྱང་བརྒྱུད་གངས་རིའི་ལྗོངས།
རྒྱ་མཚོ་ནས་མཐོ་ཚད་དམའ་ཤོས་ནི་མི་ཁྲིར་ 1500m ནས་མཐོ་ཤོས་གངས་རིའི་རྩེར་ 8000m ཡས་མས་ཙམ་ཡོད་པའི་ཡུལ་
Gilgit Baltistan ཟེར་བའི་ཡུལ་དེར་ཡིན།
ལོ་རྒྱུས་འགའི་ནང་དུ་བོད་ཆུང་བ་ཟེར།
དུས་རབས་བདུན་པའི་འགོ་ཙམ་ན་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་ཡུལ་འདི་མངའ་དབང་བསྒྱུར།
དེའི་སྐབས་སུ་ཡུལ་དེ་ཁ་བྲལ་བྱུང་བས་སྦལ་ཏི་ཆེ་ཆུང་གཉིས་སུ་གྱུར།
ཡུལ་དབུས་སྐར་དྷུ་ཕྱོགས་སུ་ལྷག་པའི་ཡུལ་རྣམས་ལ་སྦལ་ཏི་ཆེ་བ་དང་། ནུབ་བརྒྱུད་ཧན་ཟའི་《Hanza Gilgit》ཡུལ་ཀླུང་གཙང་བོ་ཕྱོགས་ལ་བྲོས་བྱོལ་དུ་སོང་བ་རྣམས་ལ་སྦལ་ཏི་ཆུང་བ་ཟེར།
ཡུལ་གཉིས་བར་ན་ལེ་བར་ 150KM ཙམ་གྱི་བར་ཐག་ལས་མེད།
ཐང་རྒྱལ་རབས་ཐང་ཤན་ཙོང་[3]རྒྱལ་པོའི་ཁྲི་ལོ་འགོའི་སྤྱི་ལོ་
༦༩༧ ལོར་སྦལ་ཏི་ཆེ་བའི་རྒྱལ་པོས་ཐང་རྒྱལ་ལ་འཕྲིན་པ་ཕོ་ཉ་ཐེངས་གསུམ་བར་དུ་བཏང་། ཐང་རྒྱལ་པོས་སྦལ་ཏི་རྒྱལ་པོ་ལ་སྔོན་རྗེས་སུ་འཇའ་སའི་བསྐོས་བཞག་གི་ཡི་གེ་བསྐུར།
སྤྱི་ལོ་ ༧༠༠ ལོར་སྦལ་ཏི་ཆུང་བའི་གྲོང་སྡེ་དགུ་ཙམ་བོད་དམག་གིས་མངའ་དབང་བསྒྱུར། སྦལ་ཏི་ཆུང་བའི་མེ་ཆེན་མང་《没谨忙》རྒྱལ་པོ་ལ་བོད་ཀྱིས་གནོན་ཤུགས་དབང་གིས་རང་ཉིད་རྒྱ་ནག་རྒྱལ་ས་ཚང་ཨན་ལ་སོང་ནས་ཐང་རྒྱལ་ཀྱི་བློན་པོའི་མིང་འོག་འགོ་བཏགས་བྱས།
ཐང་ཤན་ཙོང་རྒྱལ་པོས་རང་གི་བུ་ལྟར་བརྩེ་བ་མཛད། མེ་ཆེན་མང་གིས་ཀྱང་ཕ་བཞིན་ཏུ་བརྩི་སྲུང་བྱས།
སྦལ་ཏི་ཆུང་བའི་ཡུལ་རྣམས་ནི་བོད་ཀྱི་ནུབ་བརྒྱུད་ནས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཚང་ཨན་ཕྱོགས་ལ་འགྲོ་བའི་བསྒྲོད་ལམ་གཙོ་ཤོས་ཡིན་པའི་རྒྱུ་མཚན་གྱིས།
ཐང་རྒྱལ་སྲིད་གཞུང་གིས་སྦལ་ཏི་ཆུང་བ་ནི་ནུབ་ཕྱོགས་ཡུལ་ལྗོངས་ཀྱི་ནུབ་སྒོ་ཡིན་པས་ངེས་པར་མཁོ་བའི་ཡུལ་ཡིན་པར་ངོས་འཇིན་བྱས་ནས།
