རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 7 February 2021

སྐུ་ཉིད་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།

ས་འདང་པདྨ་རྒྱལ་མཚན།


རེད་ཡ།  
དེ་རིང་དུང་ཟླ་བཞད་པའི་དུས།
ཐོ་རེངས་སྐར་ཆེན་ཡང་བསུ་མ་བྱེད།
ལྡུམ་རའི་པདྨ་ཡིན་ཡང་འཛུམ་མུལ་ལེ།
དབྱངས་ཅན་ལྷ་མོ་ཡིན་ཡང་སྙན་ངག་གྱེར།
ཨེ་མ།  ངོ་མཚར་ལ།

གཞན་ཅི་ཡང་མ་རེད།
ཟླ་དཀར་བཞད་པའི་དུས་བཟང་རེད།
ཤར་གྱི་རི་བོའི་རྩེ་ནས།
རྟ་བདུན་དབང་པོ་འཆར་བ་རེད།
སྐུ་ཉིད་འཁྲུངས་པའི་ཉིན་བཟང་རེད།
དེ་ལ་དར་དཀར་གྱི་རྟེན་འབྲེལ་ཞུ།

ཁྱེད་དང་གཤིབས་ནས་ལོ་མང་སོང་།
དུས་ལ་འགྱུར་བ་ཡོད་ཀྱང་། 
ཁྱེད་ཀྱི་ཐུགས་སྤྱོད་ནི། 
ཉིན་གཅིག་གིཐུགས་རྒྱུད་ལ་ཁེངས་རློམ་མེད་པ།
ཤེས་རིག་ལྡན་ཀྱང་། དྲེགས་པ་མི་ལྡན།
མིག་དཔེ་ལྟ་སའི་ཡུལ་ཅི་ནས་ཀྱང་མཆིས།

དེ་རིང་ཁྱེད་ཀྱི་འཁྲུངས་སྐར་ལ།
འབྱོར་བ་ཆེན་པོའི་ཁྱོས་མ་མེད་རུང་།
སྙིང་ཆུང་དམར་པོ་འདི་རུ།
གྲོགས་པོའི་བརྩེ་སེམས་བཅངས་ནས།
ཚིག་རྐང་གཉིས་གསུམ་ལྷས་མ་བསླས་ཏེ།
རྟེན་འབྲེལ་ཞུ།

སྐུ་ལ་ན་ཚ་མི་མངའ་བའི།
གསུང་ལ་འགག་པ་མེད་པ།
ཐུགས་ཀྱི་ཅི་དགོངས་འགྲུབ་པ།
མཛད་འཕྲིན་རྒྱས་པ་བཅས།
སྨོན་ལམ་ཚིག་གསུམ་འདེབས།

༠༧།༠༢།༢༠༢༡ ཉིན་གྲོགས་ཀྱི་མིང་ཙམ་འཛིན་པ་པདྨ་རྒྱལ་མཚན་ནས་ཕུལ། 

_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང་།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།