རྩོམ་ཡིག་ཀློག་པ་ནི་གནས་ལུགས་བདེན་རྫུན་གྱི་དབྱེ་ཤན་ཕྱེས་ཏེ་རང་ཉིད་ཀྱི་འཇིག་རྟེན་འཚོལ་བ་ཡིན།

Wednesday, 17 June 2020

སློབ་དཔོན་སྲིད་ཐར་དོལ་པོ་ལགས་ཀྱི་རི་མོ་དང་སྙན་རྩོམ།

༄།། བརྒྱུད་གསུམ་དམ་པའི་ཆུ་བོ་ཀུན་འདུས་པ།།

རང་རིག་ཆོས་སྐུར་སྤྲོད་པའི་ལམ་མཁན་མཆོག།
ཁྱབ་བདག་བདུད་འཇོམས་ཡེ་ཤེས་རྡོ་རྗེ་ལ།།
སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།”

ཅེས་པ་འདི་ནི་༧ སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གང་ཉིད་ནས་ཕྱག་བྲིས་ཐམ་ག་དང་བཅས་པ་བདག་གི་ཕ་རྒན་གྱི་བསྐུལ་ངོར་གནང་བ་མ་ཟད་གདུང་སྲས་ཕྲིན་ལས་ནོར་བུར་ལོགས་སུ་དཔེ་བཤུས་བྱས་ནས་ཞོག་ཅེས་གསུངས་པ་ཕྱིས་གསུང་འབུམ་དུའང་བཀོད་ཡོད། 15/06/2020


ཆོས་ཀུན་སྒྱུ་མའི་འདོད་འཇོར་རོལ་ཏུ་རྙེད།།

བློ་འདས་སྤྲོས་མེད་རབ་འབྱམས་འུབ་ཏུ་ཆུབ།།
གང་སྣང་རང་ཤར་ནོར་བུ་ཀརྨ་པ།།
རིག་པ་གནས་ལུགས་ཅེར་སྟོན་ཀྱེ་མ་མགོན།།

13/06/2020


རྒྱལ་བའི་དབང་པོ་སངས་རྒྱས་ཀརྨ་པ།།

དཀར་པོར་སྣང་དང་ནག་པོར་སྣང་བ་ཀུན།།
གང་འདུལ་ཆུ་ཟླའི་ཟློས་གར་ཉག་གཅིག་ལས།།
མོས་གུས་གདུང་བའི་ཡུལ་ལ་ཅི་ཡང་འཆར།།

08/05/2020


༄།། འོད་གསལ་ལྷ་ཡི་གདུང་ལས་མཚན་དཔེ་བཞད།།

ཡོངས་འཛིན་དམ་པ་མང་པོའི་ཞབས་ལ་གཏུགས།།
མདོ་སྔགས་གཞུང་ལུགས་རྒྱ་མཚོར་ཐུགས་བྱན་ཆུབ།།
བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཐུགས་འགན་བཞེས།།

རིས་མེད་གདུལ་བྱ་སྨིན་གྲོལ་ལམ་ལ་བཀོད།།

ཕུར་བ་ཀྱེ་རྡོར་བདེ་མཆོག་ཀུན་རིག་སོགས།།
ཐུགས་ཉམས་བཞེས་པའི་རྣལ་འབྱོར་གོས་དཀར་ཅན།།
༧ས་སྐྱ་གོང་མ་ངག་དབང་ཀུན་དགར་འདུད།། 

12/06/2019


བཅུ་ཕྲག་རིག་པའི་གནས་ལ་མངའ་དབང་འབྱོར།།

སྐུ་ཚེ་ཧྲིལ་པོར་རིམ་གཉིས་གྲུབ་པ་བརྙེས།།
གཞན་དོན་གདུལ་བྱའི་འཁོར་ཚོགས་ཕྱོགས་མེད་བསྐྱངས།།
ང་ཡི་ཡབ་ཆེན་བཀའ་དྲིན་ཕ་མཐའ་བྲལ།།