རྨ་ནུབ་སྲང་ལམ་《河西走廊》ཟེར་བའི་ནུབ་རྒྱུད་ཕྱོགས་ལ་ཆབ་སྲིད་ཀྱི་འབྲེལ་ལམ་ཟེར་བའི་ནུབ་སྡོད་དང་བྱང་སྡོད་ཀྱི་སྲིད་གཞུང་ཡོད་པ་ལས།
[4]བྱང་སྡོད་སྲིད་གཞུང་གི་དཔོན་ཙོང་ཤའུ་སོང་ཟེར་བས།
སུ་ལི་[5]ཡུལ་གྱི་འགོ་ཁྲིད་གཞོན་པ་ཙོང་སི་ལིས་མྱུར་དུ་ནུབ་ལྗོངས་སུ་མཉམ་འབྲེལ་དམག་དཔུང་བཞི་སྟོང་དང་བཅས་པར་བརྩངས།
སྦལ་ཏི་ཆུང་བའི་རྒྱལ་པོ་མེ་ཆེན་མང་གི་དམག་དཔུང་གིས་བསུ་མ་བྱས་ནས།
བོད་དམག་དང་འཐབ་པས་བོད་དམག་ཁྲི་ལ་བརྒལ་བ་བསད་ནས་ཕམ་ཉེས་བྱུང་། བོད་དམག་ལོ་མང་བར་དུ་སྦལ་ཏི་ཆུང་བའི་ས་མཚམས་ལ་བཙན་འཛུལ་བྱས་མེད།
རྗེས་སུ་སྤྱི་ལོ་ ༧༢༢ ལོར་ཐང་རྒྱལ་ཀྱིས་མེ་ཆེན་མང་སྦལ་ཏི་ཆུང་བའི་རྒྱལ་པོ་ལ་བསྐོས་བཞག་བྱས།
མེ་ཆེན་མང་གི་སྦལ་ཏི་ཆུང་བའི་བརྒྱུད་འཛིན་རྒྱལ་པོ་བྱས། དེ་ནས་[6]མེ་ཆེན་མང་རྒྱལ་པོ་གྲོངས།
ཁོང་གི་བུ་གནམ་ནུས་ཀྱིས་རྒྱལ་པོ་བྱས། ཁོ་གྲོངས་ནས་ཁོང་གི་སྤུན་མ་ལེ་ཤེས་ཀྱིས་རྒྱལ་པོ་བྱས།
མ་ལེ་ཤིས་གྲོངས་ནས་སུ་ཧྥི་ལི་ཙི་སྦལ་ཏི་ཆུང་བའི་རྒྱལ་པོ་བྱས། སྤྱི་ལོ་ ༧༣༦ ལོར་བོད་དམག་གིས་སྦལ་ཏི་ཆུང་བར་དམག་དྲངས་བས།
སྦལ་ཏིས་ཐང་རྒྱལ་ལ་ཛ་དྲག་སྐྱབས་ཞུའི་འཕྲིན་ཡིག་ཕུལ་བས། ཐང་རྒྱལ་ཤན་ཙོང་《唐玄宗》གིས་བོད་དམག་ཕྱིར་འཐེན་གྱི་བཀའ་ཡིག་ཕུལ་ཀྱང་། བོད་དམག་ཐང་རྒྱལ་གྱི་བཀའ་ཡིག་གི་རྗེས་སུ་མ་འབྲང་བས་སྦལ་ཏི་ཆུང་བ་ལ་ཕར་རྒོལ་དམག་འཐབ་བྱས་ནས་ཕམ་པར་བཟོས།
དེ་ནས་སུ་ཧྥི་ལི་ཙི་ལ་བོད་ཀྱི་གནོན་ཤུགས་ཀྱིས་བོད་ལ་འགོ་འདོག་བྱས་པས་བོད་བློན་ལ་བཞག
བོད་རྒྱལ་ ༣༦ པ་ཁྲི་ལྡེ་གཙུག་བརྟན་གྱི་སྲིང་མོ་ཆེ་བ་བོད་རྒྱལ་གྱི་སྲས་མོ་ཁྲི་མ་ལུས་ཞེས་པ།
སྤྱི་ལོ་ ༧༤༠ ལོར་སྦལ་ཏི་རྒྱལ་པོ་སུ་ཧྥི་ལི་ཙི་ལ་མནའ་མར་བཞིན་ནས། སྦལ་ཏི་ཆུང་བ་དང་བོད་གཉིས་བར་གཉེན་བསྒྲིགས་བྱས། བོད་ཀྱིས་ནུས་ཤུགས་ཆེ་རུ་སོང་ནས་ཡིད་མཐུན་ཟབ་ཞུགས་ཀྱིས་ནུབ་རྒྱུད་ཀྱི་ཡུལ་གྲུ་ཉི་ཤུ་ལྷག་འབངས་ཀྱི་མངའ་ཞབས་ཏུ་བླངས།
