རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Monday, 28 December 2020

འཇིགས་བྱེད་ནག་མོ་ཁྲག་འཛག་མའི་མངོན་རྟོགས།

རྩོམ་པ་པོ། དོལ་པོ་བླ་མ་ཤཱཀྱ་རྒྱལ་མཚན།
༈ རྟོགས་ན་ལྷན་སྐྱེས་གཤིས་ཀྱི་མ། །
མ་རྟོགས་བདག་འཛིན་རུ་ཏྲའི་རྒྱུ། །
འཆོལ་ན་མི་ཡང་ཟ་བར་བྱེད། །
དུག་གསུམ་འབར་འཇིགས་ཁྲོ་གཏུམ་མ། །

Saturday, 26 December 2020

བྱིས་པ་ལོ་བརྒྱད་ཅན་ཞིག་གིས་བལ་ཡུལ་གྱི་གནམ་ས་བསྒུལ་བ།

སྒྱུར་བ་པོ། དོལ་ཚེ་དགའ།
གླེང་གཞི།
ཉེ་ཆར་སྤྱི་ཟླ་འདིའི་ཚེས་ ༤ ཉིན་མོར་བལ་ཡུལ་གྱི་གསར་འགོད་པ་གྲགས་ཅན་བྷཱ་གྱ་ནེའུ་པཱ་ནེ་ལགས་ཀྱིས་རང་གི་གསར་འགྱུར་བརྙན་འཕྲིན་བརྒྱུད་ལམ་དུ་པྲེན་སཱ་རེག་མཱི་ཞེས་པའི་བུ་མོ་ལོ་བརྒྱད་ཅན་ཞིག་ངོ་སྤྲོད་དང་འབྲེལ་བཅར་འདྲི་བྱས་ཡོད་པ་ཞིག་ངོ་དེབ་ཐོག་ཁྱབ་བསྒྲགས་འགྲོ་བཞིན་འདུག རྒྱུ་མཚན་ནི་བུ་མོ་དེ་ད་ཆ་ཏོག་དབྱིབས་ནད་ཡམས་ཀྱི་གཉེན་འཕྲང་འདི་ལྟ་བུའི་དུས་སུའང་། རང་ཉིད་གཅིག་པུས་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་བཞིན་པས་རེད། དེ་ཡང་མོ་རང་གི་ཕ་མས་ལེགས་སྐྱེས་དོད་དུ་གནང་བའི་སྒོར་མོས་འགྲོ་གྲོན་བཏང་སྟེ། གཙོ་བོ་མོ་རང་རང་གིས་ཞབས་ཞུ་སྒྲུབ་བཞིན་པ་དང་། མོ་རང་གི་གཅེན་པོས་མོའི་ལས་འགུལ་རྣམས་བརྙན་ལེན་སྒྲིག་སྦྱོར་བྱས་ནས་ཡུ་ཊུབ་བརྒྱུད་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད།  གསར་འགོད་པ་གྲགས་ཅན་བྷཱ་གྱ་ནེའུ་པཱ་ནེ་ལགས་ཀྱིས་ཁོང་མོར་བཅར་འདྲི་བྱེད་སྐབས་ཀྱི་མཐའ་མར། ཁོང་མོའི་བྱས་རྗེས་ལ་ཡི་རང་དང་ཞལ་འདེབས་མཚོན་བྱེད་བལ་སྒོར་སྔ་སྟོང་ཐམ་པ་འབུལ་ལམ་ཞུས་ཀྱང་། ཁོང་གིས་ʺང་རང་གི་ལས་འགན་དེ་ང་རང་རང་ནས་གཙང་དག་ཁུར་གྱི་ཡིན་ʺཟེར་ནས་དང་ལེན་གཏན་ནས་གནང་མེད་པ་རེད། དེ་ལྟར་རིམ་བཞིན་ཕྱིས་སུ་བལ་ཡུལ་ཁྱོན་ཡོངས་ལ་མོའི་སྐད་གྲགས་ཆོད་དུས། གསར་འགྱུར་བརྒྱུད་ལམ་ཁག་དུ་མར་མོ་ལ་བཅར་འདྲི་བྱེད་པ་སོགས་བྱུང་ཡོད། གཤམ་འདིར་ངོས་ནས་«ཁ་བར་བུལླེཊིན་ཊི་ཝི་»ཞེས་པའི་ཡུ་ཊུབ་བརྒྱུད་ལམ་ནང་ཁོང་མོས་གསུངས་པའི་གཏམ་བཤད་རྣམས་གོ་བདེ་པོའི་ཐོག་ནས་ཐད་བསྒྱུར་བྱས་ཡོད་པས། ལྷན་རྒྱས་སྤྱི་དང་ཁྱད་པར་གཞོན་སྐྱེས་ཚོར་དགའ་པོ་ཡོང་བ་དང་སེམས་ལ་ཚོར་སྣང་མི་འདྲ་བ་རེ་བྱིན་ཐུབ་པའི་རེ་བ་ཞུ།

Thursday, 24 December 2020

ང་ཡིས་གཅེས་པའི་རྟ་མང་གི་ན་གཞོན་ཚོ།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།
རི་བོ་ཧི་མ་ལ་ཡ་གནམ་ལ་ཟུག།
གཡས་གཡོན་རྒྱབ་མདུན་ཚང་མ་སྤུན་ཟླས་གང་།།
ས་རོང་རི་རོང་འདི་ཡི་གདུག་རྩུབ་ཀྱིས།།
ངེད་ཅག་རིགས་གཅིག་སྤུན་ཟླའི་འབྲེལ་ལམ་བཅད།།

