རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 14 December 2021

བབས་གསེད།

གློ་བོ་ལྷུན་གྲུབ། བལ་ཡུལ།

དེ་རིང་ཁྱོད་ལ་བཤད་པའི་གནས་ཚུལ་རྣམས།།
སང་ཉིན་སུ་ཡི་ཆེད་དུ་སྒྲུང་རིང་ཞིག།
དེ་རིང་ང་ཡི་སེམས་པ་ཟད་པོ་དེ།།
སང་ཉིན་ནམ་མཁའི་ངོས་ཀྱི་རི་མོ་ཞིག།

དེ་རིང་ཆང་གིས་བཟི་བའི་ཉོག་བཤད་དག།
བསམ་བློ་ཞིབ་ཏུ་བཏང་ན་སྙིང་གཏམ་ཞིག།
རེ་བས་རེ་བར་འཇལ་བའི་བུ་ལོན་དག།
སང་ཉིན་སང་ཉིན་ཟེར་ནས་ལོ་ཟླ་ཟད།།

ལོ་ཡི་རི་མོས་ཡར་ལ་དེད་པ་ན།།
སེམས་ཀྱི་སྤོབས་པ་མར་ལ་ཆག་པ་ཡང་།།
དེ་རིང་ཁ་སང་ཤེས་པའི་ཤེས་བྱ་ཞིག།
ཡང་བསྐྱར་རྗེས་ལོར་ཅི་ཞིག་ཡིན་སྲིད་དམ།།

སྐྱིད་ཀྱི་གངས་ལ་ཡན་པའི་ཡུ་མོ་ང་།།
སྡུག་གི་རྒྱ་མཚོ་ངོགས་ནས་ངུ་ངག་མཆེད།།
ངུ་སྐད་བཞན་གྱི་གོ་བར་དོགས་པ་ན།།
ནགས་ཀྱི་དབུས་སུ་བྱོལ་བ་ང་རེ་བདེན།།

༡༡/༡༢/༢༠༢༡ གློ་བོ་ལྷུན་གྲུབ།

རྩོམ་པ་པོའི་ངོ་དེབ་ལས་བཤུས།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།