གློ་བོ་ལྷུན་གྲུབ།
མིག་ཆུ་འཛུམ་གྱི་གསེབ་ན་སྦས་ནས་ཡོད།།
རེ་བ་ཐག་རིང་ཞིག་ཏུ་བཅོལ་ནས་ཡོད།།
སུ་ཡི་ངོ་ལའང་ང་ཚོ་མི་མཛེས་ཏེ།།
གང་དུ་ཡོད་མེད་སེམས་ཁྲལ་བྱེད་མཁན་མེད།།
ཅི་ཞིག་བྱེད་མིན་སུ་ལའང་འབྲེལ་བ་མེད།།
ཁ་ཁུ་གསིམ་ས་ཞིག་ཏུ་ངུ་བ་ཡང་།།
འཛུམ་གྱིས་ཤུན་པས་བཀབ་པ་སུ་ཡིས་ཤེས།།
འོན་ཀྱང་བཀའ་དྲིན་ཅན་གྱི་ཕ་མ་དངོས།།
སྐྱིད་སྡུག་ཡོད་རྒུ་ཞུ་སའི་དྲིན་གཅིག་པུ།།
བཀྲ་ཤིས་བླ་མས་ཐུགས་རྗེ་གང་ཞིག་གིས།།
དྭ་ཕྲུག་ང་ཚོ་ད་དུང་གསོན་ནས་ཡོད།།
༢༠༢༡།༠༥།༢༥
_______________
རྩོམ་ཁུངས།: མཚོ་བྱུང་ཨུཏྤལ་ནེའུ་གསིང་།
ཐུགས་སྣང་།: འདི་གའི་རྩོམ་ཡིག་བཤུ་སྤེལ་བྱེད་ཚེ་རྩོམ་ཁུངས་ངེས་པར་འགོད་རོགས་གནང།
རྩོམ་འདིའི་དྲྭ་ཐག: མཚོ་བྱུང་ཨུཏྤལ་ནེའུ་གསིང་།-རྒན་བཀྲ་ཤིས་ལགས། བཀའ་དྲིན་ཆེ།
࿐ སྐུ་ཉིད་ནས་ངེད་དྲྭ་བར་རྩོམ་ཡིག་ཡག་པོ་རེ་བསྐུར་གནང་མཛད་པར་ཐུགས་རྗེ་ཆེ་ཞུའོ།།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།