རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 12 April 2021

གོ་སྐལ་བཟང་སོང་།

ཕུར་པ། སྔ་འགྱུར་མཐོ་སློབ་ཆེན་མོ།


ཟབ་ཆོས་དབུ་ཕར་འདུལ་མཛོད་གླེགས་བུ་རེ་ལ།།
བརྩོན་པ་ཆུ་བོའི་བཞུར་རྒྱུན་ལྷོད་པ་མེད་པར།།
ལོ་རེར་འཛིན་གྲྭའི་སྐས་ཀྱི་གདང་བུ་མཛེགས་ཏེ།།
སྔགས་གཞུང་རྫོགས་ཆེན་མཇལ་བའི་གོ་སྐལ་ཐོབ་སོང་།།

ཕ་རྒྱུད་རྙིང་མར་གཏོགས་པའི་གྲྭ་བཙུན་ཉིད་ལ།།
སྔར་བསགས་དགེ་བ་ལས་ཀྱི་འཕྲོ་ཅན་ཞིག་གིས།།
རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ཞིང་ས་ཞིག་ནས།།
བླ་བརྒྱུད་གདམས་པ་མང་བའི་ཕ་ཆོས་འཕྲད་སོང་།།

ཀུན་སློང་ངན་ངོན་ཞིག་གིས་འཛིན་གྲྭར་བསྐྱོད་ཀྱང་།།
གདམས་ཁྲིད་ཟབ་མོ་བདུད་རྩིའི་ཐིགས་པ་ཞིག་གིས།།
སྙིང་ཆུང་ཕག་གི་ཁོ་བོའི་སེམས་པ་བརླན་པས།།
ཟབ་ཆོས་ཉན་ལ་སྤྲོ་བ་འཕར་མ་བརྟས་སོང་།།

ཕྱི་ཟླ་ ༠༤  ཚེས་ ༡༢ བཤད་གྲྭའི་དཔེ་ཁྲིད་དབུ་འཛུགས་ཉིན།



_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།