Monday, 21 December 2020

ཨ་ཅེ་མཚོ་བྱུང་མ།

རྩོམ་པ་པོ། དོལ་པོ་སྤྲུལ་སྐུ་འཆི་མེད་ཚེ་དབང་།
ན་མོ་ཌཱ་ཀི་ས་ར་སྭ་ཏི་ཡེ།
བརྟན་གཡོའི་སྒྲ་དབྱངས་རྒྱ་མཚོའི་ཉིང་ཁུ་རྣམས།།
གཅིག་འདུས་མཚན་དཔེ་ལང་ཚོའི་དཔལ་འབར་བ།
མཛེས་པ་མཛེས་པའི་མཐར་ཐུག་དབྱངས་ཅན་མ།།
ཁོ་བོའི་མགྲིན་པའི་རྒྱན་དུ་རོལ་ཅིག་ཀྱེ།།

Sunday, 20 December 2020

༈ འཁོར་འདས་གཞི་ལ་དག་ཐུབ་ངེས་ཀྱི་བཟློག་པ་བཞུགས་སོ།།

རྩོམ་པ་པོ། དོལ་པོ་བླ་མ་ཤཱཀྱ་རིན་པོ་ཆེ།
༄༅། །ལྟ་བས་ནམ་ཡང་བཟློག་ཐབས་བྲལ། །ལྟ་མེད་བཟློག་པ་བཤད་ཀྱིས་ཉོན། །གཞི་སྣང་ལྷུན་གྲུབ་རྫོགས་པ་ཆེ། །དབྱིངས་རིག་འདུ་འབྲལ་མེད་པའི་ངང་། །ཀྱེ་མེད་རིག་སྟོང་རྗེན་པ་ལ། །འགག་མེད་རོལ་པའི་རྩལ་དུ་ཤར་། །རྩལ་ལས་རྩལ་སྣང་ཕྲ་འཛིན་བཞུགས། །བག་ཆགས་རིམས་ཀྱིས་བརྟས་པའི་མཐུས། །རྫོགས་པ་ཆེ་ལ་ངོ་ལོག་བྱུང་། །འདི་ཉིད་བཟློག་པའི་ནུས་པ་ནི། །རྣལ་འབྱོར་གཞན་ལ་ཡོད་མ་ཡིན། །འཇིགས་བྱེད་ཤཱཀྱ་ཧེ་རུ་ཀ །འདས་པའི་དུས་ནས་སྔོན་བྱུང་བའི། །དུས་གསུམ་ཤེས་བྱ་འཛིན་མཐའ་བྲལ། །འདི་ཡིས་མི་བཟློག་གང་ཡང་མེད། །རང་སར་ལོག་ཕྱིར་གཏོར་བཟློག་བྱ། །དབྱིངས་སྣོད་རིག་པའི་གཏོར་ཟོར་འདི། །རོལ་པའི་རྩལ་ཤུགས་འདིར་སྐྱེད་ནས། །ཡ་མེད་རྣལ་འབྱོར་ནང་བཟློག་བྱ། །བཟློག་རྒྱུར་ཕལ་ཆེར་ཕྱིར་བཟློག་ཏེ། །འདི་ནི་ནང་བཟློག་ཁོ་ན་འོ།།

འཛམ་གླིང་ཞི་བདེར་སྨན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།

དིལླཱི་བོད་ཁང་ནས་གཉེར་བའི་«༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བཀའ་དྲིན་རྗེས་དྲན་གྱི་ལོ་»ཞེས་འདི་ལོར་སྲུང་བརྩི་ཞུ་རྒྱུའི་ཆེད། རྒྱལ་ཡོངས་བཙན་བྱོལ་བོད་པའི་སློབ་གྲྭ་ཡོངས་ནས་«འཛམ་གླིང་ཞི་བདེར་སྨན་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་»ཅེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་འགྲན་སྡུར་ཁྲོད་རྩེ་ཕུད་ཨང་དང་པོར་སོན་པའི་རྩོམ་ཡིག 

 
རྩོམ་པ་པོ། དོལ་པོ་ཉི་བསམ་མམ་ངག་དབང་བསམ་གྲུབ། (སེར་བྱེས་སློབ་གྲྭ།)
འགྲོ་བ་ཡོངས་ལ་བུ་གཅིག་ལྟར་དགོངས་པའི།།
འགྲོ་བའི་མུན་སེལ་བྱམས་བརྩེའི་བདག་ཉིད་ཅན།།
འགྲོ་ལ་འཚེ་མེད་ཞི་བདེ་ལེགས་སྩོལ་བའི།།
འགྲོ་བའི་མགོན་པོ་༸རྒྱལ་མཆོག་བཅུ་བཞིར་འདུད།།

བརྡ་ཆད་གཙོ་བོ། ཆོས་ལུགས་ལ་མ་བརྟེན་པ། བཟང་སྤྱོད།

Saturday, 19 December 2020

རིགས་གསུམ་མགོན་པོ།

རྩོམ་པ་པོ། ནུབ་རི་བ་མི་ཕམ་རྣམ་རྒྱལ། (སྔ་འགྱུར་མཐོ་སློབ་ཆེན་མོ།)
༈ ཉི་གཞོན་ལང་ཚོ་གངས་རིའི་འདབས་སུ་བཞད།།
ལ་ལུང་མང་བརྒལ་འཕགས་ཡུལ་ཞིང་དུ་ཕེབས།།
མདོ་སྔགས་ཀུན་ལ་ཐོས་བསམ་ཕ་མཐར་གསོན།།
སྔ་འགྱུར་བསྟན་ལ་སྲོག་གི་ཀ་ཆེན་གསུམ།།