ཚོགས་དྲུག་སྣང་བ་དྲི་ཟའི་གྲོང་ཁྱེར་ནང་།།
བདེན་འཛིན་སྨིག་རྒྱུའི་སྐོམ་ལ་སྲེད་པ་བདག།
ཡུད་ཙམ་རིང་གི་འཆར་ཡན་མིག་འཁྲུལ་དེས།།
འབྱུང་རྔུབ་རྒྱུན་འདི་བསླུས་པར་ངལ་བ་སྐྱེས།།
ཇི་ལྟར་རྨི་ལམ་ནང་གི་ཡིད་འོང་དངོས།།
སྐད་ཅིག་ཡུན་གནས་མེད་པར་རྗེས་མེད་འགྲོ།།
དེ་ལྟར་སད་པའི་སྐབས་ཀྱི་ཤེས་བྱ་ཀུན།།
སྒྱུ་མའི་འཁྲུལ་རྟོག་ཙམ་ཏེ་བརྟན་པ་མེད།།
མཚན་འཛིན་སྣང་པའི་སྒྱུ་མར་རྒྱ་ཡན་དུ།།
ཅ་ཅོ་བབ་ཅོལ་གྲགས་སྟོང་ཧད་ཀྱི་ཡལ།།
རྟོག་པའི་འཆིང་སྲོག་རང་གི་རང་བཅད་ཏེ།།
ཞི་ཉམས་རླབས་བྲལ་རྒྱ་མཚོར་ངལ་ཞིག་གསོ།།
སྲིད་ཐར་གྱིས།།
རླུང་དམར་ཁྲོད་ཀྱི་ཤོག་བུ་ལྟ་བུའི་ངང་།།
བདག་གི་རྣམ་ཤེས་གར་འགྲོ་འདིར་རྟོལ་མེད།།
འདས་སོང་ཤུལ་ནས་སྙིང་པོ་མ་ལོན་སྐབས།།
གདོས་བཅས་ལུས་འདི་སྐྱོང་པར་ངལ་བ་སྐྱེས།།
ཕར་བལྟས་ཚུར་ལ་སྣང་བའི་ཚོགས་དྲུག་ཡུལ།།
མེད་སྣང་སྒྱུ་མའི་ངོ་བོར་བདེན་ཟེར་ན།།
དེ་ཡི་ཀློང་དུ་འདྲེས་པར་བདག་རིངས་པས།།
ད་ལྟ་ཉིད་དུ་འཇིག་རྟེན་སྤངས་ན་བསམ།།
དཀར་པོ་འཚོལ་ནས།
སློབ་དཔོན་སྲིད་ཐར་དོལ་པོའི་ངོ་དེབ་དྲྭ་ངོས་ལས་བཤུས།
No comments:
Post a Comment
࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།
ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།