ཤེས་རབ་རྒྱལ་མཚན། སྔ་འགྱུར་མཐོ་སློབ་ཆེན་མོ།
5:00 🕓🔔
ཏིང་ཏིང་ཏིང་.........
ཏིང་ཏིང་གི་སྒྲ།
དབྱུག་པ་ཡི་ཁྲོག་སྒྲ།
སྒྲ་འདི་ཚོ་རྨོངས་པའི་གཉིད་ལས་དཀྲོག་པའི་སྒྲ།
སྒྲ་འདི་ཚོ་ཤེས་རབ་ཀྱི་འོད་སྣང་སྩོལ་བའི་སྒྲ།
ཏིང་ཏིང་ཏིང་.........
ཁྲོག་ཁྲོག་ཁྲོག་.........
སྒྲ་འདི་ཚོ་ལེ་ལོའི་གཡུལ་ལས་རྒྱལ་བའི་སྒྲ།
སྒྲ་འདི་ཚོ་བརྩོན་འགྲུས་ཀྱི་སྒོ་མོ་འབྱེད་པའི་སྒྲ།
ཏིང་ཏིང་ཏིང་.........
ཁྲོག་ཁྲོག་ཁྲོག་.........
སྒྲ་འདི་ཚོ་དགེ་བའི་བཤེས་གཉེན་རྣམ་པའི་ལྷག་བསམ་གྱི་སྒྲ།
སྒྲ་འདི་ཚོ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སྒྲ།
སྒྲ་འདི་ཚོ་གྲུབ་དབང་བླ་མའི་ཐུགས་དགོངས་རྫོགས་པའི་སྒྲ།
5:00 🕓🔔
ཏིང་ཏིང་ཏིང་.........
ཁྲོག་ཁྲོག་ཁྲོག་.........
༢༥/༡༡/༢༠༢༣
═══ ❀✿❀ ═══
༈ གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག་སྔ་འགྱུར་མཐོ་སློབ་ཆེན་མོའི་སློབ་གཉེར་བ་རྣམས་ཉིན་འཁོར་མོ་གཅིག་གི་རིང་ཐོས་བསམ་སློབ་གཉེར་གནང་སྟངས།

No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།