ཕྲིན་ལས་རྡོ་རྗེ། བལ་ཡུལ་དོལ་པོ།
![]() |
| བཀའ་བརྒྱུད་འཇམ་མགོན་བཤད་གྲྭའི་ཡ་རྒྱལ་ལཱ་ཝཱ་རིག་པའི་རྡོ་རྗེ་གཙུག་ལག་སློབ་གཉེར་ཁང་གི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་པོ་ནོར་བུ་རྒྱལ་མཚན་མཆོག |
མིག་གིས་ཕོངས་པའི་སེམས་ཅན་ཞ་ར་ལ།།
གསལ་སྒྲོན་འོད་མདངས་སྦྱིན་པའི་རྟ་བདུན་སྟེ།།
ཤེས་བྱས་ཕོངས་པའི་བདག་དང་བདག་འདྲ་ལ།།
ཕ་མའི་བྱམས་བརྩེ་བྲལ་བའི་དྭ་ཕྲུག་ལ།།
བརྩེ་བས་སྐྱོང་མཁས་འཇིག་རྟེན་མགོན་པོ་སྟེ།།
བྱམས་བརྩེས་བསླུས་པའི་བདག་དང་བདག་འདྲ་ལ།།
བརྩེ་བའི་བདག་ཉིད་ཁྱེད་ནི་ཕ་མ་ཡིན།།
བདག་ཉིད་གཅིག་པུ་བདེ་བར་འདོད་རྣམས་ལ།།
ཐབས་ཤེས་མཁས་པས་ལྷག་བསམ་བསྐྱེད་དུ་འཇུག།
ཐུབ་པའི་བསྟན་ལ་ཞབས་ཏོག་ཡོད་དགུ་ཡིས།།
རབ་བྱུང་ངུར་སྨྲིག་སྡེ་རྣམས་སྐྱོང་བར་མཁས།།
ཐུབ་པའི་དབང་པོའི་བསྟན་པ་ཡོད་མེད་ནི།།
གཞི་རྩའི་ཚུལ་ཁྲིམས་ཡོད་མེད་ཡིན་པས་ན།།
ཚུལ་ཁྲིམས་རྣམ་པར་དག་པའི་རབ་བྱུང་སྟེ།།
ཤཱཀྱའི་དགེ་སློང་ནོར་བུ་རྒྱལ་མཚན་དྲན།།
མདོ་སྔགས་ཀུན་ནས་དགེ་བའི་བཤེས་གཉེན་ལ།།
བསྟི་བསྟང་མཉེས་བཀུར་བྱས་ན་རྫོགས་སངས་ཀྱི།།
གོ་འཕང་འགྲུབ་ལ་ཐག་ཉེ་གསུངས་ན་ཡང་།།
ལུས་ངག་ཞབས་ཏོག་མ་སྒྲུབ་ཡིད་རེ་ཕངས།།
རྟག་ཏུ་ངུ་ཡིས་ཆོས་འཕགས་བསྟེན་པ་ལྟར།།
ནཱ་རོ་པ་ཡིས་ཏཻ་ལོ་བསྟེན་པ་ལྟར།།
མི་ལ་རས་པས་མར་པ་བསྟེན་པ་ལྟར།།
བདག་ཀྱང་ཁྱེད་ནི་དེ་ལྟར་བསྟེན་པར་ཤོག།
ཅེས་བཀའ་དྲིན་བྲན་ཟླ་བྲལ་ཞིང་དྲན་ལན་འཁོར་ཐབས་བྲལ་བའི། ཁོ་བོའི་དགེ་བའི་བཤེས་གཉེན་དྲན་པའི་གདུང་དབྱངས་ཤིག་ ༢༠༢༡/༡༢/༡༦ རེས་གཟའ་ཕུར་བུ། འཕྲོད་སྦྱོར་ཟབ་པའི་ཉིན་བྲིས་པ་དེའང་སརྦ་མངྒ་ལཾ།།
རྩོམ་པ་པོའི་ངོ་དེབ་ལས་བཤུས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།