ནུབ་རི་མི་ཕམ་རྣམ་རྒྱལ།
༈ རིགས་རྒྱུད་ཚང་སར་ལྷ་ཡི་བརྒྱུད།།
ཆོས་རྒྱལ་གདུང་རིགས་དྲི་མ་མེད།།
ཨོ་རྒྱན་གུ་རུ་སྒྲུབ་པའི་གནས།།
སྐུ་ན་ཤིན་ཏུ་ཕྲ་དུས་ནས།།
བྱམས་དང་སྙིང་རྗེ་རང་གཟུགས་ཅན།།
ཤེས་རིག་རྣམ་དཔྱོད་དོ་ཟླ་བྲལ།།
མཆོག་གི་རྣམ་སྤྲུལ་མི་འགྱུར་རྗེ།།
དང་པོ་ཐོས་བསམ་རྒྱུད་ལ་ཕྱུག།
བར་དུ་སྒོམ་པ་རྒྱུན་མར་སྤྱོད།།
ཐ་མ་ཉམས་མྱོང་གོ་རྟོགས་དེས།།
ཕྱོགས་ཀུན་སྤེལ་མཛད་ངོ་མཚར་ཆེ།།
མཁས་པའི་ཚུལ་དང་ལྡན་པ་ཞིག།
སྒྲུབ་པའི་རྣལ་འབྱོར་དམ་པ་ཞིག།
གྲུབ་མཐའ་ཕྱོགས་མེད་སྐྱོང་བ་ཞིག།
སྙིགས་དུས་འདི་ན་ཁྱེད་ལས་དཀོན།།
སྐུ་ཡི་མཚན་དཔེ་མཇལ་བ་དང་།།
དགྱེས་འཛུམ་བརྩེ་བས་རྣམ་འགྱུར་དེས།།
བདག་ཅག་སེམས་ལ་ངལ་གསོ་ཐོབ།།
གོ་ལ་འཁྱོན་དུ་ཁྱེད་མིན་སུ།།
གསུང་མཆོག་བདུད་རྩི་དམ་པའི་ཆོས།།
ཕྱག་རྫོགས་མན་ངག་ཟབ་མོའི་གནད།།
གོ་བདེ་ཚིག་གིས་བཀྲོལ་ཐེངས་རེ།།
དད་པའི་མིག་ཆུ་ཅི་མི་ཤོར།།
ཐུགས་རྗེ་མཁའ་ཁྱབ་འགྲོ་བ་ལ།།
ཉེ་རིང་མེད་པར་བརྩེ་སེམས་ཆེ།།
ཐབས་མཁས་འགྲོ་རྒྱུན་སྨིན་པ་ལ།།
འགྲན་པ་ཟླ་མེད་མཁས་ཀུན་བསྟོད།།
དེང་འདིར་ཚན་རྩལ་རིག་ལམ་རྒྱས།།
ཚན་རིག་ང་རྒྱལ་རི་ལྟར་མཐོ།།
དེ་དུས་ཁྱེད་ཀྱི་གཉུག་མའི་དོན།།
ངོ་སྤྲོད་གནང་བས་རྨོག་རྨོག་བཟོས།།
དགའ་བའི་འཚོ་བའི་བསྟན་བཅོས་འདི།།
གོ་ལ་འདི་ན་ཞི་བདེ་བསྐྲུན།།
ཟས་མེད་རི་ལ་བྲོས་ཕེབས་དེས།།
དམ་པའི་རྣམ་ཐར་གསལ་པོར་སྟོན།།
གསང་གསུམ་མཛད་པའི་འོད་སྣང་དེས།།
བདག་ཅག་ཚིག་གིས་བརྗོད་དཀའ་ཡང་།
དེ་རིང་འཁྲུངས་སྐར་ཉིན་མོ་ལ།།
འོས་སྤྱི་ཙམ་ཞིག་དྲན་རྟེན་བཀོད།།
ཁྱེད་སྐུ་མི་ཤིགས་ངོ་བོར་བརྟན།།
གསུང་མཆོག་འགག་པ་མེད་པ་ཞིག།
ཕྱོགས་ནས་ཕྱོགས་སུ་སྤེལ་བ་དང་།།
རྒྱལ་བསྟན་བཤད་སྒྲུབ་དར་རྒྱས་སྨོན།།
དེ་རིང་གུང་གསེང་གི་ཉིན་མོ་མི་ཕམ་རྣམ་རྒྱལ་ལམ། མདའ་སྨྱུག་ཨ་བྷྱ་རཱ་ཛཱ། འགའ་ཞིག་གི་མི་ལ་རས་པ་ཡང་ཟེར་བ་དང་། འགའ་ཞིག་གི་རོ་ལངས་ཟེར་བས་བྲིས་སོ།།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-རྗེས་དྲན་བསུ་བ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།