དེ་རྗེས་སུ་ཐང་རྒྱལ་གྱི་ནུབ་སྡོད་ཨན་ཤིས་དཔོན་ཐེན་རིན་ཝན་དང་གེའུ་ཇ་ཡིན་དང་ཧྥོས་མང་ལིན་ཚ་[7]སོགས་ཐེངས་གསུམ་གྱི་བར་དུ་དཔུང་འཇུག་བྱས་ཀྱང་བྱས་རྗེས་མེད་པར་ཕྱིར་ལོག་བྱུང་།
སྤྱི་ལོ་༧༤༧ལོར་ཐང་རྒྱལ་རབས་ལྷ་རིན་ཆེན་《天宝六年》ཞེས་པའི་ལོ་ཚིགས་དྲུག་པར།
ཐང་རྒྱལ་ཤན་ཙོང་གི་དམག་དཔོན་གའུ་ཤན་ཙིས་《高仙芝》ཁྲི་དམག་ཙམ་གྱི་སྣེ་ཁྲིད་བྱས་ནས་རྒྱང་སྐྱོད་དམག་དཔུང་སྦལ་ཏི་ཆུང་བར་སྤྱོད།《李嗣业与田珍》ལི་སི་ཡེ་དང་ཐེན་ཙིན་གཉིས་ཀྱིས་མཚོན་འཛིན་དམག་དཔོན་གཡས་གཡོན་བྱས།
དེའི་དུས་སུ་བོད་དམག་འབུམ་ཚོ་བརྒལ་བ་སྦལ་ཏི་ཆུང་བར་ས་སི་《娑勒诚Sassi》གྲོང་དུ་དམག་སྒར་བརྒྱབ་ནས་གནས་སྡོད་བྱས་ཏེ་།
ས་གནས་གཙང་པོའི་བྲག་འཕྲང་དོག་མོ།
ཤིང་ནགས་དང་གྲོང་ལ་ཉེ་བའི་གནས་སུ་ཐང་དམག་བཀག་འགོག་བྱས་ནས་ཡོད་པ་ལ། གའུ་ཤན་ཙིས་དམག་དཔུང་གི་སྣེ་ཁྲིད་བྱས་ཏེ་སིནྡྷུ་གཙང་བོ་བརྒལ་ནས་དམག་སྒར་ཀྱི་མཁར་ཞོལ་དུ་སླེབས།
དམག་དཔོན་ལི་སི་ཡེས་གྲི་རིང་ཐོག་ནས་དམག་མིའི་སྣེ་ཁྲིད་བྱས་ནས་རི་ལ་འཛེགས། ཡང་ལི་སི་ཡེས་དམག་དར་བཟུང་ནས་ཧ་ཅིང་བཙན་འགག་ཅན་གྱི་རི་ལ་སླེབ།
དམག་རྣམས་ཀྱང་ཁོང་དང་མཉམ་དུ་མཆུང་ཤུགས་ཀྱི་ཡར་རྒྱུགས་བྱས་ནས་རི་དེ་ལ་སླེབ། བོད་དམག་རྣམས་ཀྱིས་ཐང་དམག་གློ་བུར་དུ་སླེབ་པ་བསམ་བློ་མ་འཁོར་བས།
བོད་དམག་རྣམས་ཐོར་ཞིང་ཟིང་བར་གྱུར་ནས་བཅུ་ཆ་བརྒྱད་དགུ་ཙམ་གཤོང་རོང་གྲོག་ཤུར་དང་གཙང་བོ་ནང་དུ་ལྷུང་དེ་ཆུ་སུབ་ཏུ་ཤི།
དེ་ནས་ཐང་དམག་རྣམས་རྒྱང་རིང་སྦལ་ཏི་ཆུང་བའི་ཡུལ་དུ་སོང་ནས། སྦལ་ཏིའི་རྒྱལ་པོ་དང་བོད་རྒྱལ་སྲས་མོ་གཉིས་གསོན་བཟུང་བྱས་ནས་སྦལ་ཏིའི་ཡུལ་ཁམས་ལྷིང་འཇགས་སུ་བཟོས།
དམག་མི་སུམ་སྟོང་ཙམ་གཞི་སྡོད་བྱས་ནས་ཡུལ་ཁམས་ཀྱི་བཅའ་སྡོད་ས་སྲུང་བྱས། སྦལ་ཏིའི་རྒྱལ་པོ་དང་བོད་རྒྱལ་སྲས་མོ་གཉིས་བཙོན་དུ་བཟུང་ནས་ཐང་རྒྱལ་ཁབ་ཀྱི་ཚང་ཨན་ལ་འཁྱེར།
ཐང་རྒྱལ་ཤན་ཙོང་གིས་སྦལ་ཏི་ཆུང་བའི་མིང་བསྒྱུར་བཅོས་བྱས་ནས་གེའུ་རིན་《归仁国》