17/06/2019


༄།། བསླབ་གསུམ་སྡེ་སྣོད་འཛིན་ལ་ཐུགས་སྒམ་པ།།

སྐུ་མདོག་སྨུག་ནག་དྲག་པོ་ཁྲོས་པའི་ཚུལ།།
བདག་གི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན།།
དགེ་སློང་ཟླ་བ་བསྟན་འཛིན་ཕྱག་གིས་བསྟོད།།

11/06/2020


རྫུ་འཕྲུལ་མངའ་བརྙེས་འོད་མཚན་གླུ་རུ་ལེན།།

ལས་འབྲས་གནད་ལ་དྲང་རྒྱབ་བདེན་ལངས་གནང་།།
མ་ངེས་སྤྱོད་པས་སྨྱོ་བའི་གར་ལ་རྩེན།།
གྲུབ་ཆེན་དམ་པ་ཅི་ཀུང་ཧྲུལ་པོར་བསྟོད།།

13/06/2020


[ཕ་ཡུལ་དོལ་པོའི་གཅན་གཟན་གསའ།]

གནའ་སྔ་མོ་ལུག་རྫི་ཡིན་པའི་དུས།།

གསའ་སེར་པོ་བརྡོལ་བ་ཉུང་ཉུང་མིན།།
མིག་ཕྲ་ལོག་བལྟ་བཞིན་དལ་འགྲོས་དེས།།
བྱིས་རྫི་བོ་བླ་འཁྱེར་བཟོས་རབས་ཡོད།།

31/05/2020


ཡོངས་ཁུངས། གང་ཉིད་ཀྱི་ངོ་དེབ་དྲྭ་བ་ལས་བཤུས།


No comments:

Post a Comment

࿐ ལྷན་རྒྱས་ནས་འདི་ག་ངེད་དྲྭ་བའི་རྩོམ་ཡིག་ལ་མགུ་མཆན་དང་དཔྱད་མཆན་སོགས་འདེབས་ཆོག་ལ། མཐའ་ན་དགག་ལན་ཡང་གནང་ཆོག་པས་དེ་དག་ལ་ང་ཚོས་ཅིས་ཀྱང་དགའ་བསུ་ཞུ་བཞིན་ཡོད། ཡིན་ན་ཡང་གང་ཟག་སྒེར་པ་ལ་དམོད་ཚིག་བོར་བ་ལ་སོགས་པ་དང་མི་རིགས་པའི་གནས་ཚུལ་བཀོད་པ་ལ་སོགས་པ་བྱུང་ན། དེ་རིགས་ལ་ངེད་དྲྭ་བས་ངོས་ལེན་གཏན་ནས་ཞུ་ཐབས་བྲལ་བས་ཁྱེད་ཀྱི་མཆན་དེ་རིགས་འགོག་ཐབས་བྱེད་སྲིད།

ཁྱེད་ཀྱིས་མཆན་འདེབས་གནང་བའི་ཚེ། སོ་སོའི་མཚན་དང་། གང་འདེབས་རྒྱུའི་མཆན་རྣམས་ཡིན་ཅིག་བོད་ཡིག་ཐོག་བཀོལ་སྤྱོད་གནང་རོགས་ཞུ་རྒྱུ་དང་། དུས་རྒྱུན་དུ་ཁྱེད་རང་གི་མཚན་དང་གློག་འཕྲིན་ཁ་བྱང་རྣམས་གཅིག་གྱུར་ངང་བེད་སྤྱད་པ་ལ། ཁྱེད་ཀྱི་མཆན་བུ་དང་པོ་དེར་ལེགས་པར་བཀོད་ཡོད་ན། མཆན་བུ་རྗེས་མ་རྣམས་ལ་བསྐྱར་དུ་འབྲི་མི་དགོས་པར་རང་བཞིན་གྱིས་དྲྭ་བར་འཁོད་འགྲོ་བ་ཡིན་པས། དེ་དོན་དགོངས་འཇགས་གནང་རོགས་ཞུ། བཀའ་དྲིན་ཆེ།