དོལ་སྨྱོན།
ཉི་ཟླའི་ཟེགས་མ་བཞིན་འཕྲོ་འོང་བའི་སེམས་ཀྱི་སྐད་ཅ་འདི་དག
རྒྱ་མཚོའི་རླབས་རིས་བཞིན་འཕྱུར་འོང་བའི་ཞེ་ཡི་འབོད་པ་འདི་དག
སྦྲང་ཆར་བཞིན། བསིལ་རླུང་བཞིན།
སྙིང་ཉེ་མ། ཁ་པར་ལོངས་དང་།
རྣ་བའི་བུ་རམ་ཡིན་པའི།
སེམས་ཀྱི་ཟས་མཆོག་ཡིན་པའི།
ལུས་ལ་སྤུ་ཟིང་བྱེད་པའི།
ཞེ་ལ་ངལ་གསོ་གཏེར་བའི།
ཁྱོད་ཀྱི་སྙན་འཇེབས་དང་དག་གཙང་ཡིན་པའི་གསུང་སྐད་དེ་ཉན་ན་འདོད་སོང་།
སྙིང་ཉེ་མ། ཁ་པར་ལོངས་དང་།
བསིལ་བསེར་རླུང་བུ་འདི།
ཁྱོད་ཀྱི་སྙིང་གཏམ་དུ་བསྒོམས་ནས་བྲང་ཤ་བཟེད་ཡོད།
སྤྲིན་པ་ལང་ལོང་འདི།
ཁྱོད་ཀྱི་ཞལ་རས་སུ་བསྒོམས་ནས་མིག་ཟུང་ཅེར་ཡོད།
མེ་ལྕེ་བཞིན་མཆེད་འོང་བའི་དྲན་པའི་གདུང་བ་རེ་རེ།
ལྷོ་སྤྲིན་བཞིན་འཐུལ་འོང་བའི་བརྩེ་བའི་འབོད་པ་རེ་རེ།
ཡོད་ཚད་ནས་ཡོད་ཚད།
ཁྱོད་ཀྱི་ཞེ་སེམས་ལ། ཆུ་ལ་ཆུ་བཞག་གི་ཚུལ་དུ་བསྟིམས་ན་འདོད་སོང་།
༢༡/༠༧/༢༠༡༤
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-སྙིང་ཉེ་མ། ཁ་པར་ལོངས་དང་།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།


No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།