པདྨ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།
སྐུ་ལ་མཚན་དང་དཔེ་བྱད་རྒྱན་གྱིས་སྤྲས།།
གསུང་ལ་འགག་མེད་གསུང་དབྱངས་དྲུག་བཅུ་ལྡན།།
ཐུགས་ལ་མཁྱེན་བརྩེ་ནུས་པ་ཡོངས་གང་བའི།།
བྱང་ཆུབ་སེམས་དཔའ་ཁྱེད་ཀྱི་ཐུགས་བསྐྱེད་བཞིན།།
སྟོན་མཚན་ཟླ་བའི་འོད་ཟེར་དྲྭ་བས་འཁྱུད།།
གང་གིས་འགྲོ་བའི་སྡུག་བསྔལ་འཇོམས་མཛད་ལྟར།།
ཐོས་ལྡན་དབང་པོས་གླིང་བཞིའི་མུན་པ་སེལ།།
གང་གི་ཞལ་སྐྱིན་མཇལ་བ་ཙམ་གྱིས་ཀྱང་།།
སེམས་ཀྱི་སྡུག་བསྔལ་རྨང་ནས་ཞི་བར་བྱས།།
སྙན་པའི་གསུང་ངག་གྱེར་བའི་ནུས་མཐུ་ཡིས།།
ལུས་ཀྱི་སྤུ་ལོང་རང་དབང་མེད་པར་ལྡང་།།
ཐུགས་ཀྱི་བྱམས་བརྩེས་ཉམ་ཐག་དབུགས་འབྱིན་མཛད།།
སྙིང་སྟོབས་ནུས་པས་བསྟན་པའི་མེ་རོ་གསོས།།
མཚོ་སྐྱེས་རྒྱལ་བསྟན་འཛམ་གླིང་ཡོངས་ལ་བདལ།།
བླ་མའི་ཞབས་ཀྱི་པདྨོར་ལ་ཕྱག་འཚལ།།
སྐྱེས་ཐོབ་ཤེས་རབ་རྩལ་ཀུན་མ་ལུས་རྫོགས།།
བློ་མཆོག་མངའ་བའི་བཤེས་གཉེན་དམ་པ་ཡི།།
དགྱེས་མཛུམ་ཞལ་གྱི་རང་མདངས་བཞད་པའི་ཉིན།།
དད་པའི་ཨ་ལོང་སྒོར་མོས་འཚམས་འདྲི་ཞུ།།
༢༠༢༡།༠༨།༢༨ ཉིན།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།