རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Tuesday, 9 August 2022

བལ་ཡུལ་རྒྱལ་གླུ། [བོད་འགྱུར་མ།]

རྩོམ་པ་པོ། པྲ་དཱིཔ°ཀུ་མཱར°རཱའི།
སྒྱུར་བ་པོ། སློབ་སྤྲུལ་འཆི་མེད་ཚེ་དབང་།


सयौं थूंगा फूलका हामी, एउटै माला नेपाली
མཛེས་པའི་མེ་ཏོག་ཕྲེང་བ་དང་མཚུངས་རང་ཅག་ཐམས་ཅད་བལ་པོ་སྟེ།།

सार्वभौम भइ फैलिएका, मेची-महाकाली।
མངའ་ཁོངས་ས་ཁྱོན་མེ་ཅཱི་ནས་བཟུང་ནུབ་ཕྱོགས་མ་ཧཱ་ཀཱ་ལིའི་བར།།

प्रकृतिका कोटी-कोटी सम्पदाको आंचल
གྲངས་མེད་རང་བྱུང་ཁོར་ཡུག་མཛེས་ཤིང་ཤུལ་བཞག་རིག་གནས་ཕུན་ཚོགས་ཅན།།

वीरहरूका रगतले, स्वतन्त्र र अटल।
ཞུམ་མེད་དཔའ་བོའི་ཟུངས་ཁྲག་དྲོན་མོས་ནམ་ཡང་རང་བཙན་གཙང་མར་གནས།།

ज्ञानभूमि, शान्तिभूमि तराई, पहाड, हिमाल
ཞི་བའི་བསྟི་གནས་ཤེས་རིག་འབྱུང་ཁུངས་རྒྱ་ཐང་རི་ཁྲོད་གངས་ལྗོངས་གསུམ།།

अखण्ड यो प्यारो हाम्रो मातृभूमि नेपाल।
འབྲལ་ཐབས་མེད་པར་སྙིང་ནས་བརྩེ་བའི་ང་ཚོའི་ཕ་ཁྱིམ་བལ་ཡུལ་ཏེ།།

बहुल जाति, भाषा, धर्म, संस्कृति छन् विशाल
སྣ་མང་རིགས་རུས་ཆོས་དང་སྐད་ཡིག་ཡུལ་སྲོལ་དུ་མས་ཕྱུག་པ་འདི།།

अग्रगामी राष्ट्र हाम्रो, जय जय नेपाल।
མདུན་སྐྱོད་གོམ་ཁ་ལྷོད་པ་མེད་པར་ཀུན་ནས་ཀུན་ཏུ་རྒྱལ་གྱུར་ཅིག།

    ཅེས་པ་འདིའང་ཐ་ཀཱ་ལཱིའི་ཨཱཙཱརྱ་མི་འགྱུར་རྡོ་རྗེ་མཆོག་དང་། ཤར་པའི་ཨཱ་ཙཱརྱ་ཟླ་བ་བསྟན་པ་གཉིས་ཀྱི་དྲུང་ནས་བསྒྱུར་ཅིང་ཞུས་སོ། །


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།