རྩོམ་པ་པོ། དིང་སྨྱུག
སྐྱ་གོག་གོག་གི་ཁང་པ་དེ་ཚོ།རྡུལ་འཚུབ་འཚུབ་ཀྱི་ཁོར་ཡུག་དེ་དགརྫས་སྦྱོར་གྱིས་ནང་ཁྲོལ་མ་རུལ་གོང་།ཚུལ་འཆོས་ཀྱི་རི་མོ་མ་བྲིས་ཏེ།དྭངས་ཤིང་གཙང་ལ་ཞིམ་ཞིང་རོ་བཅུད་ལྡན་པའི།ཇ་སྲུ་མ་དང་སྦྲང་དཀར་རྩམ་པ་ཁོ་ནས་འཚོ་སྐྱོང་བྱེད་ཀྱིན་པའི།ཡ་སྔོན་གྱི གོང་རོལ་གྱི།ཁང་པའི་དབུ་ཐོག་ལ་དམར་ཞྭ་མི་གྱོན་ཞིང་།ནད་མེད་ལོ་ཕྱུགས་ཀྱི་ཕྱྭ་གཡང་བཀུགརྒྱལ་བ་རིགས་ལྔའི་ཚབ་མཚོན་དུ་བསྒྲོན།ལྟ་ན་སྡུག་ཅིང་ཡིད་ཁར་འོང་བའི།དར་ལྕོག་ཚོན་ཁྲ་སྣ་ལྔའི་ཕྲ་རྒྱན་བཏབ་པའི།ཡ་སྔོན་གྱི གོང་རོལ་གྱི།གྲོང་གསེབ་ཆུང་ཆུང་དེ་དྲན་འོང་།རྒྱ་ཅོག་འབྲུག་རིས་ཅན་གྱི་ཡངས་སྟེང་ན།སྦི་རག་གི་ཤེལ་དམ་མ་བཀང་བར།སྣུམ་ཞག་ཅན་གྱི་ཅོག་ཙེ་གྲུ་བཞི་མའི་ཁ་ཐོག་ན།ནས་ཆང་བསིལ་མས་གར་སྟེགས་འཕྲོག་ཏེ།ཕྲག་དོག་དང་འགྲན་རྩོད་ཀྱི་སྦག་བཙོག་མ་གོས་པའི།གཉེན་སྤུན་གྱི་དམ་ཚིག་བརྟན་ཅིང།ཁོག་ཡངས་ཀྱི་བརྩི་བཀུར་ཟབ་ཏེ།ཁ་ཞེ་གཉིས་མེད་ཀྱི་མཉོམ་ལག་རྒྱས་པའི།ཡ་སྔོན་གྱི གོང་རོལ་གྱི།གྲོང་གསེབ་ཆུང་ཆུང་དེ་དྲན་འོང་།༢༠༢༠/༡༡/༢༥

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།