རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Sunday, 30 January 2022

སེམས་པ་དགུན་གྱི་རླུང་བུ་ཪེད་ཤག

བསྟན་འཛིན་ཆོས་འཕེལ། རྣམ་གྲོལ་གླིང་།


ཤུགས་ཀྱིས་ལྡང་བའི་དགུན་ལྷགས་འདིས།།
སྟོན་ལོ་སེར་པོ་འབྲུལ་སྟངས་ལས།།
ཙག་གིས་བྱིད་པའི་སྙིང་ཆུང་ཡང་།།
རྒྱང་ལ་འབྱེར་འདོད་ཚུགས་ཀ་རང་།།

སྨྲ་བ་མེད་པའི་ད་ཞག་ལ།།
སྟོང་ཁམས་རིང་མོའི་ཁུགས་སོ་ན།།
དབུགས་ཀྱི་རྒྱུ་བའི་ཕལ་ཀ་ཡང་།།
མཚམས་ཚིགས་མེད་པའི་ལྷགས་རླུང་འདྲ།།

གོམ་ཁ་དོར་བའི་སྔ་རྟིང་དུ།།
རྡུལ་དུ་འཐག་པའི་སྐྱི་བསེར་འདིས།།
སྒལ་རུས་གཟེར་དུ་འཇུག་པ་ཡང་།།
སྡུག་གི་མགོ་བོ་འཕར་མ་ཞིག །

༢༠༢༢/༠༡/༢༨ ཉིན་སོར་མོས་འདུ་བྱས་སོ།།

No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།