རྒྱལ་ཁབ་ཞེས་བཏགས་པ་དང་དམག་ལ་གེའུ་རིན་དམག་མི་བཏགས། དམག་དཔོན་ལི་སི་ཡེ་ལ་རྔམ་བརྗིད་སྲུང་དམག་ཞེས་པའི་ལས་གནས་ལ་བསྐོ་གཞག་བྱས།
དེ་ནས་ནུབ་རྒྱུད་ཀྱི་ཡུལ་གྲུ་མང་པོ་ཐང་རྒྱལ་གྱི་མངའ་དབང་བྱས། སྤྱི་ལོ་ ༧༥༡ ལོར་གའུ་ཤན་ཙི་སྟག་གཟིག་དམག་ལས་རྒྱལ་ཁ་ཐོབ།
ཐང་རྒྱལ་རབས་ཀྱི་སྟོབས་ཤུགས་ད་དུང་ཨེ་ཤེས་ཡ་དབུས་མའི་ནུབ་རྒྱུད་ལས་ཕྱིར་འཐེན་མ་བྱས།
སྤྱི་ལོ་ ༧༥༣ ལོར་སྦལ་ཏི་ཆེ་བར་དམག་འཁྲུག་བྱུང་། ལི་ཡུལ་[8]ཁུ་ཆའི་ཡུལ་གྱི་ཐང་རྒྱལ་དཔོན་ཧྥིང་ཚང་ཆིན་《封常清》གྱིས་དམག་དཔུང་སྣེ་ཁྲིད་བྱས་ནས་བོད་ཀྱི་སྦལ་ཏི་ཆེ་བའི་ཡུལ་དུ་དམག་དྲངས་བས་སྦལ་ཏི་ཆེ་བ་ཕམ་ཉེས་བྱུང་། སྤྱི་ལོ་ ༧༥༥
ལོར་ལི་ཡུལ་ཁུ་ཆའི་ཡུལ་དུ་《安西乱史》ཟིང་འཁྲུག་བྱུང་བའི་རྐྱེན་གྱིས་ཐང་རྒྱལ་སྲིད་གཞུང་ལ་ཨེ་ཤེས་ཡ་དབུས་མའི་ནུབ་བརྒྱུད་ཡུལ་ཁམས་ལ་ཇུས་བཀོད་བདག་གཉེར་ཀྱི་སེམས་ཤུགས་མེད་པར་གྱུར།
གོང་གི་སྦལ་ཏི་ཆེ་བའི་དམག་འཁྲུག་ནི། ཐང་རྒྱལ་གྱི་ཆེས་རྗེས་མའི་དུས་སུ་ཐེངས་གཅིག་ནུབ་བརྒྱུད་ཡུལ་དུ་དམག་འཁྲུག་བྱེད་པའི་ལོ་རྒྱུས་སུ་གྱུར།
སྤྱི་ལོ་ ༧༥༦ ལོར་ནས་སྦལ་ཏི་ཆེ་ཆུང་དང་ནུབ་བརྒྱུད་ཀྱི་ཡུལ་འཁོར་རྣམས་ཡང་སྐྱར་བོད་ཀྱི་མངའ་འོག་ཏུ་བསྡུས།
དེ་ནས་བཟུང་ཐང་རྒྱལ་ཁབ་ཀྱི་མི་རིགས་འཕགས་ཡུལ་གནས་མཇལ་ལ་འགྲོ་ལམ་ཆད་པས། ལོ་རྒྱུས་ནང་དུ་དེ་རྗེས་སུ་ནུབ་བརྒྱུད་ནས་འཕགས་ཡུལ་སོང་བའི་ལོ་རྒྱུས་མེད་པ་ཡིན་ནོ།།
[1] Patola Sahihi Or Palola Sahi/Tibetan name is Brazha/Brusha/ ཆེས་ཐོག་མའི་མིང་ནི་པ་ཐོ་ལ་ས་ཧི་ཡང་ན་པ་ལོ་ལ་ས་ཧི། རྗེས་སུ་བོད་ཀྱིས་བི་ར་ཙ་ཟེར།༽
[2] 《东晋317年4月6日-420年7月10日》
[3] 《唐玄宗开元七年,通天二年公元697年》
[4] 《北庭节度使张孝嵩》《现今的新疆昌吉州吉木萨尔县北约12公里处》
[5] 《疏勒地是现今新疆咯什地》
[6] 《难泥成为小勃律王。难泥死,其兄麻来兮成为小勃律王。麻来兮死,苏失利之》
[7] 《安西节度使田仁琬、盖嘉运、夫蒙灵詧》







No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།