བསྟན་པ་ཚེ་རིང་། སྔ་འགྱུར་མཐོ་སློབ་ཆེན་མོ།
འགྱུར་མེད་ལས་དབང་བཙན་པོ།།
དབང་ཆེན་དཔོན་པོའི་བཀའ་རེད།།
དང་དོད་སེམས་ལ་མེད་ཀྱང་།།
བཅོས་མིན་སེམས་ཀྱི་བརྩེ་གདུང་།།
གཞོན་ནུ་ལོང་བའི་འགྲོས་རེད།།
གོམ་པའི་སྟངས་སྟབས་མྱུར་ཡང་།།
ངོས་གཟར་གཡང་ལ་ལྷུང་སོང་།།
སྙིང་གཏམ་དལ་འགྲོ་རིང་མོ།།
སྔོན་མོ་ནས་ཀྱི་ཆང་རེད།།
ནས་ཆང་ཁ་ལ་ཞིམ་ཡང་།།
ཞེ་ལ་བཟི་ཁ་བཙན་སོང་།།
ལྷད་མེད་སེམས་ཀྱི་འགྲོན་པོ།།
ཕར་ཕར་ཕར་ལ་ཕེབས་དུས།།
འདུ་བྲལ་འཁོར་བའི་ཆོས་ཉིད།།
ཚུར་ཚུར་ཚུར་ལ་དྲན་ཡོང་།།
དྲན་གདུང་སེམས་ཀྱི་རྨ་ཁ།།
འཛུམ་ཆུང་རྒྱབ་ཏུ་སྦས་ཀྱང་།།
མ་བཅོས་ཡིད་ཁའི་ངོས་ནས།།
སླར་ཡང་ཟུག་རྔུ་ལངས་བྱུང་།།
འགྲོན་པོ་ཕེབས་པའི་གླུ་ཆུང་།།
རྒྱ་གར་ལྷོ་ནས་བླངས་ཡོད།།
ལྷོ་ཡི་བསིལ་རླུང་འཇམ་པོས།།
མུ་མེད་མཁའ་ལ་འཁྱེར་རོགས།།
༢༡༢༡།༠༣།༢༨ རེས་གཟའ་ཉི་མར།
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་ཟིན་བྲིས་དྲྭ་བ།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-འགྲོན་པོ་ཁྱོད་ག་ལེར་ཕེབས་ཨ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།